ཐད་གཏོགས་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཐད་གཏོགས་གྲོང་ཁྱེར།
ཐད་གཏོགས་གྲོང་ཁྱེར་ནི་རྒྱལ་ཁབ་མང་ཆེ་བའི་ཆེས་གལ་ཆེ་བའི་སྲིད་འཛིན་ས་ཁུལ་ཡིན་ཞིང་། མིང་འདི་ནི་ཀྲུང་གོ་དང་ཁྲའོ་ཞན། ཁོ་རེ་ཡ། ཡོ་ནན་སོགས་རྒྱ་ཡིག་རིག་གནས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱིས་སྤྱོད་པ་ཡིན་ལ། ངོ་གདོང་གི་ནང་དོན་ནི་ཐད་ཀར་ཀྲུང་དབྱང་སྲིད་གཞུང་གིས་དོ་དམ་དང་སྒྲིག་འཛུགས་བྱེད་པའི་གྲོང་ཁྱེར་ཡིན། ཐད་གཏོགས་གྲོང་ཁྱེར་དུ་འགྱུར་དགོས་ན་སྡོད་དམངས་མི་གྲངས་ཅུང་མང་དགོས་པར་མ་ཟད། སྤྱིར་བཏང་དུ་རྒྱལ་ཡོངས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་ཀྱི་ཐད་ནས་གོ་གནས་གལ་ཆེན་ཟིན་དགོས། གོ་བ་འཛིན་སྟངས་འདི་ནི་སྤྱི་ལོ1930ལོར། ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི《གྲོང་ཁྱེར་སྒྲིག་འཛུགས་བཅའ་ཁྲིམས》ཞེས་པར་ཁུངས་གཏུགས་པ་ཡིན་ལ། ཐད་གཏོགས་གྲོང་ཁྱེར་གནས་ཐིག་གཏན་ཁེལ་ལ་དམིགས་བསལ་ལྡན་པའི་དབང་གིས་ཐད་གཏོགས་གྲོང་ཁྱེར་གྱི་གྲོང་ཁྱེར་ཨུ་ཡོན་ཧྲུའུ་ཅིའི་འགན་ནི་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན་གཅིག་ལྕོགས་སུ་འཁུར་བ་ཡིན། ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་དུས་སྐབས་སུ་ཆེས་མང་ཡང་ཐད་གཏོགས་གྲོང་ཁྱེར12བཙུགས་ཡོད་དེ། སོ་སོ་ནི་ནན་ཅིན་དང་། ཧྲང་ཧའེ། ཁྲུང་ཆིང་། ཐེན་ཅིན། ཧན་ཁོ། ཆིང་ཏའོ། ཏ་ལེན། ཧྲེན་དབྱང་། ཧ་ཨེར་པིན། ཞི་ཨན། ཀོང་ཀྲོའུ། པེ་ཕིང་བཅས་ཡིན་ལ། རྒྱལ་ཁབ་བཙུགས་པའི་ཐོག་མའི་དུས་སྐབས་སུ་ཐད་གཏོགས་གྲོང་ཁྱེར་བཙུགས་པ་ནི། པེ་ཅིང་། ཧྲང་ཧའེ། ནན་ཅིན། ཁྲུང་ཆིང་། ཧྲེན་དབྱང་། ཧ་ཨེར་པིན། ཞི་ཨན། ཀོང་ཀྲོའུ། ཧྥུ་ཧྲུན་། པིན་ཞི། ཝུའུ་ཧན། ཁྲང་ཁྲུན་བཅས་ཡིན་ཞིང་། མིག་སྔར། ཀྲུང་གོའི་སྐམ་ས་ཆེན་པོ་ས་ཁུལ་དུ་བསྡོམས་པས་ཐད་གཏོགས་གྲོང་ཁྱེར་བཞི་སྟེ། པེ་ཅིང་། ཧྲང་ཧའེ། ཐེན་ཅིན། ཁྲུང་ཆིང་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
直辖市
ཕྱི་ཡིག་གི་མིང་།
municipality
གྲོང་ཁྱེར།
པེ་ཅིང་། ཧྲང་ཧའེ། ཐེན་ཅིན། ཁྲུང་ཆིང་།
ས་ཁུལ།
ཀྲུང་གོའི་རྒྱལ་ཁབ་ཀྱི་ཐད་གཏོགས་གྲོང་ཁྱེར།
1 སྤྱི་བཤད།   

ཐད་གཏོགས་གྲོང་ཁྱེར་ནི་ཞིང་ཆེན་རིམ་པའི་སྲིད་འཛིན་སྡེ་ཁག་ཏུ་གཏོགས། ཀྲུང་གོའི་ཆེས་གལ་ཆེ་བའི་རྩེར་སོན་གྲོང་ཁྱེར་གྱི་རིམ་གྲས་ཡིན།

སྤྱི་ལོ2014ལོའི་ཟླ5བའི་ཚེས2བར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་བསྡོམས་པས་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར། དེ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་བཅས་ཞིང་ཆེན་རིམ་པའི་སྲིད་འཛིན་སྡེ་ཁག4ཡོད་ཅིང་། དེ་ལས་ཐད་གཏོགས་གྲོང་ཁྱེར་ནི། པེ་ཅིང་གྲོང་ཁྱེར་དང་། ཧྲང་ཧའེ་གྲོང་ཁྱེར། ཐེན་ཅིན་གྲོང་ཁྱེར། ཁྲུང་ཆིང་གྲོང་ཁྱེར་བཅས་ཡིན་ལ། ཡང་གཅིག་བཤད་ན། ཐད་གཏོགས་གྲོང་ཁྱེར་ནི་ཞིང་ཆེན་དང་མཚུངས་པས། ཁྲུང་ཆིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་འགོ་གཙོའི་གོ་གནས་ནི་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཆེན་འགོ་གཙོ་དང་མཚུངས་པ་དང་། ཐད་གཏོགས་གྲོང་ཁྱེར་ནི་སྲིད་འཛིན་སྡེ་ཁག་ཅིག་ཡིན་པའི་ཆ་ནས། རྒྱལ་ཁབ་སོ་སོས་མཚན་ཉིད་འཇོག་སྟངས་མི་འདྲ་ཞིང་། ཐ་ན་ཀྲུང་གོ་རུའང་སྐམ་ས་ཆེན་པོའི་ཐད་གཏོགས་གྲོང་ཁྱེར་དང་ཐའེ་ཝན་ཞིང་ཆེན་གྱི་ཐད་གཏོགས་གྲོང་ཁྱེར་ཡང་མཚུངས་ཀྱི་མེད། དེ་ཡང་གཞི་རྩའི་མཚན་ཉིད་ནི་སྤྱིར་བཏང་གི་སྲིད་འཛིན་སྡེ་ཁག་གི་རྒྱ་ཁྱོན་དེ་ཆུང་ན་སྡེ་བ་དང་། གྲོང་རྡལ། གྲོང་ཁྱེར། ཐ་ན་མི་དམངས་སྲིད་གཞུང་ཞིག་དང་བསྡུར་ཆོག  ཡིན་ཡང་རྒྱལ་ཁབ་མང་ཆེ་བར་མཚོན་ན། ཐད་གཏོགས་གྲོང་ཁྱེར་ལ་གཞི་རྩའི་སྟེང་རང་ཉིད་ཀྱི་འདེམ་བསྐོ་མ་ལག་ཡོད་དགོས་ཤིང་། དེ་ལས་ཐད་གཏོགས་གྲོང་ཁྱེར་གྱི་འགོ་ཁྲིད་མི་སྣ་གདམ་པ་ཡིན། ཀྲུང་གོའི་ཐད་གཏོགས་གྲོང་ཁྱེར་དེ་ཞིང་ཆེན། རང་སྐྱོང་ལྗོངས། དམིགས་བསལ་སྲིད་འཛིན་ས་ཁུལ་སོགས་དང་མཚུངས་པར་ཚང་མ་ནི་སྲིད་འཛིན་སྡེ་ཁག་ཆེས་མཐོ་བའི་རིམ་པར་ངེས། དེར་བརྟེན་སྲིད་འཛིན་གྱི་གོ་གནས་ཀྱང་ཞིང་ཆེན་དང་ཆ་མཚུངས་ཤིང་། དོ་དམ་ས་ཁོངས་ནི་ས་གནས་རིམ་པའི་གྲོང་ཁྱེར་དང་མཚུངས་པར་ལྗོངས་དང་རྫོང་། རང་སྐྱོང་རྫོང་སོགས་ལ་དོ་དམ་བྱེད་པ་ཡིན།

2 ལོ་རྒྱུས།

ཐད་གཏོགས་གྲོང་ཁྱེར་གྱི་ལམ་ལུགས་འདི་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་སྤྱི་ལོ1921ལོར། 《གྲོང་ཁྱེར་རང་སྐྱོང་ལམ་ལུགས》ཁྲོད་ཀྱི་དམིགས་བསལ་གྲོང་ཁྱེར་ལས་བྱུང་བ་ཡིན་ལ། སྤྱི་ལོ1930ལོར། 《གྲོང་ཁྱེར་སྒྲིག་འཛུགས་བཅའ་ཁྲིམས》ཁྲོད་ཐད་གཏོགས་གྲོང་ཁྱེར་དུ་བསྒྱུར་བ་དང་། བཅའ་ཁྲིམས་འདིའི་ཁྲོད་དམིགས་བསལ་གྲོང་ཁྱེར་གྱི་ས་གནས་རང་སྐྱོང་དབང་ཆ་མང་ཆེ་བ་ཉུང་དུ་བཏང་ལ། གྲོང་ཁྱེར་གྱི་འགོ་གཙོ་ཐད་ཀར་འདེམ་བསྐོ་བྱེད་པའི་ཡར་སྔོན་ལ་སྲིད་འཛིན་གླིང་གིས་ཐད་ཀར་མངགས་ཀྱི་ཡོད།

སྤྱི་ལོ1949ལོར། ཀྲུང་གོའི་སྐམ་ས་ཆེན་པོར་ཐད་གཏོགས་གྲོང་ཁྱེར12བཙུགས་ཡོད་དེ། སོ་སོ་ནི་ནན་ཅིན་དང་། ཧྲང་ཧའེ། ཁྲུང་ཆིང། ཧན་ཁོ། ཨན་ཧྲན། ཧྥུ་ཧྲུན་། ཧྲེན་དབྱང་། པིན་ཞི། ཞི་ཨན། པེ་ཕིང་། ཐེན་ཅིན། ཀོང་ཀྲོའུ། པེ་ཕིན་ལས་གཞན་ཚང་མ་ནི་སྲིད་འཛིན་ས་ཁུལ་ཆེ་བས་དོ་དམ་བྱེད་པ་ཡིན།

སྤྱི་ལོ1950ལོའི་ཟླ10བའི་ཚེས5ཉིན། ལིའུ་ཏ་སྲིད་འཛིན་ས་ཁོངས་ནི་བྱང་ཤར་སྲིད་འཛིན་ས་ཁུལ་གྱིས་ཚབ་བྱས་ཏེ་དོ་དམ་བྱེད་པའི་ལིའུ་ཏ་ཐད་གཏོགས་གྲོང་ཁྱེར་དུ་བསྒྱུར།

སྤྱི་ལོ1952ལོའི་ཟླ11པའི་ཚེས15ཉིན། ནན་ཅིན་ཐད་གཏོགས་གྲོང་ཁྱེར་དེ་ཅང་སུའུ་ཞིང་ཆེན་ཐད་གཏོགས་གྲོང་ཁྱེར་དུ་བཅོས།

སྤྱི་ལོ1953ལོའི་ཟླ7པའི་ཚེས8ཉིན། ཅི་ལིན་ཁྲང་ཁྲུན་གྲོང་ཁྱེར་དང་སུང་ཅང་ཞིང་ཆེན་ཧ་ཨེར་པིན་གྲོང་ཁྱེར་གཉིས་ཐད་གཏོགས་གྲོང་ཁྱེར་དུ་བསྒྱུར།

སྤྱི་ལོ1954ལོའི་ཟླ6པའི་ཚེས19ཉིན། ཧྲེན་དབྱང་དང་། ལིའུ་ཏ། ཨན་ཧྲན། ཧྥུ་ཧྲུན་། པིན་ཞི། ཁྲང་ཁྲུན། ཧ་ཨེར་པིན། ཞི་ཨན། ཝུའུ་ཧན། ཁྲུང་ཆིང་། ཀོང་ཀྲོའུ་ཐད་གཏོགས་གྲོང་ཁྱེར་བཅས་ཞིང་ཆེན་ལ་གཏོགས་པའི་གྲོང་ཁྱེར་དུ་བསྒྱུར།

སྤྱི་ལོ1958ལོར། ཐེན་ཆེན་ཐད་གཏོགས་གྲོང་ཁྱེར་དེ་ཧུའུ་པེ་ཞིང་ཆེན་ལ་གཏོགས་པའི་གྲོང་ཁྱེར་དུ་བསྒྱུར་བ་དང་། སྤྱི་ལོ1967ལོར་ད་གཟོད་སླར་གསོ་བྱུང་།

སྤྱི་ལོ1997ལོའི་ཟླ3པའི་ཚེས14ཉིན། ཁྲུང་ཆིང་དེ་སླར་ཡང་ཐད་གཏོགས་གྲོང་ཁྱེར་དུ་སྒྲིག་འཛུགས་སླར་གསོ་བྱུང་།

3 ཀྲུང་ཧྭ་མི་སེར་རྒྱལ་ཁབ།
3_1 སྲིད་འཛིན་རྩ་འཛུགས།

རྒྱལ་དམངས་སྲིད་གཞུང་གིས་བྱང་འདུལ་བྱས་ཏེ་རྒྱལ་ཡོངས་གཅིག་གྱུར་བྱས་རྗེས། ཐོག་མར་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ17(1928ལོར)པར། 《གྲོང་ཁྱེར་རྩ་འཛུགས་བཅའ་ཁྲིམས》དང《དམིགས་བསལ་གྲོང་ཁྱེར་རྩ་འཛུགས་བཅའ་ཁྲིམས》སྤེལ་བར་མ་ཟད། གྲོང་ཁྱེར་ཡོངས་ཀྱི་ཆེས་མཐོའི་སྲིད་འཛིན་ལས་ཁུངས་ཀྱི་མིང་དེ་གྲོང་ཁྱེར་སྲིད་གཞུང་དུ་མིང་བཏགས། ཆེས་མཐོའི་དམངས་བློ་ལས་ཁུངས་དེ་གྲོང་ཁྱེར་གྱི་གྲོས་ཞུགས་ཚོགས་འདུ་རུ་མིང་བཏགས།

ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ19(1930ལོར)བར།《གྲོང་ཁྱེར་རྩ་འཛུགས་བཅའ་ཁྲིམས》གསར་བ་བཙུགས་ནས་གྲོང་ཁྱེར་དེ་ཐད་གཏོགས་གྲོང་ཁྱེར་དང་ཞིང་ཆེན་ལ་གཏོགས་པའི་གྲོང་ཁྱེར་གཉིས་སུ་ཕྱེས་ལ། ཐད་གཏོགས་གྲོང་ཁྱེར་དེ་ཞིང་ཆེན་ལ་གཏོགས་པའི་གྲོང་ཁྱེར་དང་གཅིག་མཚུངས་ཡིན་པ་དང་། ཞིང་ཆེན་ལ་གཏོགས་པའི་གྲོང་ཁྱེར་ནི་རྫོང་དང་རིམ་པ་གཅིག་མཚུངས་ཡིན། ཐད་གཏོགས་གྲོང་ཁྱེར་གཟུག་ན་མི་གྲངས་ནི་མ་མཐའ་ཡང་1000000ཡོད་དགོས་ཤིང་། ཞིང་ཆེན་ལ་གཏོགས་པའི་གྲོང་ཁྱེར་ལ་མི་གྲངས200000ཡོད་དགོས།

3_2 ཐའེ་ཝན་ཕྱོགས་ནས།

ཐའེ་ཝན་ཐད་གཏོགས་གྲོང་ཁྱེར་ཏེ། ཐའེ་པེ་གྲོང་ཁྱེར་དང་། ཀའོ་ཞུང་གྲོང་ཁྱེར། ཞིན་ པེ་གྲོང་ཁྱེར། ཐའེ་ཀྲུང་གྲོང་ཁྱེར། ཐའེ་ནན་གྲོང་ཁྱེར་བཅས་བསྡོམས་པས་གྲོང་ཁྱེར5ཡོད།

སྤྱི་ལོ1949ལོར། ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་སྲིད་གཞུང་ཐའེ་ཝན་དུ་སྤར་ཏེ་བཙུགས་པའི་ཐད་གཏོགས་གྲོང་ཁྱེར་ནི། ཐའེ་པེ་གྲོང་ཁྱེར(སྤྱི་ལོ1967ལོར་འཕར) ཀའོ་ཞུང་གྲོང་ཁྱེར(སྤྱི་ལོ1979ལོར་འཕར་ཞིང་སྤྱི་ལོ2010ལོར་སྡེབ་སྒྲིག་བྱས) ཞིན་པེ་གྲོང་ཁྱེར(སྤྱི་ལོ2010ལོར་འཕར) ཐེའེ་ཀྲུང་གྲོང་ཁྱེར(སྤྱི་ལོ2010ལོར་སྡེབ་སྒྲིག་བྱས་ཏེ་འཕར) ཐའེ་ནན་གྲོང་ཁྱེར(སྤྱི་ལོ2010ལོར་སྡེབ་སྒྲིག་བྱས་ཏེ་འཕར) དེ་མིན་ཐའོ་ཡོན་རྫོང་དེ་མི་གྲངས2000000ལ་བུད་པས་སྔོན་དཔག་བྱས་པ་ལྟར་ན་སྤྱི་ལོ2014ལོར་ཐད་གཏོགས་གྲོང་ཁྱེར་དུ་འཕར་གྲབས་འདུག

ཐའེ་ཝན་ས་ཁུལ་གྱི་ཐད་གཏོགས་གྲོང་ཁྱེར།

ཐད་གཏོགས་གྲོང་ཁྱེར།(བྱང་ནས་ལྷོ) བསྡུས་མིང་། མི་གྲངས། རྒྱ་ཁྱོན།(km²) མི་གྲངས་སྟུག་ཚད།(km²) སྲིད་འཛིན་ས་ཁོངས།
ཞིན་པེ་གྲོང་ཁྱེར། ཞིན་གྲོང་ཁྱེར། 3935072 2052.5667 1917.15 ས་ཁུལ29གཏོགས།
ཐའེ་པེ་གྲོང་ཁྱེར། པེ་གྲོང་ཁྱེར། 266823 1271.7997 9816.90 ས་ཁུལ12གཏོགས།
ཐའེ་ཀྲུང་གྲོང་ཁྱེར། ཀྲུང་གྲོང་ཁྱེར། 2681041 2214.8968 1210.46  ས་ཁུལ29གཏོགས།
ཐའེ་ནན་གྲོང་ཁྱེར། ནན་གྲོང་ཁྱེར། 1880360 2191.653 1857.96 ས་ཁུལ37གཏོགས།
ཀའོ་ཞུང་གྲོང་ཁྱེར། ཀའོ་གྲོང་ཁྱེར། 2777128 2946.267 1942.16 ས་ཁུལ38གཏོགས།
4 ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
4_1 གསར་འཛུགས།

སྤྱི་ལོ1948ལོའི་ཟླ7པའི་ཚེས28ཉིན། ཧྭ་བྱང་མཉམ་འབྲེལ་སྲིད་འཛིན་ཨུ་ཡོན་ལྷན་ཁང་གིས་ཧྲི་ཅ་ཀྲོང་དང་དབྱང་ཆོན་གཉིས་ཐད་གཏོགས་གྲོང་ཁྱེར་དུ་བསྒྱུར།

སྤྱི་ལོ1949ལོའི་ཟླ10བའི་ཚེས1ཉིན། པེ་ཕིང་དེ་པེ་ཅིང་དུ་བསྒྱུར་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ལྟེ་གནས་སུ་གཏན་ཁེལ་བྱས། གཞན་ད་དུང་ཐད་གཏོགས་གྲོང་ཁྱེར11(ཐེན་ཅིན། ཧྲང་ཧའེ། ནན་ཅིན། ཞི་ཨན། ཁྲུང་ཆིང། ཀོང་ཀྲོའུ།  ཝུའུ་ཧན། ཧྲེན་དབྱང་། ཨན་ཧྲན། ཧྥུ་ཧྲུན་། པིན་ཞི)འདུ་བ་ཡིན།

སྤྱི་ལོ1949ལོའི་ཟླ11པར། ཐེན་ཅིན་ཐད་གཏོགས་གྲོང་ཁྱེར་བཙུགས།

སྤྱི་ལོ1950ལོའི་ཟླ11པར། ལིའུ་ཏ་སྲིད་འཛིན་ས་ཁོངས་དེ་ལིའུ་ཏ་གྲོང་ཁྱེར(ཐད་གཏོགས་གྲོང་ཁྱེར)དུ་བསྒྱུར།

སྤྱི་ལོ1953ལོའི་ཟླ7པར། ཧ་ཨེར་པིན་ཐད་གཏོགས་གྲོང་ཁྱེར་བཙུགས།

སྤྱི་ལོ1953ལོའི་ཟླ9བར། ཁྲང་ཁྲུན་ཐད་གཏོགས་གྲོང་ཁྱེར་བཙུགས།

སྤྱི་ལོ1954ལོའི་ཟླ7པར། ཀྲུང་དབྱང་ཐད་གཏོགས་གྲོང་ཁྱེར་ཁྲུང་ཆིང་དང་སི་ཁྲོན་གཉིས་མཉམ་སྡེབ་ཀྱིས་སི་ཁྲོན་ཞིང་ཆེན་དུ་བསྒྱུར།

སྤྱི་ལོ1958ལོའི་ཟླ2པར། ཐེན་ཅིན་དེ་གྲོང་ཁྱེར་རིམ་པའི་སྲིད་འཛིན་སྡེ་ཁག་ཏུ་སྒྲིག་འཛུགས་བྱས་ཤིང་། ཧུའུ་པེ་ཞིང་ཆེན་སྲིད་འཛིན་ལྟེ་གནས་དེ་པའོ་ཏིང་ནས་ཐེན་ཅིན་ལ་གནས་སྤར།

སྤྱི་ལོ1966ལོའི་ཟླ5བར། ཧུའུ་པེ་ཞིང་ཆེན་སྲིད་འཛིན་ལྟེ་གནས་དེ་སླར་ཡང་པའོ་ཏིང་དུ་སྤར།

སྤྱི་ལོ1967ལོའི་ཟླ1པའི་ཚེས2ཉིན། ཐེན་ཅིན་དེ་ཧུའུ་པེ་ཞིང་ཆེན་ནས་བཀར་ཏེ་ཐད་གཏོགས་གྲོང་ཁྱེར་དུ་སླར་གསོ་བྱས།

སྤྱི་ལོ1997ལོའི་ཟླ6པའི་ཚེས18ཉིན། ཁྲུང་ཆིང་དེ་སི་ཁྲོན་ཞིང་ཆེན་ནས་བཀར་ཏེ་ཐད་གཏོགས་གྲོང་ཁྱེར་དུ་སླར་གསོ་བྱས།

4_2 ད་ལྟའི་གནས་ཚུལ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐད་གཏོགས་གྲོང་ཁྱེར།

སྐམ་ས་ཆེན་པོའི་ཐད་གཏོགས་གྲོང་ཁྱེར། མི་གྲངས་ཁྲི། ས་ཁུལ་གྱི་རྒྱ་ཁྱོན། GDPདམངས་སྒོར་དུང་ཕྱུར། གྲོང་ཁྱེར་ཨུ་ཡོན་གྱི་ཧྲུའུ་ཅི། གྲོང་ཁྱེར་ལ་གཏོགས་པའི་ལྗོངས།
ཧྲང་ཧའེ་གྲོང་ཁྱེར། 2380.43 6340.5km 220,101.33 ཧན་ཀྲེན། ལྗོངས16དང་རྫོང1
ཐེན་ཅིན་གྲོང་ཁྱེར། 1413.15 11760.26km 212,885.18 སུན་ཁྲུན་ལན། ལྗོངས13དང་རྫོང3
ཁྲུང་ཆིང་གྲོང་ཁྱེར། 2991.4 82402.00km 211,459.00 སུན་ཀྲེན་ཚེ། ལྗོངས19དང་རྫོང15 རང་སྐྱོང་རྫོང4
པེ་ཅིང་གྲོང་ཁྱེར། 2069.3 16410.00km 217,801 ཀུའོ་ཅིང་ལུང་། ལྗོངས14དང་རྫོང2








དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-12

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།