གཉིས་བདུན་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཉིས་བདུན་ཆུས།
གཉིས་བདུན་ཆུས་ནི་ཧོ་ནན་ཞིང་ཆེན་ཀྲེན་ཀྲོའུ་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་ཞིག་ཡིན་ཞིང་། སྤྱི་ལོ1923ལོའི་ཟླ2པའི་ཚེས7ཉིན་ཅིན་ཧན་ལྕགས་ལམ་ལས་མཚམས་འཇོག་པའི་ལས་འགུལ་ལ་དྲན་གསོ་བྱེད་ཆེད་མིང་དེ་ལྟར་བཏགས་པ་དང་། ཀྲེང་ཀྲོའུ་གྲོང་ཁྱེར་ལྟེ་གནས་ཀྱི་ལྷོ་ནུབ་ཏུ་གནས་པ་དང་། ཤར་དུ་ཀོན་ཁྲེང་ཁུལ་དང་ནུབ་ཏུ་ཀྲུང་ཡོན་ཁུལ་དང་དབྱི་དབྱང་གྲོང་ཁྱེར་དང་འབྲེལ་ཡོད་ལ། ལྷོ་རུ་ཞིན་སྨི་གྲོང་ཁྱེར་དང་ཞིན་ཀྲེང་གྲོང་ཁྱེར། བྱང་དུ་ཅིན་ཧྲུའེ་ཆུས་བཅས་དང་འབྲེལ་ཡོད། སྤྱི་ལོ2017ལོའི་བར་གཉིས་བདུན་ཁུལ་གྱི་ཁོངས་གཏོགས་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ159ཟིན་པ་དང་དེའི་ཁོངས་སུ་ཁྲོམ་གཞུང17ཡོད་པ་དང་རྒྱུན་སྡོད་མི་འབོར་ཁྲི80.15ལྷག་ཡོད། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད་90.39%ཙམ་ཟིན་ཡོད། གཉིས་བདུན་ཆུས་ནི་ལོ་རྒྱུས་རིང་ཞིང་རིག་གནས་ཀྱི་རྨང་མཐུག་པོ་ཡོད། ཧན་རྒྱལ་རབས་ཀྱི་ཡུལ་མིའི་སྡོད་གནས་ཏེང་ཀུང་ཀྲའེ་དང་མིང་རྒྱལ་རབས་ཀྱི་ཀྲོའུ་ཞོན་ཝང་ལིན་སོགས་ལོ་རྒྱུས་ཀྱི་རྗེས་ཤུལ་མང་པོ་ཡོད། ཀྲེང་ཀྲོའུ་རྨོ་བོའི་ལྷ་ཁང་གི་གནའ་ཤུལ་གྱིས་ཀྲུང་ཧྭའི་ཤེས་རིགས་ཐོན་ཁུངས་ཀྱི་འཚོལ་ཞིབ་ལོ་ཁྲི3ནས5བར་སྔོན་ལ་བསྲིངས་བ་དང་། ཧྲང་རྒྱལ་རབས་ཀྱི་རྫ་དཀར་གྱིས་ཀྲུང་གོའི་དཀར་ཆས་བསྲེགས་ནས་ལོ1000ལྷག་ཙམ་སྔོན་ལ་བསྲིངས་ཡོད། གཤིན་རྗེའི་ཡུལ་གྱི་རྫ་དཀར་དང་ཀྲེང་ཧྲེང་དཀར་ཆས་སོགས་འཛམ་གླིང་གི་ཕྱོགས་སུ་བསྐྱོད་ཡོད། ལོ་བརྒྱའི་ཁྲོམ་གཞུང་རྙིང་པའི་ཀུན་སྤྱོད་ཅན་གྱི“ཚོང་ལས་རིག་གནས”ཀྱི་སྙིང་སྟོབས་ད་བར་རྒྱུན་འཛིན་བྱས་པ་དང་། གཉིས་བདུན་དྲན་གསོའི་མཆོད་རྟེན་དེ་ཧོ་ནན་ཞིང་ཆེན་གྱི་སྤྱི་ལེ་ཀླད་ཀོར་ཚེག་གི་མཚོན་རྟགས་སུ་གྱུར་པ་དང་ཀྲེང་ཀྲོའུ་སྔོན་གཤེགས་དཔའ་བོའི་བང་སོ་ཁང་སོགས་ཀྱིས་གསར་བརྗེའི་རིག་གནས་ཟབ་མོ་བཞག་ཡོད། གཉིས་བདུན་ཆུས་ཀྱི་འགྲིམ་འགྲུལ་སྟབས་བདེ་དང་འཕྲིན་གཏོང་མགྱོགས་མྱུར་བྱུང་ཡོད་ལ། ཅིན་ཀོང་། ལུང་ཧའེ་ལྕགས་ལམ་གྱི་འཕར་རྩ་ཆེན་པོ་གཉིས་འདྲེས་ཡོད་པ་དང་། དེར་ཀྲུང་གོའི་ལྕགས་ལམ་གྱི་སྲོག་རྩ་ཞེས་འབོད་སྲོལ་ཡོད་ལ། ལྗོངས་ནང་ཁུལ་དུ་རྒྱལ་ཡོངས་ལྕགས་ལམ་གྱི་ལྟེ་གནས་ཆེ་ཤོས་ཏེ་ཀྲེང་ཀྲོའུ་འབབ་ཚུགས་ཡིན། སྤྱི་ལོ2017ལོར་གཉིས་བདུན་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལ་སྒོར་དུང་ཕྱུར585.95ཟིན་ནས་མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར73520ཟིན་པ་དང་ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ0.0:17.3:82.7ཟིན་པ། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར446.08བཏང་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བྱས་གྲངས་བསྡོམས་འབོར་སྒོར་དུང་ཕྱུར471.00ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར38623ཟིན་པ། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར22558བཅས་ཟིན་ཡོད། སྤྱི་ལོ2018ལོའི་ཟླ10པར་སྤྱི་ལོ2018ལོའི་རྒྱལ་ཡོངས་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ཁུལ་བརྒྱ་དང་། རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཁུལ་བརྒྱ། རྒྱལ་ཡོངས་ཀྱི་ལྗང་མདོག་འཕེལ་རྒྱཁུལ་བརྒྱ་བཅས་སུ་བདམས་པ་རེད། རྒྱལ་ཁབ་ཀྱི་ཤེས་བྱའི་ཐོན་དབང་སྟོབས་ལྡན་རྫོང་གི་ལས་གཞིའི་ཚོད་ལྟའི་རྫོང་ཡིན། སྤྱི་ལོ2019ལོའི་ཟླ10པར་སྤྱི་ལོ2019ལོའི་རྒྱལ་ཡོངས་ཀྱི་ལྗང་མདོག་འཕེལ་རྒྱཁུལ་བརྒྱའི་གྲས་སུ་བདམས་པ་དང་། སྤྱི་ལོ2019ལོའི་རྒྱལ་ཡོངས་ཀྱི་མ་འཇོག་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ཆུས་བརྒྱའི་གྲས་སུ་བདམས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
二七区
ཁོངས་གཏོགས་ས་ཁུལ།
ཧོ་ནན་ཞིང་ཆེན་ཀྲེང་ཀྲོའུ་གྲོང་ཁྱེར།
མངའ་ཁོངས།
སྲང་ལམ17ཡོད།
སྲིད་གཞུང་གི་ས་གནས།
ཆབ་སྲིད་བགྲོད་ལམ་ཨང85པ།
ས་ཁོངས་ཁ་པར་ཨང་རྟགས།
0371
སྦྲག་སྲིད་ཨང་རྟགས།
450052
ས་གནས།
ཀྲེང་ཀྲོའུ་གྲོང་ཁྱེར་ལྟེ་གནས་གྱི་ལྷོ་ནུབ།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ159ཡོད།
མི་གྲངས།
མི་ཁྲི80.15ཡོད།(2017ལོར)
ནམ་ཟླའི་ཆ་རྐྱེན།
དྲོད་རྒྱུད་དུས་རླུང་ནམ་ཟླ།
GDP
སྒོར་དུང་ཕྱུར585.95ཡོད།(2017ལོར)
མི་རེའི་ཆ་སྙོམས་ཀྱིGDP
སྒོར73520ཡོད།(2017ལོར)
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1913ལོར(མིན་གོའི་སྲིད་ལོ2ལོར)ཀྲེང་ཀྲོའུ་རུ་ཀྲོའུ་མེད་པར་བཟོས་ནས་རྫོང་བཙུགས་པ་དང་། ཀྲེང་ཀྲོའུ་ལ་ཀྲེང་རྫོང་ཞེས་འབོད། ཀྲེང་རྫོང་གི་ཁོངས་གཏོགས་སུ་ཁྲེང་ཞང་དང་། རེན་ཧུ། ཡུང་ཁང་། རེན་ཆིན། ཞོན་ཕིན། ཁྲང་ལེ། ཏིང་ཨན་བཅཆུས7ཡོད་ཅིང་། དེའི་ནང་ཁྲེང་ཞང་ཆུས་ཀྱི་ཆ་ཤས་ཤིག་དང་། ཡུང་ཁང་ཆུས་ཀྱི་ས་གནས་ཕལ་ཆེ་བ། རེན་ཧུ་ཆུས་དང་རེན་ཆིན་ཆུས་ཀྱི་ཆ་ཤས་ཤིག་ཆུས་གཉིས་བདུན་ལ་གཏོགས་པ་རེད།

སྤྱི་ལོ1934ལོར(མིན་གོའི་སྲིད་ལོ23ལོར)ཀྲེང་རྫོང་གི་ཆུས7དེ་ཆུས4རུ་ཟླ་སྒྲིལ་བཏང་བ་སྟེ། ཆུས་དང་པོ་དང་། གཉིས་པ། གསུམ་པ། བཞི་པ་བཅས་ཡིན་པ་དང་། ཆུས་ཀྱི་ཁོངས་གཏོགས་སུ་མཉམ་འབྲེལ་འགན་སྲུང་ལམ་ལུགས་བཙུགས་ཡོད། ཆུས་འདི་ནི་ཆུས་དང་པོའི་ཆ་ཤས་ཤིག(ནུབ་ཕྱོགས་ཁྲོམ་ལམ་ཆེན་པོའི་ཆ་ཤས་ཤིག)དང་ཆུས་གཉིས་པའི་ས་གནས་ཕལ་ཆེ་བ་འདུས།

སྤྱི་ལོ1941ལོར(མིན་གོའི་སྲིད་ལོ30ལོར)ཆུས་མེད་པར་བཟོས་པ་ནས་གྲོང་བརྡལ་བཙུགས་པ་དང་། ཀྲེང་ཀྲོའུ་གྲོང་ཁྱེར་གྱིས་ཞང་དང་གྲོང་རྡལ14གསར་འཛུགས་བྱས་པ། གྲོང་ཁྱེར་ཉེ་འདབས་སུ་གྲོང་རྡལ4བཀོད་སྒྲིག་བྱས་པ། ཝེ་ཞིན་གྲོང་རྡལ་དང་། ཡུས་ཧྥེང་གྲོང་རྡལ། ཁྲང་ཁྲུན་གྲོང་རྡལ། ཏེ་ཧྭ་གྲོང་རྡལ་བཅས་ཡོད་པ་དང་། གྲོང་ཁྱེར་ཉེ་འདབས་སུ་ཞང10བཀོད་སྒྲིག་བྱས་ཡོད། ཁོངས་གཏོགས་ཆུས་ནི་ཆི་ལི་ཡན་ཞང་དང་ཁྲང་ཁྲུན་གྲོང་རྡལ། ཏེ་ཧྭ་གྲོང་རྡལ་བཅས་ཀྱི་ཕལ་ཆེ་བའི་ས་གནས་དང་ཡུས་ཧྥེང་གྲོང་རྡལ་གྱི་ཆ་ཤས་ཤིག་ཡིན་ཞིང་། ཁྱོན་སྲང་ལམ19ཡོད། ཀྲེང་ཀྲོའུ་བཅིངས་འགྲོལ་མ་བཏང་གོང་གྲོང་རྡལ4ནས་གྲོང་རྡལ3ལ་འགྱུར་ཡོད།

སྤྱི་ལོ1948ལོའི་ཟླ10པའི་ཚེས22ཉིན་ཀྲེན་ཀྲོའུ་བཅིངས་འགྲོལ་བཏང་ནས་ཏེ་ཧྭ་གྲོང་རྡལ་དང་། ཁྲང་ཁྲུན་གྲོང་རྡལ། ཡུས་ཧྥུང་གྲོང་རྡལ་བཅས་ཀྱི་རྨང་གཞིའི་ཐོག་གོ་མིན་ཏང་དུས་སྐབས་ཀྱི་འགན་ལེན19ཁྲོམ་གཞུང19ལ་བསྒྱུར། ལོ་དེའི་ཟླ10པའི་ཟླ་མཇུག་ཏུ་ཀྲེང་ཀྲོའུ་རུ་ཆུས་དང་པོ་དང་། གཉིས་པ། གསུམ་པ་བཙུགས་པ་དང་། ཁོངས་གཏོགཆུས་ནི་ཆུས་གཉིས་པ་ཡིན་པར་མ་ཟད། དོ་དམ་ཆུས5རུ་བགོས་ཤིང་། ཆུས་དུ་སྲང་ལམ་སྤྱི་གཉེར་ཁང་བཙུགས།

སྤྱི་ལོ1949ལོའི་ཟླ7པར། ཁྲོམ་གཞུང་སུའོ་མེད་པར་བཟོས་ནཆུས་ཀུང་སུའོ་རུ་བསྒྱུར། སྤྱི་ལོ1951ལོའི་ཟླ9པར་ཆུས་ཀུང་སུའོ་མེད་པར་བཟོས་ནཆུས་སྲིད་གཞུང་བཙུགས།

སྲང་ལམ། ཏེ་ཧྭ་སྲང་ལམ། ཏ་ཐུང་ལམ་བཅས་སྲང་ལམ་ལྔའི་སྲིད་གཞུང་བཙུགས། “གཉིས་བདུན”ལས་མཚམས་འཇོག་པར་དྲན་གསོ་བྱེད་ཆེད། སྤྱི་ལོ1955ལོར་ཆུས་གཉིས་པ་དེ་ཆུས་གཉིས་བདུན་དུ་བསྒྱུར།

སྤྱི་ལོ1958ལོར་གཉིས་བདུན་ཆུས་དེ་བདུན་གཅིག་མི་དམངས་ཀུང་ཧྲེར་བསྒྱུར།

སྤྱི་ལོ1959ལོར་བདུན་པའི་ཚེས་གཅིག་གི་མི་དམངས་ཀུང་ཧྲེ་དེ་གཉིས་བདུན་ཆུས་མི་དམངས་ཀུང་ཧྲེར་བསྒྱུར།

སྤྱི་ལོ1961ལོར་མི་དམངས་ཀུང་ཧྲེ་མི་དགོས་པར་བཟོས་པ་དང་། གཉིས་བདུན་ཆུས་མི་དམངས་ཨུ་ཡོན་ལྷན་ཁང་སླར་གསོ་བྱས།

སྤྱི་ལོ1966ལོར“རིག་གནས་གསར་བརྗེ་ཆེན་པོ”འགོ་བརྩམས།

སྤྱི་ལོ1968ལོར་ཆུས་གཉིས་པའི་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས།

སྤྱི་ལོ1980ལོར་གསར་བརྗེའི་ཨུ་ཡོན་ལྷན་ཁང་མི་དགོས་པར་བཟོས་ནས་གཉིས་བདུན་ཆུས་མི་དམངས་སྲིད་གཞུང་སླར་གསོ་བྱས་པ་དང་། དེའི་ཁོངས་སུ་སྲང་ལམ9དང་ཞང1(ལུང་ཧའེ་ཞང)ཡོད།

སྤྱི་ལོ1987ལོའི་ཟླ3པར། ཀྲེང་ཀྲོའུ་གྲོང་ཁྱེར་གྱི་ས་ཁོངས་ལེགས་སྒྲིག་བྱེད་སྐབས་ཅིན་ཧའེ་ཆུས་དང་གྲོང་ཁྱེར་ཉེ་འདབས་མེད་པར་བཟོས་པ་དང་། ཅིན་ཧའེ་ཆུས་ཀྱི་ཆི་ལི་ཡན་ཞང་དང་དེ་སྔའི་གྲོང་ཁྱེར་ཉེ་འདབས་ཀྱི་ལིའུ་ཧུའུ་ཅི་ཞང་དང་ཧོའུ་ཀྲའེ་ཞང་གཉིས་གཉིས་བདུན་ཆུས་ཀྱི་ཁོངས་སུ་བཅུག་ནཆུས་ཀྱིས་ཞང་གི་སྣེ་ཁྲིད་པའི་སྒྲིག་སྲོལ་ལག་བསྟར་བྱས།

སྤྱི་ལོ1997ལོར་ཧོའེ་ཧོ་ལྕགས་ལམ་གྱི་སྲང་ལམ་བཙུགས།

སྤྱི་ལོ1998ལོའི་ཟླ12པར། ལིའུ་ཧུའུ་ཞང་མ་ཀྲའེ་གྲོང་རྡལ་དུ་བསྒྱུར།

སྤྱི་ལོ2001ལོའི་ཟླ7པར་ལུང་ཧའེ་ཞང་མེད་པར་བཟོས།

སྤྱི་ལོ2006ལོའི་ཟླ10པར། ཆི་ལི་ཡན་ཞང་མེད་པར་བཟོས་ཏེ། འབྲི་ཆུའི་ལམ་དང་། ཧྲན་ཧྲན་ལམ། ཅིན་ཀོང་ལམ་བཅས་སྲང་ལམ་གསུམ་གསར་དུ་བཙུགས།

སྤྱི་ལོ2015ལོའི་ཟླ5པར་རེན་ཧུ་ལམ་ཁྲོམ་གཞུང་བཙུགས་ཡོད།

སྤྱི་ལོ2016ལོར་མ་ཀྲའེ་གྲོང་རྡལ་མེད་པ་བཟོས་ནས་མ་ཀྲའེ་ཁྲོམ་གཞུང་བཙུགས་པ་དང་། ཧོའུ་ཀྲའེ་ཤང་དུ་ཕྱིར་འཐེན་བྱས་ནས་ཧོའུ་ཀྲའེ་དང་གསེར་གྱི་ཆུ་ཁུངས་ཁྲོམ་གཞུང་བཙུགས་ཡོད།

2 སྲིད་འཛིན་ཆུས་ཀྱི་དབྱེ་མཚམས།

སྤྱི་ལོ2017ལོའི་ལོ་མཇུག་བར་གཉིས་བདུན་ཆུས་ཀྱི་ཁོངས་སུ་ཁྲོམ་གཞུང17ཡོད་པ་སྟེ། སློབ་ཆེན་ལམ་ཁྲོམ་གཞུང་དང་། ཝུའུ་ལི་པའོ་ཁྲོམ་གཞུང་། ཏེ་ཧྭ་ཁྲོམ་གཞུང་། བཅིངས་འགྲོལ་ལམ་ཁྲོམ་གཞུང་། མིང་ཀུང་ལམ་ཁྲོམ་གཞུང་། ལམ་གཅིག་ཁྲོམ་གཞུང་། སྦྲང་མ་ཀྲང་ཁྲོམ་གཞུང་། ཧྥུའུ་ཧྭ་ཁྲོམ་གཞུང་། ཀྲུང་ཅེ་ཁྲོམ་གཞུང་། ཧོའེ་ཧོ་ལམ་ཁྲོམ་གཞུང་། འབྲི་ཆུའི་ལམ་ཁྲོམ་གཞུང་། ཆི་ཧྲན་ལམ་ཁྲོམ་གཞུང་། ཅིང་ཀོང་ལམ་ཁྲོམ་གཞུང་། རེན་ཧོ་ལམ་ཁྲོམ་གཞུང་། མ་ཀྲའེ་ཁྲོམ་གཞུང་། ཧོའུ་ཀྲའེ་ཁྲོམ་གཞུང་། ཅིན་ཧྲུའེ་ཁྲོམ་གཞུང་བཅས་ཡོད་པ་རེད།

3 ས་ཁམས་ཁོར་ཡུག
3_1 ས་གནས།

གཉིས་བདུན་ཆུས་ཀྱི་ཁོངས་གཏོགཆུས་དེ་ཀྲེང་ཀྲོའུ་གྲོང་ཁྱེར་ལྟེ་གནས་ཀྱི་ལྷོ་ནུབ་རྒྱུད་དུ་གནས་པ་དང་། ཤར་ཕྱོགས་ཀྱི་གཞུང་ཐིག113℃30’ནས113℃41བར་དང་། བྱང་ཕྱོགས་ཀྱི་འཕྲེད་ཐིག34℃36ནས34℃46བར་ཡོད་པ། ཤར་ནི་ཀོན་ཁྲེང་ཆུས་ཀྱི་ས་མཚམས་དང་འབྲེལ་ཡོད་ལ། ནུབ་ནི་ཀྲུང་ཡོན་ཆུས་དང་དབྱིང་དབྱང་གྲོང་ཁྱེར་དང་འབྲེལ་ཡོད། ལྷོ་ནི་ཤིན་སྨི་གྲོང་ཁྱེར་དང་ཤིན་ཀྲེང་གྲོང་ཁྱེར་ལ་སྦྲེལ་ཡོད ། བྱང་ནི་ཅིན་ཧྲུའེ་ཆུས་དང་སྦྲེལ་ཡོད་པ་བཅས་རེད། ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ15.5དང་ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ18ཡོད། ཆ་སྙོམས་རྒྱ་མཚོའི་མཐོ་ཚད་ལ་སྨི193ཡོད།

3_2 ས་དབྱིབས།

གཉིས་བདུན་ཆུས་ཀྱི་ས་ཁོངས་ཆགས་ཚུལ་ནི་ལྷོ་ནུབ་ནས་བྱང་ཤར་དུ་ཕྱོགས་ཤིང་། གྲོང་གསེབ་ལ་རི་མ་ཐང་མང་པོ་ཡོད།

3_3 ཁོར་ཡུག་དང་ནམ་ཟླ།

གཉིས་བདུན་ཆུས་ནི་དྲོད་འཇམ་སྐམ་སའི་རང་བཞིན་གྱི་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། དྲོད་འཇམ་རླུང་ཚོམ་བརྗེ་རེས་ཡང་ཡང་བྱེད་པ་དང་། ལོ་རེར་ཆར་ཆུ་འབབ་ཚད་ཅུང་ཉུང་ལ། དཔྱིད་དུས་གྲང་ངར་ཆེ་བ་དང་། ཆར་བ་ཉུང་ལ་རླུང་མང་བ། དབྱར་ཁར་ཆར་ཆུ་མང་ཞིང་ཚ་བ་ཆེ་བ། སྟོན་དུས་བསིལ་ཞིང་འོད་ཕོག་ཚད་མང་བ། དགུན་དུས་སྐམ་ཞིང་གྲང་བ་དང་། རླུང་མང་ལ་ཁ་བ་ཉུང་བ། དུས་བཞི་ནི་ཤིན་ཏུ་གསལ། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད14.8℃ཡིན་པ་དང་། ལོ་རེར་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི983དང་། སད་མེད་པའི་དུས་ཡུན་ནི་ཉིན220ཡིན་པ། ལོ་ཧྲིལ་པོར་ཉི་འོད་ཕོག་ཚད་ནི་ཆུ་ཚོད2385ཙམ་ཡིན་པ་བཅས་རེད།

4 རང་བྱུང་ཐོན་ཁུངས།

གཉིས་བདུན་ཆུས་ཁོངས་གཏོགས་ཀྱི་ཅན་ཀང་ཆུ་མཛོད་ནི་ཀྲེང་ཀྲོའུ་གྲོང་ཁྱེར་གྱི་འཐུང་ཆུའི་གྲབས་གཤོམ་ཆུའི་ཁུངས་ཡིན། ཅ་ལུའུ་ཧོ་གཙང་པོ་དང་། ཅ་ཡུས་ཧོ་ཆུ་བོ། ཅིན་ཧྲུའེ་ཆུ་བོ། ཞུང་ཨེར་ཧོ་གཙང་པོ་སོགས་དུས་ཚིགས་རང་བཞིན་གྱི་ཆུ་བོ4རང་ཆུས་དུ་བཞུར་གྱིན་ཡོད། རྩད་ཆོད་བྱུང་བའི་གཏེར་རྫས་ཐོན་ཁུངས་ལ་གཙོ་བོ་རྡོ་སོལ་དང་། སྤྱིན་རྒྱུ་རང་བཞིན་གྱི་ས་དམར་དང་། ཧ་ཡང་གཏེར་ཁ། ས་འོག་ཚ་ནུས། དྲོད་ཚད་མཐོ་བའི་ནཱ་དམའ་བའི་གཏེར་ཆུ་སོགས་རིགས་བཅུ་ལྷག་ཡོད་པ་དང་། དེའི་ནང་ཀལ་དཀར་རྡོ་གསོག་ཚད་མང་བས། འཛུགས་སྐྲུན་རྒྱུ་ཆ་དང་རྫས་འགྱུར་བཟོ་ལས་འཕེལ་རྒྱས་གཏོང་བའི་རྒྱུ་ཆ་སྤུས་ལེགས་ཡིན།

5 མི་རིགས་དང་མི་གྲངས།

སྤྱི་ལོ2015ལོར་གཉིས་བདུན་ཆུས་ཀྱི་རྒྱུན་སྡོད་མི་འབོར781445དང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར696736ཡོད་པ་རེད། ལོ་ཧྲིལ་པོར་མི8372སྐྱེས་པ་དང་། མི3723རྐྱེན་ལམ་དུ་ཤོར་བ། མི་འབོར་སྐྱེ་ཚད10.82%ཟིན་པ་དང་། ཤི་ཚད4.81%ཟིན་པ། རང་ཤུགས་སུ་འཕར་ཚད6.01%ཟིན་པ་བཅས་རེད། སྤྱི་ལོ2015ལོར་གཉིས་བདུན་ཆུས་དུ་མི་རིགས46ཡོད་པའི་ནང་གྲངས་ཉུང་མི་རིགས45ཡོད།

6 དཔལ་འབྱོར་འཕེལ་རྒྱས།

སྤྱི་ལོ2017ལོར་གཉིས་བདུན་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར585.95ཟིན་ནས་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར73520ཟིན་པ་དང་ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ0.0:17.3:82.7ཟིན་པ། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར446.08བཏང་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བྱས་གྲངས་བསྡོམས་འབོར་སྒོར་དུང་ཕྱུར471.00ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར38623ཟིན་པ། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར22558ཟིན་ཡོད།

6_1 ཐོན་ལས་དང་པོ།

སྤྱི་ལོ2013ལོའི་ལོ་ཧྲིལ་པོར་ཞིང་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི15276ཟིན་པ་དེ་ལོ་གོང་མ་ལས0.5%འཕར་བ། ཞིང་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི7189ཟིན་ནས་སྔ་ལོ་ལས0.5%འཕར་ཡོད།           གཉིས་བདུན་ཆུས་དུ་འདེབས་འཛུགས་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི2897ཟིན་པ་དེ་ལོ་གོང་མ་ལས2.1%འཕར་ཡོད། འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན3055ཟིན་ནས29.5%ཆག་པ། དེའི་ནང་དབྱར་འབྲུ་ཏུན1607ཟིན་པ་དེ་ལོ་གོང་མ་ལས17.9%ཆག་པ་དང་། སྟོན་འབྲུ་ཏུན1448ཟིན་པ་དེ་སྔ་ལོ་ལས39.1%ཆག་ཡོད། སྔོ་ཚལ་ཐོན་ཚད་བསྡོམས་འབོར་ཏུན916ཟིན་པ་དེ་ལོ་གོང་མ་ལས52.4%ཆག་པ། ཤིང་ཏོག་ཐོན་ཚད་ཏུན11071ཟིན་པ་དེ་སྔ་ལོ་དང་མཉམ་པ་རེད། ནགས་ལས་ཀྱི་འཕར་ཐང་སྒོར་ཁྲི153ལེགས་གྲུབ་བྱུང་བ་དེ་སྔ་ལོ་ལས46.1%ཆག་ཡོད། ནགས་སྐྲུན་རྒྱ་ཁྱོན་སྤྱི་ཆིང10ལེགས་གྲུབ་བྱུང་བ་དང་། ནགས་ལས་མྱུག་གསོ་སྤྱི་ཆིང74ལེགས་གྲུབ་བྱུང་བ། ཤིང་འཛུགས་སྡོང་རྐང20000བཅས་ཡོད། འབྲོག་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི3785ལེགས་གྲུབ་བྱུང་བ་དེ་ལོ་གོང་མ་ལས10.2%ཆག་པ། ཉ་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི67ཟིན་ནས་སྔ་ལོ་ལས3.1%འཕར་ཡོད། ཞིང་ལས་དང་ནགས་ལས། འབྲོག་ལས་དང་ཉ་ལས་བཅས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་སྒོར་ཁྲི287ཟིན་པ་དེ་ལོ་སྔོན་མ་ལས2.4%ཆག་ཡོད། 

6_2 ཐོན་ལས་གཉིས་པ།

སྤྱི་ལོ2013ལོའི་ལོ་མཇུག་ཏུ་གཉིས་བདུན་ཆུས་ཀྱི་གཞི་ཁྱོན་ཆེ་བའི་བཟོ་ལས་ཁེ་ལས95ཡོད་པ་རེད།

བཟོ་ལས་ཡོངས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར46ཟིན་པ་དེ་ལོ་གོང་མ་ལས7.7%འཕར་ཡོད། དེའི་ནང་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར43ལེགས་གྲུབ་བྱུང་བ་དེ་ལོ་གོང་མ་ལས8.2%འཕར་བ་དང་། གཞི་ཁྱོན་མན་གྱི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར3ལེགས་གྲུབ་བྱུང་བ་དེ་ལོ་གོང་མ་ལས1.6%འཕར་ཡོད།             སྤྱི་ལོ2013ལོའི་ལོ་ཧྲིལ་པོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ལ་ཐོན་རྫས་ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར170བྱུང་བ་དང་། ཁེ་སྤོགས་དང་དཔྱ་ཁྲལ་བསྡོམས་འབོར་སྒོར་ཁྲི84187བྱུང་བ། ཁེ་སྤོགས་བསྡོམས་འབོར་སྒོར་ཁྲི57383ཟིན་པ། ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད95.9%ཟིན་པ་དེ་ལོ་གོང་མ་ལས1.1%ཆག་ཡོད། 

6_2_1 ཐོན་ལས་གསུམ་པ།

སྤྱི་ལོ2013ལོར་ཧྲིལ་པོར་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་མ་རྩ་ལེགས་གྲུབ་བྱུང།

ཐོན་སྐྱེད་ཐད་མ་དངུལ་སྒོར་དུང་ཕྱུར236བཏངབ་བ་དེ་ལོ་གོང་མ་ལས26.0%འཕར་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་ལ་མ་དངུལ་སྒོར་དུང་ཕྱུར236བཏང་བ་དེ་ལོ་གོང་མ་ལ་26.0%འཕར་བ་དང་། གྲོང་གསེབ་ཀྱིས་མ་དངུལ་སྒོར་ཁྲི3506བཏང་བ་དེ་ལོ་གོང་མ་ལས95.0%ཆག་ཡོད། གཏན་འཇགས་རྒྱུ་ནོར་གསར་དུ་ལས་འགོ་ཚུགས་པའི་རྣམ་གྲངས74ཡོད་པ་དེ་ལོ་གོང་མ་ལས45.0%འཕར་ཡོད།     སྤྱི་ལོ 2013ལོར་ས་ཁང་བདག་ཁོངས་གསར་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར205བཏང་བའི་ནང་སྡོད་ཁང་ཐད་མ་དངུལ་སྒོར་དུང་ཕྱུར129བཏང་ཡོད་པ་རེད། ཚོང་ཟོག་ཁང་པའི་ཨར་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི952ཟིན་པ་དེ་དུས་མཚུངས་ལས69.0%འཕར་བའི་ནང་སྡོད་ཁང་ཨར་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི647ཟིན་པ་དེ་དུས་མཚུངས་ལས72.0%འཕར་ཡོད། སྡོད་ཁང་གསར་དུ་ལས་འགོ་བཙུགས་པའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི160ཟིན་པ་དང་ཚོང་སྒྱུར་སྡོད་ཁང་ལས་མཇུག་འགྲིལ་བའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི96ཟིན་ཡོད། ཚོང་སྒྱུར་སྡོད་ཁང་ཕྱིར་ཚོང་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི130ཟིན་པ་དེ་དུས་མཚུངས་ལས51.2%འཕར་བ། ཕྱིར་ཚོང་དངུལ་འབོར་སྒོར་ཁྲི939182ཟིན་པ་དེ་དུས་མཚུངས་ལས31.3%འཕར་ཡོད། 

7 འགྲིམ་འགྲུལ་གནས་ཚུལ།

གཉིས་བདུན་ཆུས་ནི་ཀྲུང་ཡོན་ཆུས་ཀྱི་འགྲིམ་འགྲུལ་ལྟེ་གནས་ཡིན་ཞིང་། ཅིན་ཀོང་དང་ལུང་ཧའེ་བར་གྱི་ལྕགས་ལམ་གྱི་སྲོག་རྩ་ཆེན་པོ་གཉིས་དེ་གར་འདྲེས་ཡོད་པས། ཀྲུང་གོའི་ལྕགས་ལམ་གྱི“སྲོག”ཅེས་འབོད་སྲོལ་ཡོད། ཁོངས་གཏོགཆུས་དུ་རྒྱལ་ཡོངས་ཀྱི་ལྕགས་ལམ་ལྟེ་བའི་ས་ཚིགས་ཆེ་ཤོས་ཀྲེང་ཀྲོའུ་མེ་འཁོར་འབབ་ཚུགས་དང་། ཧོ་ནན་གྱི་རླངས་འཁོར་འགྲུལ་སྐྱེལ་ལྟེ་གནས་ཆེ་ཤོས་ཏེ་ཀྲེང་ཀྲོའུ་རླངས་འཁོར་འགྲུལ་སྐྱེལ་སྤྱི་ཁྱབ་ས་ཚིགས་དང་མེ་འཁོར་འབབ་ཚུགས་ཀྱི་ཐག་རིང་རླངས་འཁོར་འགྲུལ་སྐྱེལ་སོགས་ཡོད།

8 སྤྱི་ཚོགས་ལས་དོན།
8_1 རིག་གནས་ལས་དོན།

སྤྱི་ལོ2013ལོའི་ལོ་མཇུག་ཏུ་གཉིས་བདུན་ཆུས་ཀྱི་རིག་གནས་ཁང1དང་དཔེ་མཛོད་ཁང1  ཕྱོགས་བསྡུས་རིག་གནས་ས་ཚིགས3དང་། སྡེ་ཆུས་རིག་གནས་བྱེད་སྒོའི་ལྟེ་གནས10  ཞིང་དུད་དཔེ་ཁང13བཅས་བསྐྲུན་ཡོད། ལྗོངས་ཡོངས་ཀྱི་ཤང་གྲོང་ཕྱོགས་བསྡུས་རིག་གནས་ས་ཚིགས་དང་གྲོང་གསེབ་ཀྱི་རིག་གནས་ལུས་རྩལ་སྒོ་ར་ཆེ་མོ་ཁྱོན་ཡོངས་ལ་ཁྱབ་ཡོད། “སྤྲོ་སྣང་གཞི་རིམ་དུ་སྐོར་བསྐྱོད་འཁྲབ་སྟོན་དུ་སྐྱེལ་བ”དང“སྒྱུ་རྩལ་འགྲེམས་སྟོན”སོགས་མང་ཚོགས་རང་བཞིན་གྱི་རིག་རྩལ་བྱེད་སྒོ་ཐེངས26སྤེལ་བ། “གར་སྟེགས་སྒྱུ་རྩལ་གྲོང་གསེབ་དང་སྡེ་ཆུས་དུ་ཁྱབ་གདལ་གཏོང་བའི”བྱེད་སྒོ་ཐེངས21སྤེལ་བ། རོལ་དབྱངས་དང་མི་ཚེའི་འཆད་ཁྲིད་དང་། རོལ་དབྱངས་ཀྱི་བྱང་ཚད། ཞབས་བྲོ། པར་ལེན་སོགས་གསོ་སྦྱོང་འཛིན་གྲྭ་ཐེངས16གཉེར་བ་དང་། དཔེ་དེབ་ཁྲི2ལྷག་ཙམ་སྤྲད་པ། རིན་མི་དགོས་པར་གློག་བརྙན་ཐེངས360བསྟན་པ་བཅས་ཀྱིས་ཁོངས་གཏོགཆུས་ཀྱི་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་བསྐངས་ཡོད།

“སྤྱི་ལོ2012ལོའི་ཀྲེང་ཀྲོའུ་གྲོང་ཁྱེར་གྱི་དཔྱིད་དུས་ཀྱི་རབ་དགའི་མེ་ཏོག་ལ་ལྟ་སྐོར་དང་སྲེའུ་ལུང་ཤུར་སྐོར་བའི་བདེ་ཐང་རྐང་རྒྱུག་འགྲན་བསྡུར”དང་། “དཔྱིད་ཀའི་ཕུགས་འདུན་དོན་གཉེར—ཅིན་ཧྲུའེ་གཙང་པོའི་ཆུ་འགོ་འཚོལ་བའི་དྲག་སྐྱོད་འགྲན་བསྡུར”“སེའུ་འབྲུའི་དུས་ཆེན་སྐབས་དྲུག་པ”“རྒུན་འབྲུམ་རིག་གནས་དུས་ཆེན་སྐབས་བརྒྱད་པ”སོགས་ཀྱི་བྱེད་སྒོ་བདེ་བླག་ངང་སྤེལ་བ་རེད། ལོ་ཧྲིལ་པོར་ཡུལ་སྐོར་བ་མི་ཐེངས་ཁྲི408.5ལ་སྣེ་ལེན་བྱས་པ་དེ་ལོ་གོང་མ་ལས18.68%འཕར་བ། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར1.27བྱུང་བ་དེ་ལོ་གོང་མ་ལས27%འཕར་ཡོད།  

8_2 སློབ་གསོའི་བྱ་གཞག

སྤྱི་ལོ2013ལོར་གཉིས་བདུན་ཆུས་ཀྱི་མཐོ་རིམ་སློབ་འབྲིང་དཀྱུས་མར་སློབ་མ1116བསྡུས་པ་དང་། སློབ་མ832སློབ་གྲྭར་ཐོན་པ། ལོ་མཇུག་ཏུ་སློབ་གྲྭར་ཡོད་པའི་སློབ་མ2847ཟིན་པ། དམའ་རིམ་སློབ་འབྲིང་དཀྱུས་མར་སློབ་མ3153བསྡུས་པ་དང་། སློབ་གྲྭར་ཐོན་པའི་སློབ་མ2528དང་། ལོ་མཇུག་ཏུ་སློབ་གྲྭར་ཡོད་པའི་སློབ་མ8814ཡོད། སློབ་ཆུང་དུ་སློབ་མ8405བསྡུས་པ་དང་། སློབ་མ7579སློབ་གྲྭར་ཐོན་པ། ལོ་མཇུག་ཏུ་སློབ་གྲྭར་ཡོད་པའི་སློབ་མ47876ཡོད། བུ་བཅོལ་ཁང་གི་སློབ་ཞུགས་བྱིས་པ5721དང་། བུ་བཅོལ་ཁང་སློབ་བྲལ་བྱིས་པ4892   ལོ་མཇུག་ཏུ་བུ་བཅོལ་ཁང་དུ་བྱིས་པ19846བཅས་ཡོད་པ་རེད། ལྗོངས་ཡོངས་ཀྱི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%ཟིན་ཡོད།          ལུས་རྩལ་བྱ་གཞག      གཉིས་བདུན་ཆུས་ཀྱི་སློབ་གྲྭ་འབྲིང་ཆུང་གི་ཚད་ཐོན་ལུས་རྩལ་གྱི་ཚད95%ཟིན་ཡོད། སྤྱི་ལོ2012ལོར་ལྗོངས་ཡོངས་ཀྱི་ལུས་རྩལ་ལས་འགུལ་ལ་འཛམ་གླིང་རིམ་པའི་བྱ་དགའ62ཐོབ་པ་དང་། རྒྱལ་ཁབ་རིམ་པའི་བྱ་དགའ104དང་ཞིང་ཆེན་རིམ་པའི་བྱ་དགའ274ཐོབ་ཡོད།      འཕྲོད་བསྟེན་ལས་དོན།     སྤྱི་ལོ2013ལོའི་ལོ་མཇུག་ཏུ་གཉིས་བདུན་ཆུས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི269དང་། སྡེ་ཆུས་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས13   སྡེ་ཆུས་འཕྲོད་བསྟེན་ཞབས་ཞུའི་ས་ཚིགས24  ཚད་ལྡན་ཅན་གྱི་གྲོང་ཚོའི་འཕྲོད་བསྟེན་ཁང40བཅས་ཡོད་པ་རེད། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་མི་རེའི་ཆ་སྙོམས་མ་དངུལ་གྲབས་གསོག་ཚད་གཞི་མཐོ་རུ་བཏང་ནས་སྨན་ཁང་དུ་སྡོད་པའི་ཁ་གསབ་ཚད་གཞི་མཐོ་ཤོས་དེ་སྒོར་ཁྲི10ནས་སྒོར་ཁྲི15བར་མཐོ་རུ་བཏང་བ་དང་སྨན་བཅོས་ཚོགས་པའི་གྲོང་ཁྱེར144དང་གྲོང་གསེབ41བཙུགས་ནས་གྲོང་ཁྱེར་དང་གྲོང་གསེབ་ཏུ་སྨན་བཅོས་ཁྱབ་ཚད100%ཟིན་པ་དང་། རྒྱལ་ཁབ་ཀྱི་རིམས་འགོག་འཆར་འགོད་ཀྱི་རིམས་སོན་བསྟེན་ཚད98.4%ཟིན་པ། ཁོངས་གཏོགཆུས་ཀྱི་བུད་མེད་ལ“འབྲས་སྐྲན་གཉིས”ཀྱི་མི10112ལ་རིན་མེད་ངང་གྲལ་བཤེར་བྱས་པ། ལོ60ཡན་གྱི་དབང་པོ་སྐྱོན་ཅན1083ལ་རིན་མེད་ངང་གཟུགས་པོར་བརྟག་དཔྱད་བྱས་པ་རེད།      སྨན་བཅོས་སྒྲིག་གཞིའི་ཚད་འབེབས་རིམ་དབྱེའི་དོ་དམ་བྱེད་ཚད100%ཟིན་པ། ལྟ་སྐུལ་ཞིབ་བཤེར་ཁྱབ་ཚད100%ཟིན་ཡོད།      ཚན་རྩལ་བྱ་གཞག     སྤྱི་ལོ2013ལོར་རིམ་རྩིས་བྱས་ན་ཚན་རྩལ་རྣམ་གྲངས་གསུམ་གྱི་འགྲོ་གྲོན་སྒོར་ཁྲི3204བཏང་བ་དེ་ལོ་གོང་མ་ལས19.8%འཕར་ནས་རྣམ་གྲངས97ལ་རྒྱབ་སྐྱོར་བྱས་ཡོད། 

9 ཡུལ་སྐོར་མཛེས་ལྗོངས།    

སྤྱི་ལོ1957ལོར་བཙུགས་པ་དང་ས་གནས་ཕྱོགས་བསྡུས་རང་བཞིན་གྱི་རྟེན་རྫས་བཤམས་མཛོད་ཁང་ཡིན་པ་དང་དེ་སྔའི་གནས་ཡུལ་པི་ཧྲ་ཀང་སྤྱི་གླིང་དུ་ཡོད།      རྟེན་རྫས་བཤམས་སྟོན་ཁང་གསར་པ་དེ་སྤྱི་ལོ1997ལོའི་ཟླ12པའི་ཚེས18ཉིན་རྩིག་རྨང་བཏིང་བ་དང་སྤྱི་ལོ1999ལོའི་ཟླ12པའི་ཚེས28ཉིན་ལས་མཇུག་འགྲིལ་ནས་སྒོ་ཕྱེ་སྟེ་རྒྱ་ཁྱོན་ལ་མུའུ14.8ཟིན་པ་དང་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ14206ཟིན་ཡོད། འགྲེམས་ཁང་གཙོ་བོའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ8337ཟིན་ནས་མཐོ་ཚད་སྨི23.3ཟིན་པ་དང་ཁྱོན་མ་དངུལ་སྒོར་ཁྲི3000བཏང་ཡོད་པ་རེད། དེའི་འཛུགས་སྐྲུན་ནི་ཀྲེང་ཀྲོའུ་ནས་ཐོན་པའི་ཧྲང་རྒྱལ་རབས་ཀྱི་ཧྥང་ཏིང་ལི་ནི་བཟོ་དབྱིབས་ཀྱི་རྨང་གཞིར་བྱས་པ་དང་མི་རིགས་ཀྱི་རིག་གནས་དང་དུས་རབས་ཀྱི་སྙིང་སྟོབས་གཞི་གཅིག་ཏུ་འདྲེས་ནས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཡོད།             ཀྲེང་ཀྲོའུ་རྟེན་རྫས་བཤམས་སྟོན་ཁང་ནི་དེང་རབས་ཅན་གྱི་རྟེན་རྫས་བཤམས་སྟོན་ཁང་ཞིག་དང་། དེ་རིག་དངོས་ཉར་ཚགས་དང་། དྲིལ་བསྒྲགས་སློབ་གསོ། ཚན་རིག་ཞིབ་འཇུག་སོགས་ཀྱི་ནུས་པ་མང་པོ་གཞི་གཅིག་ཏུ་འདུས་པ་དང་། སྔོན་ཐོན་གྱི་གློག་ཀླད་དྲ་རྒྱའི་མ་ལག་དང་། སྨྱན་མང་གཟུགས་ཐུག་རེག་བརྙན་ཤེལ་མ་ལག  གྲངས་འཛིན་རྣམ་པའི་སྐད་གདངས་ཕྱོགས་སྟོན་མ་ལག  སྐད་མཐུན་ཡིག་སྒྱུར་གྱི་ནུས་མང་ཚོམས་ཆེན། རིམ་པ་མང་བའི་རིག་གཞུང་ཚོགས་འདུ་དང་སྐད་རིགས་མང་བའི་ལྟ་སྐོར་ཚོགས་པ་སྣེ་ལེན་བྱེད་ཐུབ། 

དྲང་སྲོང་བྲག་ཕུག་གི་མཛེས་ལྗོངས།       དྲང་སྲོང་བྲག་ཕུག་གི་མཛེས་ལྗོངས་གྲགས་ཅན་ཆུས་དེ་ཤིན་སྨི་གྲོང་ཁྱེར་ནུབ་བྱང་རྒྱུད་ཀྱི་མཐའ་མཚམས་ཆུས་དུ་གནས་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ12ཙམ་ཡོད། དེ་ནི་འཕྱོ་གཡེང་རི་བོའི་ཡུལ་སྐོར་མཛེས་ལྗོངཆུས་ཆེན་པོ་གསུམ་གྱི་གྲས་ཤིག་ཡིན་ཞིང་། ཞིང་ཆེན་རིམ་པའི་མཛེས་ལྗོངས་གྲགས་ཅན་ཆུས་དུ་གཏོགས། 

མཛེས་ལྗོངཆུས་དེ་ཀྲེང་ཀྲོའུ་དང་སྤྱི་ལེ60ཙམ་ཡོད་པ་དང་། བྱང་དུ་ཚུའེ་ཡུས་མཛེས་ལྗོངཆུས་བརྒྱུད་ཀྲེང་ལུའོ་གཞུང་ལམ་དང་སྦྲེལ་ཡོད་ལ། ལྷོ་རུ་ཀྲེང་ཧྲའོ་མྱུར་བགྲོད་གཞུང་ལམ་དང་སྦྲེལ་ཡོད། ཧོན་ཚུའེ་ཡུས་དང་གངས་མེ་ཏོག་བྲག་ཕུག་མཛེས་ལྗོངཆུས་གཉིས་ལ་ཕྱོགས་བཞི་མཚམས་བརྒྱད་ནས་གཞུང་ལམ་འགྲིམ་འགྲུལ་དྲ་བ་ཆགས་སྟེ་ཉིན་ལྟར་འགྲུལ་སྐྱེལ་རླངས་འཁོར་གཉིས་མཛེས་ལྗོངཆུས་དང་། ཤིན་སྨི་གྲོང་ཆུས་ནས་གཏོང་འགོ་ཚུགས་པ་དང་འགྲིམ་འགྲུལ་ཆ་རྐྱེན་ཧ་ཅང་སྟབས་བདེ་པོ་ཡོད།         འདྲེ་མོ་ལུང་པ།     “ཅི་ཧྲན”འདབས་སུ་རིང་ཚད་སྨི27ཡོད་པའི་བྲག་ཕུག་ཅིག་ཡོད་པ་དེ་ནི་མིང་རྒྱལ་རབས་ཀྱི་ཁྲེང་ཧྭ་རུ་ངལ་རྩོལ་མི་དམངས་ཀྱིས་དངུལ་གཏེར་སྔོག་འདོན་བྱེད་པའི་རྗེས་ཤུལ་ཞིག་རེད། ཤེས་ཡོན་པ་རྣམས་ཀྱིས“ཅི་ཧྲན”ལ་བརྩེ་སེམས་ངོ་མ་བཅངས་ཡོད།

ཁྱུང་ཆེན་གླིང་ཕྲན་གྱི་ཡུལ་སྐོར་མཛེས་ལྗོངས་ཆུས།      ཀྲེང་ཀྲོའུ་ཁྱུང་ཆེན་གླིང་ཕྲན་ནི་གཉིས་བདུན་ཆུས་ཀྱི་ཧོའུ་ཀྲའེ་ཤང་དུ་གནས་པ་དང་ཀྲེང་ཀྲོའུ་ནས་ཧྲའོ་ལིན་དགོན་གྱི་རྒྱལ་ལམ་ཀྲེང་སྨི་གཞུང་ལམ་ན་གནས་ཡོད། མཛེས་ལྗོངཆུས་དེ་ཀྲེན་ཀྲོའུ་གྲོང་ཁྱེར་ལྷོ་ནུབ་རྒྱུད་ཀྱི་ཅན་ཀང་ཆུ་མཛོད་ཀྱི་སྟོད་རྒྱུད་དུ་གནས་པ་དང་ཕྱེད་གླིང་རྣམ་པའི་གླིང་ཕྲན་ཞིག་གིས་གྲུབ་ཡོད། རྒྱ་ཁྱོན་མུའུ2000ཙམ་ཟིན་པ་དང་མཛེས་ལྗོངཆུས་ཀྱི་ཆུའི་མཛེས་ལྗོངས་ལྟ་ན་སྡུག་པ་དང་སྔོ་ཁེབས་རྒྱུན་དུ་སྔོ་བ། ས་རྒྱུ་སོབ་སོབ་ཡིན་པས་ཞིང་ནགས་ལྟ་སྐོར་གླིང་དང་ཞིང་ནགས་སྣོད་བཅུད་ཡུལ་སྐོར་གསར་སྤེལ་བྱ་རྒྱུར་ཧ་ཅང་འཚམ་པོ་ཡོད།      ཀྲེང་ཀྲོའུ་སྔོན་གཤེགས་དཔའ་བོའི་བང་སོ་ཁང་།           ལྷོ་ནུབ་ཕྱོགས་ཀྱི་ལྷོ་སྐོར་ལམ་གསུམ་པ་དང་སོན་ཧྲན་ལྷོ་ལམ་གྱི་འབྲེལ་མཚམས་སུ་ས་ཁྱོན་སྨི་གྲུ་བཞི་མ194དང824(མུའུ293དང་མཚུངས)ཡོད་པ་དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་ གྲུ་བཞི་མ9391ཟིན་ཡོད།      བང་སོ་ཁང་དུ་སྔོན་གཤེགས་དཔའ་བོ134དུར་འཇུག་བྱས་པའི་ནང་འཇའ་འགོག་བྱེད་པའི་མི་རིགས་ཀྱི་དཔའ་བོ་གྲགས་ཅན་ཅི་ཧུང་ཁྲང་དང་། འཇའ་པན་རྒྱལ་ཁབ་ཀྱི་སུང་ཅིང་ཧྲེ་དང་སུའུ་ལེན་གྱི་རིགས་གཅིག་མཁས་ཅན་པཱ་དང་། ཨ་རི། ཆེ་མིང་ཉི་ནོ་ཧྥུ་བཅས་དང་དེ་བཞིན་ཀྲེང་ཀྲོའུ་བཅིངས་འགྲོལ་བཏང་ནས་སྐུ་གཤེགས་པའི་སྔོན་གཤེགས་དཔའ་བོ132ལྷག་གི་གདུང་ཐལ་ཡོད་པ་རེད།             ཁམ་བུ་ལུང་ཤུར།     གཉིས་བདུན་ཆུས་ཀྱི་ཧོའུ་ཀྲའེ་ཤང་ཡིང་ཐའོ་ལུང་ཤུར་གྱི་ཡུལ་སྐོར་མཛེས་ལྗོངཆུས་དེ་གཉིས་བདུན་ཆུས་ཧོའུ་ཀྲའེ་ཤང་གི་ལྷོ་རྒྱུད་དུ་གནས་པ་དང་དབྱིང་ཐའོ་ལུང་ཤུར་ལྟེ་བར་བྱས་ནས་སྤྱི་ལེ15རྒྱུན་བསྲིང་བྱས་ཡོད།      ཁམ་བུ་ལུང་ཤུར་དུ་ད་བར་ལོ་བརྒྱ་ཡན་གྱི་སྡོང་རྒན་ལ་ལོ་ལྟར་མེ་ཏོག་བཞད། ལོ་ལྟར་འབྲས་བུ་སྨིན་ནས་མཛེས་ལྗོངས་ཆེན་པོ་ཞིག་ཏུ་གྱུར་ཡོད།      ཁམ་བུ་ལུང་ཤུར་གྱི་ཁོར་ཡུག་མཛེས་ལ་འགྲིམ་འགྲུལ་སྟབས་བདེ་བས་སྤྲོ་གསེང་དང་། བཟའ་བཏུང་། རོལ་རྩེད། ལུས་སྦྱོང་བཅས་གཞི་གཅིག་ཏུ་འདུས་པའི་ནུས་མང་དང་། ཕྱོགས་ཡོངས། ཕྱོགས་བསྡུས་རང་བཞིན་བཅས་ལྡན་པའི་སྣོད་བཅུད་ཡུལ་སྐོར་མཛེས་ལྗོངཆུས་ཞིག་ཏུ་འགྱུར་བཞིན་ཡོད།

10 གཟི་བརྗིད་མཚན་བྱང།

སྤྱི་ལོ2017ལོའི་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཆེན་པོ་ཆུས་བརྒྱའི་གྲས་སུ་བདམས། 

སྤྱི་ལོ2018ལོའི་ཟླ10པར་སྤྱི་ལོ2018ལོའི་རྒྱལ་ཡོངས་ཀྱི་མ་འཇོག་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ཆུས་བརྒྱའི་གྲས་སུ་བདམས་པ་དང་སྤྱི་ལོ2018ལོའི་རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་སྟོབས་ཤུགས་ཆེན་པོ་ཆུས་བརྒྱའི་གྲས་སུ་བདམས་པ་རེད།

སྤྱི་ལོ2019ལོའི་ཟླ10པར་སྤྱི་ལོ2019ལོའི་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཆེན་པོ་ཆུས་བརྒྱའི་གྲས་སུ་བདམས་པ་རེད། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། སློབ་གསོའི་བྱ་གཞག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-01-13

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།