ཧུའེ་ཅི་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧུའེ་ཅི་ཆུས།
ཧུའེ་ཅི་ཆུས་ནི་ཧོ་ནན་ཞིང་ཆེན་གྱི་སྲིད་འཛིན་ལྟེ་གནས་ཀྲེན་ཀྲོའུ་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་ཞིག་ཡིན་པ་དང་། སྤྱི་ལོ2017ལོའི་བར་ཧུའེ་ཅི་ཁུལ་ཁོངས་གཏོགས་ས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ206ཟིན་པ་དང་དེའི་ཁོངས་གཏོགས་སུ་ཁྲོམ་གཞུང6དང་གྲོང་རྡལ2ཡོད་ལ་རྒྱུན་སྡོད་མི་འབོར་ཁྲི29.83ཟིན་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད74.59%ཟིན་ཡོད་པ་རེད། ཧུའེ་ཅི་ཆུས་ནི་རྨ་ཆུའི་ལྷོ་ངོགས་སུ་གནས་པ་དང་། ཀྲེང་ཀྲོའུ་ལྟེ་བའི་གྲོང་ཁུལ་དང་ཐག་ཉེ་པའི་ཝུའེ་ཧྲན་རི་བོ་དང་འབྲེལ་ཡོད་ལ། བྱང་དུ་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་གཙང་པོ་རྨ་ཆུ་དང་འབྲེལ་ཡོད། ཁུལ་ཡོངས་ཀྱི་ལྗོན་ཤིང་སྡོང་རྐང་ཁྲི600དང་ནགས་ཚལ་མུའུ་ཁྲི6.4བཅས་ཡོད་ཅིང་། ཧོ་ནན་ཞིང་ཆེན་གྱི“ཐང་ཆེན་སྔོ་འགྱུར་གྱི་མཐོ་རིམ་སྔོན་ཐོན་ས་ཁུལ”དང་རྒྱལ་ཁབ་རིམ་པའི“སྣོད་བཅུད་དཔེ་སྟོན་ཁུལ་འཛུགས་སྐྲུན་ཚོད་ལྟའི”ཚན་ཁག་ཏུ་གྱུར་ཡོད། ཧུའེ་ཅི་ཆུས་ནི་ཀྲེང་ཀྲོའུ་གྲོང་ཁྱེར་ལྟེ་བའི་གྲོང་ཁུལ་གྱི་བྱང་རྒྱུད་ཚོགས་པ་ཞིག་ཡིན་པ་དང་། ཧུའེ་ཅི་ཁུལ་གསར་གྱི་འཆར་འགོད་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ48.8དང་། ཧོ་ནན་ཞིང་ཆེན་གྱི“གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ཚོད་ལྟའི”དང“ས་ཞིང་ཕྱོགས་བསྡུས་བེད་སྤྱོད་ཚོད་ལྟ”བཅས་ཡིན། སྤྱི་ལོ2017ལོར་ཧུའེ་ཅི་ཁུལ་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལ་སྒོར་དུང་ཕྱུར150.23ཟིན་པ་དང་། མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལ་སྒོར50941ཟིན་པ། ཐོན་ལས་ཐེངས་གསུམ་གྱི་གྲུབ་ཆ3.1:36.4:60.5ཟིན་པ། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར247.21བཏང་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་ལ་སྒོར་དུང་ཕྱུར124.37ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར31130ཟིན་པ། གྲོང་གསེབ་ཀྱི་ཡུལ་མིའི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར23486ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
惠济区
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ས་ཁུལ།
ཁོངས་གཏོགས་ས་ཁུལ།
ཧོ་ནན་ཞིང་ཆེན་ཀྲེང་ཀྲོའུ་གྲོང་ཁྱེར།
མངའ་ཁོངས།
སྲང་ལམ6དང་གྲོང་རྡལ2ཡོད།
སྲིད་གཞུང་གི་ས་གནས།
ཁའེ་ཡོན་ལམ་ཨང8པ།
ས་ཁོངས་ཁ་པར་ཨང་རྟགས།
(+86)0371
སྦྲག་སྲིད་ཨང་རྟགས།
450053
ས་གནས།
ཀྲེང་ཀྲོའུ་གྲོང་ཁྱེར་ལྟེ་གནས་ཀྱི་བྱང་ཕྱོགས།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ206ཡོད།
མི་གྲངས།
མི་ཁྲི29.83ཡོད།(2017ལོར)
ནམ་ཟླའི་ཆ་རྐྱེན།
དྲོད་རྒྱུད་དུས་རླུང་ནམ་ཟླ།
GDP
སྒོར་དུང་ཕྱུར150.23ཡོད།(2017ལོར)
མི་རེའི་ཆ་སྙོམས་ཀྱིGDP
མི་རེ་ལ་སྒོར50941ཡོད།(2017ལོར)
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1931ལོར་ཀོང་ཝུའུ་རྫོང་དུ་གཏོགས།

སྤྱི་ལོ1953ལོར་ཀྲེང་ཀྲོའུ་གྲོང་ཁྱེར་གྱི་ཉེ་འཁོར་དུ་བཅུག།

སྤྱི་ལོ2004ལོའི་ཟླ5པའི་ཚེས1ཉིན། ཀྲེང་ཀྲོའུ་གྲོང་ཁྱེར་གྱི་ཝང་ཧྲན་ཁུལ་གྱི་མིང་དངོས་སུ་ཧུའེ་ཅི་ཁུལ་དུ་བསྒྱུར།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2017ལོའི་ལོ་མཇུག་བར་ཧུའེ་ཅི་ཆུས་ཀྱི་ཁོངས་སུ་ཁྲོམ་གཞུང6དང་གྲོང་རྡལ2ཡོད་པ་སྟེ། ཁྭ་ཏ་ཁྲེན་ཁྲོམ་གཞུང་དང་། ཁྲང་ཤིང་ལམ་གྱི་སྲང་ལམ། ཡིང་པིན་ལམ་གྱི་ཁྲོམ་གཞུང་། ཤིན་ཁྲེང་ཁྲོམ་གཞུང་། ལིའུ་ཀྲའེ་ཁྲོམ་གཞུང་། ཏ་ཧོ་ལམ་གྱི་ཁྲོམ་གཞུང་། ཀུའུ་དབྱི་གྲོང་རྡལ་དང་ཧྭ་ཡོན་ཁོའུ་གྲོང་རྡལ་བཅས་རེད།

3 ས་ཁམས་ཁོར་ཡུག

ཧུའེ་ཅི་ཆུས་ནི་ཧོ་ནན་ཞིང་ཆེན་ཀྲེང་ཀྲོའུ་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་ཞིག་ཡིན་པ་དང་གཞུང་འཕྲེད་ཐིག་གི་ཏུའུ་གྲངས་ནི་ཤར་གྱི་གཞུང་ཐིག་ནི་ཏུའུ113.6དང་བྱང་གི་འཕྲེད་ཐིག་ནི་ཏུའུ34.87ཁོངས་གཏོགས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ206ཡོད་པ་རེད།

4 དཔལ་འབྱོར།

སྤྱི་ལོ2017ལོར་ཧུའེ་ཅི་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལ་སྒོར་དུང་ཕྱུར150.23ཟིན་པ་དང་།མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་ལ་འབོར་སྒོར50941ཟིན་པ། ཐོན་ལས་ཐེངས་གསུམ་གྱི་གྲུབ་ཆ3.1:36.4:60.5ཟིན་པ། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར247.21བཏང་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་ལ་སྒོར་དུང་ཕྱུར124.37ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལ་སྒོར31130ཟིན་པ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལ་སྒོར23486བཅས་ཟིན་ཡོད། 

4_1  ཐོན་ལས་དང་པོ།    

སྤྱི་ལོ2011ལོར་ཧུའེ་ཅི་ཆུས་ཀྱི་ཞིང་ལས་ཀྱི་མཚོན་ཚུལ་གཙོ་བོ་ནི། ལོ་ཧྲིལ་པོའི་འབྲུ་རིགས་འདེབས་ཁྱོན་དང་ཐོན་ཚད་ཐད“གཅིག་འཕར་གཅིག་ཆག”བྱུང་བ་དང་། ལོ་ཧྲིལ་པོར་འབྲུ་རིགས་འདེབས་ཁྱོན་ནི་སྤྱི་ཆིང4735ཟིན་པ། འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན26678ཟིན་པ། སོ་སོར0.6%འཕར་བ་དང1.0%ཆག་ཡོད། སྔོ་ཚལ་འདེབས་ཁྱོན་རྒྱུན་མཐུད་ངང་འཕར་བ་དང་། སྤྱིའི་ཐོན་འབོར་བརྟན་པོའི་ངང་འཕར་བ། ཁུལ་ཡོངས་ཀྱི་སྔོ་ཚལ་འདེབས་ཁྱོན་ནི་སྤྱི་ཆིང6856ཟིན་པ། སྔོ་ཚལ་འདེབས་ཁྱོན་ཏུན་ཁྲི25.89ཟིན་ནས0.4%དང3.9%འཕར་བ། ཕྱུགས་ལས་ནང་ཁུལ་གྱི་གྲུབ་ཚུལ་དང་ཐོན་རྫས་རྒྱུན་མ་ཆད་པར་ལེགས་སྒྱུར་བྱུང་། ལྗོངས་ཡོངས་ཀྱི་བྱ་སྒོང་ཐོན་ཚད་དང་འོ་མའི་ཐོན་ཚད་ཏུན་ཁྲི0.59དང་ཏུན་ཁྲི3.33སོ་སོར་ཟིན་ནས1.7%དང9.5%སོ་སོར་འཕར་བ། ཤ་ཐོན་ཚད་ཏུན་ཁྲི0.67ཟིན་ནས1.5%འཕར་ཡོད། ཁུལ་ཡོངས་སུ་གསོ་ཕག་དང་གསོ་བྱའི་རིགས་ཁྲི2.27དང་ཁྲི157.1སོ་སོར་ཟིན་ནས8.1%དང8.7% འཕར་་ཡོད་པ་རེད།    སྤྱི་ལོ2011ལོར་ཆུས་ཡོངས་ཀྱི་ཆུ་ངོས་རྒྱ་ཁྱོན་ལ་སྤྱི་ཆིང1062ཟིན་པ་དེ་ལོ་གོང་མ་ལས་སྤྱི་ཆིང43འཕར་ནས4.2%འཕར་བ་དང་། ཆུ་ཐོན་དངོས་རྫས་ཐོན་ཚད་ཏུན་ཁྲི2.41ཟིན་པ་དེ་ལོ་གོང་མ་ལས5.7%འཕར་བ་དེའི་ནང་ཉ་ལི་ཡུས་ཐོན་ཚད་ཏུན་ཁྲི1.78ཟིན་པ་དེས་ཉ་རིགས་ཀྱི་སྤྱིའི་ཐོན་ཚད་ཀྱིས73.5%ཟིན་པ་རེད། 

4_2 ཐོན་ལས་གཉིས་པ།

སྤྱི་ལོ2011ལོར་ཧུའེ་ཅི་ཆུས་ཀྱི་ལོ་ཧྲིལ་པོར་བཟོ་ལས་ཡོངས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི209499ཟིན་པ་དེ་ལོ་གོང་མ་ལས16.7%འཕར་ཡོད། ལོ་ཧྲིལ་པོར་རང་ཁུལ་གྱི་གཞི་ཁྱོན་ཆེ་པའི་བཟོ་ལས་ཀྱི་ཁེ་ལས32ཀྱིས་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི190404ཟིན་པ་དེ་དུས་མཚུངས་ལས18%འཕར་བ་དང་རིམ་རྩིས་བྱས་ན་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི785575ཟིན་པ་དེ་དུས་མཚུངས་ལས18.5%འཕར་ཡོད། གཞི་ཁྱོན་མན་གྱི་བཟོ་ལས་ཁེ་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི19095ཟིན་ནས5.1%འཕར་ཡོད།            ཚད་ཐོན་ཡན་གྱི་བཟོ་ལས་ཁེ་ལས་ལ་དཔལ་འབྱོར་གྱི་རིགས་དབྱེ་ནས་བལྟས་ན། གཞུང་ཁོངས་དང་གཞུང་ཁོངས་མ་རྐང་ཚོད་འཛིན་ཁེ་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི1175ཟིན་པ་དང་འཕར་ཚད་ནི27.2%ཟིན་པ་དང་། མ་རྐང་ལམ་ལུགས་ཀྱི་ཁེ་ལས་ལ་འཕར་ཐང་སྒོར་ཁྲི82065ཟིན་ནས1.7%འཕར་བ། ཕྱི་རྒྱལ་གྱི་ཚོང་པ་དང་ཤང་ཀང་། ཨའོ་མོན། ཐའེ་དབན་བཅས་ཀྱི་མ་འཇོག་ཁེ་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི93017ཟིན་ནས34.0%འཕར་ཡོད། ཡང་བའི་བཟོ་ལས་དང་ལྕི་བའི་བཟོ་ལས་ལ་དབྱེ་ནས་བལྟས་ན། ཡང་བའི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི127242ཟིན་ནས25.6%འཕར་བ་དང་། ལྕི་བའི་བཟོ་ལས་ཀྱི་འཕར་ཐང་སྒོར་ཁྲི63162ཟིན་ནས5.9%འཕར་ཡོད།      སྤྱི་ལོ2011ལོར་ཧུའེ་ཅི་ཁུལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཐོན་ཚོང་བྱེད་ཚད་དེ་ཐོན་སྐྱེད་བརྟན་པོའི་ངང་འཕར་བ་དང་དུས་མཚུངས་ཆུ་ཚད་མཐོ་ཙམ་རྒྱུན་འཁྱོངས་ཐུབ་ཡོད། རིམ་རྩིས་བྱས་ན་བཟོ་ལས་བྲིན་ཚོང་གི་ཐོན་རྫས་རིན་ཐང་སྒོར་ཁྲི774857ཟིན་པ་དེ་དུས་མཚུངས་ལས20.2%འཕར་བ་དང་། ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད98.6%ཟིན་པ། ཁེ་སྤོགས་དང་དཔྱ་ཁྲལ་སྒོར་ཁྲི40099ཟིན་ནས25.4%འཕར་བ། ཁེ་སྤོགས་སྒོར་ཁྲི25868བྱུང་ནས22.3%འཕར་བ་རེད། 

4_3 ཐོན་ལས་གསུམ་པ།

སྤྱི་ལོ2011ལོར་ཧུའེ་ཅི་ཆུས་ཀྱིས་ལོ་རེར་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་ཁྲི888917བཏང་བ་དེ་ལོ་གོང་མ་ལས24.1%འཕར་བའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་ཁྲི824332བཏང་ནས25.3%འཕར་བ་དང་། ཞིང་དུད་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་ཁྲི་64585བཏང་ནས10.0%འཕར་ཡོད། མ་འཇོག་ཚན་པའི་ངོ་བོར་གཞིགས་ནས་དབྱེ་ན། གཞུང་ཁོངས་དང་གཞུང་ཁོངས་མ་རྐང་ཚོད་འཛིན་ཚན་པས་མ་དངུལ་སྒོར་ཁྲི258979བཏང་ནས9.4%འཕར་བ་དང་། ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཀྱི་ཚོང་པས་མ་དངུལ་སྒོར་ཁྲི13274བཏང་ནས42.5%ཆག་པ། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་སྒོར་ཁྲི55110བཏང་ནས82.4%འཕར་བ། དམངས་ཁྲོད་ཀྱིས་མ་དངུལ་སྒོར་ཁྲི518969བཏང་ནས40.5%འཕར་ཡོད།      ས་ཁང་བདག་ཁོངས་གསར་སྤེལ་ཐད་མ་དངུལ་སྒོར་ཁྲི259566བཏང་བ་དེ་ལོ་གོང་མ་ལས19.2%འཕར་བ་དེའི་ནང་སྡོད་ཁང་ཐད་མ་དངུལ་སྒོར་ཁྲི202914བཏང་ནས14.1%འཕར་བ་དང་། ཚོང་ཟོག་ཁང་པའི་ཨར་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི239.9ཟིན་ནས38.3%འཕར་བའི་ནང་སྡོད་ཁང་ཨར་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི200.9ཟིན་ནས35.6%འཕར་ཡོད་པ་རེད། ཚོང་སྒྱུར་སྡོད་ཁང་གསར་དུ་ལས་འགོ་བཙུགས་པའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི62.3ཟིན་ནས92.6%འཕར་བ། ཚོང་ཟོག་ཁང་པའི་ཕྱིར་ཚོང་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི32.4ཟིན་ནས41.1%ཆག་པ། ཕྱིར་ཚོང་དངུལ་གྲངས་སྒོར་དུང་ཕྱུར21.3ཟིན་ནས22.4%ཆག་ཡོད།      ཨར་སྐྲུན་རྣམ་གྲངས58ཡོད་པ་དེ་ལོ་གོང་མ་ལས19.4%ཆག་པའི་ནང་གསར་དུ་ལས་འགོ་ཚུགས་པའི་རྣམ་གྲངས28ཡོད་པ་དེ34.9%ཆག་པ་དང་། ཨར་ལས་གྲུབ་པའི་རྣམ་གྲངས30དང23.1%ཆག་ཡོད། རྣམ་གྲངས་བསྐྲུན་ཟིན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་ཚད51.7%ཟིན་ཡོད།      ཁུལ་ཨུད་དང་ཁུལ་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་ལས་འགོ་འཛུགས་པའི་འཛུགས་སྐྲུན་རྣམ་གྲངས63ནང་དངོས་སུ་རྣམ་གྲངས39བསྐྲུན་པ་དང་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར37.7བཏང་བ་དེས་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་བསྡོམས་འབོར་གྱི42.4%ཟིན་པ་དང་། ཁོངས་གཏོགས་ཁུལ་གྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་གཙོ་གནད་ལས་གྲྭ23ལ་དངོས་སུ་མ་དངུལ་སྒོར་དུང་ཕྱུར14.5བཏང་ཡོད་པ་རེད། 

5 མི་གྲངས།

སྤྱི་ལོ2013ལོའི་ལོ་མཇུག་ཏུ་ཧུའེ་ཅི་ཆུས་ཀྱི་རྒྱུན་སྡོད་མི་འབོར་ཁྲི274028ཟིན་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར184969ཡོད་པ་རེད། དུད་ཚང་བསྡོམས་འབོར91039ཟིན་ཡོད་པ་དང་། ལོ་རེར་ཆ་སྙོམས་མི་འབོར272982ཡོད། ཁུལ་ཡོངས་ཀྱི་མི་འབོར་སྐྱེ་ཚད10.35%ཟིན་པ་དང་། ཤི་ཚད4.01%ཟིན་པ། རང་བྱུང་འཕར་ཚད6.34%ཟིན་པ་བཅས་རེད།

6 སློབ་གསོ།
6_1 ཀྲིན་ཀྲོའུ་དགེ་འོས་སློབ་གླིང་།

ཀྲེང་ཀྲོའུ་དགེ་འོས་སློབ་གླིང་ནི་སློབ་གསོ་པུས་ཆོག་མཆན་གནང་ནས་བཙུགས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན་པ་དང་ སློབ་གྲྭས་ལོ60ཡི་སློབ་གཉེར་ལོ་རྒྱུས་དང་བསྟུད་མར་ལོ25རིང་ལ་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་ཆེད་སྦྱོང་རིམ་པའི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གསོ་སྐྱོང་བྱས་པའི་སློབ་གཉེར་ཉམས་མྱོང་ཡོད་པ་རེད།

6_2 ཀྲིན་ཀྲོའུ་བཟོ་སྐྲུན་ལག་རྩལ་སློབ་གླིང་།

ཀྲེང་ཀྲོའུ་བཟོ་སྐྲུན་ལག་རྩལ་སློབ་གླིང་ནི་སྤྱི་ལོ1980ལོར་བཙུགས་པ་རེད། རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཆོག་མཆན་བཀོད་དེ་བཙུགས་པའི་གཞུང་གཉེར་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་ཕྱོགས་བསྡུས་རང་བཞིན་ལྡན་པའི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན་ཞིང་། འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་རྒན་རབས་དང་སྐབས་དེར་ཀྲུང་གུང་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པའི་འགན་བཞེས་པ་བློ་མཐུན་ཁྲེན་ཡུན་གྱིས་སློབ་གྲྭའི་མཚན་བྱང་ཕྱག་བྲིས་མཛད་པ་རེད།སློབ་གྲྭ་ནི་ཧོ་ནན་ཞིང་ཆེན་ཀྲེང་ཀྲོའུ་གྲོང་ཁྱེར་བྱང་རྒྱུད་དུ་ཡོད་པ་དང་ས་ཁྱོན་མུའུ1000ལྷག་ཙམ་ཟིན་ཡོད། སློབ་གྲྭར་ན་ལས་གྲྭའི་ལག་རྩལ་སློབ་གླིང་དང་། རྫས་འགྱུར་བཟོ་ལས་བཟའ་བཅའི་སློབ་གླིང་། ཆ་འཕྲིན་ལས་གྲྭའི་སློབ་གླིང་། དོ་དམ་སློབ་གླིང་། དཔལ་འབྱོར་ཚོང་དོན་སློབ་གླིང་བཅས་བཙུགས་ཡོད་པ་དང་། རིག་གནས་དང་ཁྱབ་སྤེལ་སློབ་གླིང་དང་། སྒྱུ་རྩལ་སློབ་གླིང་། ལུས་རྩལ་སློབ་གླིང་། ཕྱི་རྒྱལ་སྐད་ཡིག་སློབ་གླིང་། འོན་པ་སྒྱུ་རྩལ་ཇུས་འགོད་སློབ་གླིང་། མུ་མཐུད་སློབ་གསོའི་སློབ་གླིང་དང་དེ་བཞིན་ཀུན་སྤྱོད་སློབ་གསོའི་སློབ་ཁྲིད་པུའུ། ལུས་རྩལ་སློབ་ཁྲིད་པུའུ། ལོ་ལྔའི་ལམ་ལུགས་ཀྱི་ཆེད་སྦྱོང་སློབ་ཁྲིད་པུའུ་བཅས་ཁྱོན་སློབ་ཁྲིད་སྒྲིག་གཞི14ཡོད་པ་རེད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཐོན་ལས་གཉིས་པ། ས་ཁམས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-01-13

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།