ནན་ཅིང་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ནན་ཅིང་གྲོང་ཁྱེར།
ནན་ཅིང་གྲོང་ཁྱེར་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཅང་སུའུ་ཞིང་ཆེན་གྱི་ཞིང་ཆེན་སྲིད་གཞུང་ཆགས་གནས་དང་། ཀྲུང་གོའི་གནས་བོའི་རྒྱལ་ས་ཆེན་པོ་དྲུག་གི་ཡ་གྱལ་ཡིན། འབྲི་ཆུའི་སྨད་རྒྱུད་ཀྱི་ཉིན་ཀྲུན་དེའུ་འབུར་ཏེ་འབྲི་ཆུའི་ཟུར་གསུམ་ས་ཁུལ་དུ་ཆགས་ཡོད། ནན་ཅིང་གི་ཤར་ཕྱོགས་ནི་རྒྱ་མཚོ་དང་འབྲེལ་འདུག་པས་ཀྲུང་གོའི་ཚོང་ལས་དང་བཟོ་ལས་སོགས་དར་རྒྱས་ཆེ་བའི་གྲོང་ཁྱེར་གཙོ་བོ་ཞིག་ཡིན། གྲོང་ཁྱེར་ཡོངས་སུ་མི་གྲངས་ཁྲི་ཚོ861ལྷག་མཆིས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
南京
ཕྱི་ཡིག་གི་མིང་།
Nanjing Nanking Nankin
མིང་གཞན།
ཅིན་ལིང་། ཅང་ཉིང་། རྡོ་མཁར། ཐེན་ཅིང་སོགས་སོ།།
ཁོངས་གཏོགས་ས་ཁུལ།
ཧྭ་ཤར་ས་ཁུལ།
མངའ་ཁོངས།
གྲོང་ཁྱེར་གྱི་ཐད་སྐྱོང་ཆུས11ཡོད།
སྲིད་གཞུང་གནས་ཡུལ།
ནན་ཅིང་གྲོང་ཁྱེར་ཞོན་ཝུའུ་ཆུས་པེ་ཅིང་ཤར་ལམ་ཨང་རྟགས41པ།
ས་ཁོངས་ཁ་པར་ཨང་རྟགས།
​ 025
སྦྲག་སྲིད་ཨང་རྟགས།
210000-211800
གནས་ཡུལ།
ཅང་སུའུ་ཞིང་ཆེན་གྱི་ནུབ་ལྷོའི་ཕྱོགས་ཀྱི་འབྲི་ཆུའི་སྨད་རྒྱུད་དུ་གནས།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ6587.02
མི་གྲངས།
ཁྲི་ཚོ826(སྤྱི་ལོ2016ལོར)
སྐད་རིགས།
ནན་ཅིང་སྤྱི་སྐད་དང་ཝུའུ་སྐད།
གནམ་གཤིས།
ཚ་ཁུལ་ཕལ་པའི་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཀྲུང་ཧྲན་བང་སོ། མིང་ཞའོ་བང་སོ། མིང་ཁྲེང་མཁར་གྱང་། ཞོན་ཝུའུ་མཚེའུ། ཧྥུའུ་ཙི་ལྷ་ཁང་། ཙི་ཅིན་ཧྲིན་རི་བོ། ཅི་མིང་དགོན་སོགས།
གནམ་གྲུ་ཐང་།
ནན་ཅིང་ལུའུ་ཁོའུ་རྒྱལ་སྤྱིའི་གནམ་གྲུ་ཐང་། ནན་ཅིང་རྟ་སྒ་རྒྱལ་སྤྱིའི་གནམ་གྲུ་ཐང་སོགས།
​མེ་འཁོར་ས་ཚིགས།
ནན་ཅིང་ས་ཚིགས། ནན་ཅིང་ས་ཚིགས་ལྷོ་མ། ཅང་ཉིང་ས་ཚུགས། ལི་ཧྲུའེ་ས་ཚིགས། ཞན་ལིན་ས་ཚིགས་སོགས་སོ།།
​ རླངས་འཁོར་ཨང་རྟགས།
སུའུ།A
སྲིད་འཛིན་ཚབ་ཨང་།
320100
གྲོང་ཁྱེར་གྱི་ལྗོན་པ་དང་མེ་ཏོག
ཞུའེ་སུང་མེ་ཏོག དཔྱིད་འགོའི་མེ་ཏོག
​མཐོ་རིམ་སློབ་ཆེན།
ནན་ཅིང་སློབ་ཆེན། ཏུང་ནན་སློབ་ཆེན་སོགས།
ཆེས་མཐོའི་འཛུགས་སྐྲུན།
ཙི་ཧྥེང་མཁར་ཆེན། (སྨི450)
གྲོང་ཨུད་ཀྱི་ཧྲུའུ་ཅི།
ཀྲང་ཅིང་ཧྭ།
གྲོང་ཁྱེར་གྱི་འགོ་འཛིན།
མིའོ་རུའེ་ལིན།
འཛུགས་སྐྲུན་ཁུལ་གྱི་རྒྱ་ཁྱོན།
1125.78km²(སྤྱི་ལོ2016ལོར)
ས་ཁུལ་ཐོན་སྐྱེད་སྤྱིའི་རིན་ཐང་།
སྒོར་དུང་ཕྱུར10503.02(སྤྱི་ལོ2016ལོར)
མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་།
སྒོར127264(སྤྱི་ལོ2016ལོར)
1 ངོ་སྤྲོད།

ནན་ཅིང་གྲོང་ཁྱེར་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཅང་སུའུ་ཞིང་ཆེན་གྱི་ཞིང་ཆེན་སྲིད་གཞུང་ཆགས་གནས་དང་། ཀྲུང་གོའི་གནས་བོའི་རྒྱལ་ས་ཆེན་པོ་དྲུག་གི་ཡ་གྱལ་ཡིན། འབྲི་ཆུའི་སྨད་རྒྱུད་ཀྱི་ཉིན་ཀྲུན་དེའུ་འབུར་ཏེ་འབྲི་ཆུའི་ཟུར་གསུམ་ས་ཁུལ་དུ་ཆགས་ཡོད། ནན་ཅིང་གི་ཤར་ཕྱོགས་ནི་རྒྱ་མཚོ་དང་འབྲེལ་འདུག་པས་ཀྲུང་གོའི་ཚོང་ལས་དང་བཟོ་ལས་སོགས་དར་རྒྱས་ཆེ་བའི་གྲོང་ཁྱེར་གཙོ་བོ་ཞིག་ཡིན། གྲོང་ཁྱེར་ཡོངས་སུ་མི་གྲངས་ཁྲི་ཚོ861ལྷག་མཆིས།

ནན་ཅིང་ནི་རྒྱལ་རབས་ལ་ལར་དར་ཞིང་རྒྱལ་རབས་ལ་ལར་རྒུད་པ་དང་། དེང་སྐབས་ནི་ནན་ཅིང་དར་ཞིང་རྒྱས་པའི་སྒང་ཡིན། ནན་ཅིང་དང་པེ་ཅིན། ཞི་ཨན། ལའོ་དབྱང་། ཧང་ཀྲིག ཁེ་ཧྥུན་བཅས་གྲོང་ཁྱེར་ཆེན་པོ་དྲུག་ལ་ཀྲུང་གོའི་གནའ་བོའི་རྒྱལ་ས་ཆེན་པོ་དྲུག་ཟེར། ཐང་ལྷོ་མ་དང་མིང་། ཀྲུང་ཧྭ་མི་སེར་རྒྱལ་ཁབ་སོགས་ཀྱིས་གྲོང་ཁྱེར་དེར་རྒྱལ་ས་བྱས་མྱོང་། ནན་ཅིང་གྲོང་ཁྱེར་ནི་འོད་སྟོང་རབ་ཏུ་འབར་བའི་གནའ་རྫས་ཤིག་དང་མཚུངས་པར་མི་རྣམས་ལ་ལྐོག་གྱུར་གྱི་ལོ་ཟླ་ཞིག་གི་གཟི་དཔལ་ངོམ་བཞིན་ཡོད། ནན་ཅིང་གྲོང་ཁྱེར་གྱི་ཡུལ་གང་སར་ལོ་ཟླའི་ཆར་རླུང་ཁྲོད་བསྐུངས་པའི་ལོ་རྒྱུས་ཀྱི་གནའ་ཤུལ་མང་པོ་ཞིག་ལུས་ཡོད་པ་དང་། ང་ཚོས་ནན་ཅིང་གྲོང་ཁྱེར་གྱི་ལོ་ཟླའི་ཆར་རླུང་གིས་བཀབ་པའི་ལོ་རྒྱུས་ཀྱི་རྗེས་ཤུལ་དེ་དག་ལས་རྒྱལ་རབས་མང་བོ་ཞིག་གི་དར་རྒུད་ཀྱི་རྣམ་པ་མཐོང་ཐུབ། ནན་ཅིང་གྲོང་ཁྱེར་ནི་དངོས་ཡོད་ལོ་རྒྱུས་ཀྱི་བསླབ་དེབ་ཅིག་དང་མཚུངས་པར་དེ་བཀླགས་ན་ཀྲུང་གོའི་ལོ་རྒྱུས་ལ་ཕྱིར་དྲན་བྱ་ཐུབ་པས། ལོ་རྒྱུས་ཀྱི་གནས་ཤུལ་དེ་དག་མཐོང་ན་ལོ་རྒྱུས་དངོས་ལ་ཁ་བརྡ་བྱེད་པ་དང་ཀུན་ནས་མཚུངས།

ཐེན་ཝང་ཧྥུ་ནི་ལོ་རྒྱུས་ཀྱི་ཆགས་འཇིག་སྣ་ཚོགས་བརྒྱུད་པའི་གནའ་བོའི་བཟོ་བཀོད་ཕུལ་དུ་བྱུང་པ་ཞིག་ཡིན་ལ། ལོ་རྒྱུས་ཀྱི་དར་རྒུད་མཚོན་པའི་བསྡུས་གཟུགས་སུ་གྲུབ་ཅིང་། ད་ལྟའི་དུས་འདིར་ཐེན་ཝང་ཧྥུ་ལ་ཚེ་སྲོག་གི་གསོན་ཤུགས་གསར་བ་ཞིག་རྒྱས་ཡོད། ཐེན་ཝང་ཧྥུ་ནི་ནན་ཅིང་གྲོང་ཁྱེར་གྱི་ཤར་ཕྱོགས་འབྲི་ཆུའི་ལམ་དུ་ཡོད་པ་དང་། དེ་ནི་མིང་ཆིང་རྒྱལ་རབས་ཀྱི་ཕོ་བྲང་ཡིན། མིང་རྒྱལ་རབས་ཀྱི་སྐབས་སུ་ཞུས་ཡོན་ཟེར་བ་དང་། འབྲི་ཆུའི་ལྷོ་ཕྱོགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་གླིང་ག་ཞིག་ཡིན། ཕོ་བྲང་དེ་ནི་མིང་རྒྱལ་གྱི་གོང་མ་རྒྱལ་པོ་ཀྲུའུ་ཡོན་ཀྲང་གིས་བཞེངས་པ་ཞིག་ཡིན་ལ། སྐབས་ཐོག་དེར་ཧན་ཝང་ཧྥུ་ཟེར། ཆིང་རྒྱལ་རབས་ཀྱི་སྐབས་ཏེ་སྤྱི་ལོ1853ལོར་ཧོང་ཞིག་ཆོན་གྱིས་སྣེ་ཁྲིད་པའི་ཞི་བདེ་གནམ་རྒྱལ་དམག་དཔུང་གིས་ནན་ཅིང་དབང་དུ་བསྡུས་རྗེས་ནན་ཅིང་རྒྱལ་སར་གཏན་འཁེལ་བྱས་ཤིང་། ཙུང་ཏུའུ་ཡ་མོན་གྱི་གནས་གཞི་རྙིང་བར་ཕོ་བྲང་གསར་བཞེངས་བྱས་མྱོང་། ཅང་ཅེ་ཧྲི་ཡིས་གོ་མིན་ཏང་གི་སྲིད་དབང་བཟུང་རྗེས་ནན་ཅིང་གྲོང་ཁྱེར་ནི་ཀྲུང་ཧྭ་མི་སེར་རྒྱལ་ཁབ་གྱི་རྒྱལ་སར་གྱུར།

ཁྲའོ་ཐེན་གུང་ནི་ནན་ཅིང་གི་མིང་དུ་གྲགས་པའི་ཕོ་བྲང་ཞིག་ཡིན། བཤད་རྒྱུན་ལྟར་ན་ཝུའུ་ཝང་ཧྥུ་ཁྲེ་ཡིས་བཞེངས་པ་ཡིན་ལ། མིང་རྒྱལ་རབས་ཀྱི་ཧུང་ཝུའུ་ཁྲི་ལོ་བཅུ་བདུན་པ་སྟེ་སྤྱི་ལོ1384ལོར་བསྐྱར་བཞེངས་བྱས་པ་ཞིག་རེད། ཕོ་བྲང་དེའི་མདུན་ན་སན་ཆིན་ཏན་དང་རྒྱབ་ན་ཏ་ཐུང་མེང་ཏན། གཞན་ཡང་ཧྥེ་ཞ་ཀུ་དང་ཅིང་ཡང་ཀུན་སོགས་བཟོ་བཀོད་གྲགས་ཅན་ཁག་ཅིག་མཆིས། ཕོ་བྲང་གི་ནང་དུ་གོང་མ་རྒྱལ་པོས་ཞི་དྲག་བློན་ཆེན་རྣམས་ལ་མཇལ་འཕྲད་གནང་ས་ཡོད།

ནན་ཅིང་གྲོང་ཁྱེར་ནི་རི་ཆུ་མཁར་ནགས་བཅས་གཞི་གཅིག་ཏུ་གྲུབ་པའི་གནའ་མཁར་ཞིག་ཡིན་ལ། འབྲི་ཆུ་ནི་གྲོང་ཁྱེར་བརྒྱུད་དེ་བཞུར་བཞིན་ཡོད་ཅིང་། ཙི་ཅིན་ཧྲན་རི་བོའི་མཛེས་སྡུག་གིས་མིའི་མིག་དབང་འཕྲོག་གིན་འདུག གཙང་བོ་དང་ཆུ་མིག མཚེའུ་སོགས་ཀྱིས་རང་ས་ན་སྒེག་ཉམས་ངོམ་གྱིན་ཡོད། ནན་ཅིང་གྲོང་ཁྱེར་དུ་ད་དུང་ཀྲུང་གོའི་ཉེ་རབས་གསར་བརྗེའི་སློབ་དཔོན་སུན་ཀྲུང་ཧྲན་གྱི་སྐུ་གདུང་སོགས་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་གནའ་རྟེན་གྲགས་ཅན་མང་བོ་ཞིག་བཞུགས་སོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-11-14

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།