ས་ཁམས་ཀྱི་མངའ་ཁོངས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ས་ཁམས་ཀྱི་མངའ་ཁོངས།
དེ་ནི་ས་ཁམས་རིག་པ་སྨྲ་བ་མང་པོ་ཞིག་གིས་འཛམ་གླིང་སྟེང་གི་ས་ཁུལ་སོ་སོའི་རི་ལུང་དང་ས་དབྱིབས། མཁའ་དབུགས་སོགས་རང་བྱུང་ཁོར་ཡུག་དང་། དེ་དག་སོ་སོའི་ཐོན་རྫས་དང་འགྲིམ་འགྲུལ། སྡོད་གནས་དང་བཅས་པའི་སྤྱི་ཚོགས་དཔལ་འབྱོར་གྱི་གྲུབ་རྒྱུ་སྣ་ཚོགས་ལ་ཞིབ་འཇུག་བྱས་ཏེ་འཛམ་གླིང་ས་ཁམས་ཀྱི་མངའ་ཁོངས་དབྱེ་སྟངས་ཤིག་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
地理范围
1 ​ངོ་སྤྲོད།

དེ་ཡང་ས་ཁམས་རིག་པ་སྨྲ་བ་མང་པོ་ཞིག་གིས་འཛམ་གླིང་སྟེང་གི་ས་ཁུལ་སོ་སོའི་རི་ལུང་དང་ས་དབྱིབས། མཁའ་དབུགས་སོགས་རང་བྱུང་ཁོར་ཡུག་དང་། དེ་དག་སོ་སོའི་ཐོན་རྫས་དང་འགྲིམ་འགྲུལ། སྡོད་གནས་དང་བཅས་པའི་སྤྱི་ཚོགས་དཔལ་འབྱོར་གྱི་གྲུབ་རྒྱུ་སྣ་ཚོགས་ལ་ཞིབ་འཇུག་བྱས་ཏེ། སྡོམ་རྩིས་ཨང་གྲངས་དང་ཡི་གེའི་རྣམ་པར་ཞིབ་འབྲི་བྱས་ཀྱང་དེ་འདྲའི་གསལ་ཐག་ཆོད་པ་ཞིག་མ་བྱུང་། ཕྱིས་སུ་ཁོ་ཚོས་རིག་གནས་ཀྱི་རྒྱུ་ཆ་སྣ་ཚོགས་ས་ཁྲའི་སྟེང་དཔེ་རིས་སུ་བཀོད་པ་ན། ས་ཁོངས་སོ་སོའི་ཁྱད་པར་ནི་མངོན་གསལ་སྒོས་འཆར་འོང་། དེར་བརྟེན་མང་པོ་ཞིག་གིས་རིག་གནས་ལ་ཁྱབ་ཁོངས་ཕྱེས་ཏེ་ཞིབ་འཇུག་བྱེད་པའི་ཐབས་ལམ་འདི་བེད་སྤྱོད་བྱས་པ་ཡིན། ས་ཁམས་རིག་པ་སྨྲ་བ་རྣམས་ཀྱིས་གཅིག་གྱུར་གྱི་ཁྱད་ཆོས་འགའ་ཚད་གཞིར་བཟུང་སྟེ་ཁྱབ་ཁོངས་འབྱེད་པ་སྟེ། ཁ་ཤས་ཀྱིས་ས་དབྱིབས་ཆགས་ཚུལ་ཚད་གཞིར་བཟུང་སྟེ་བདེ་ཐང་དང་རི་ཁུལ། དེའུ་འབུར་སོགས་སུ་དབྱེ་བ་དང་། ཁ་ཤས་ཀྱིས་མཁའ་དབུགས་ཚད་གཞིར་བཟུང་སྟེ་ཚ་ཁུལ་དང་གྲང་ཁུལ། བརླན་ཁུལ་དང་སྐམ་ཁུལ་སོགས་སུ་འབྱེད། ཡང་ཁ་ཤས་ཀྱིས་དཔལ་འབྱོར་ཐོན་རྫས་ཚད་གཞིར་བཟུང་སྟེ་འབྲས་ཁུལ་དང་གྲོ་ཁུལ་སོགས་སུ་དབྱེའོ། །

2 རིགས་དབྱེ།

ས་ཁམས་ཀྱི་མངའ་ཁོངས་དབྱེ་སྟངས་ཐད་ལ་མཁས་པ་ཁ་ཤས་ཀྱིས་འཛམ་གླིང་ཡོངས་གཤམ་གསལ་གྱི་ས་ཁོངས་ལྟར་དབྱེ་བ་སྟེ། 1.སྐམ་སའི་བྱེ་ཁུལ། 2.ཚ་བའི་ནགས་ཁུལ། 3.དཀྱིལ་དབུས་རྒྱ་མཚོའི་ནགས་ཁུལ། 4.འཕྲེད་ཐིག་བར་མའི་དྲོད་སའི་ནགས་ཚལ། 5.རྩྭ་ཐང་ས་ཁུལ། 6.གླིང་སྣེའི་ནགས་ཁུལ། 7.གླིང་སྣེའི་ས་ཁུལ། 8.རི་མཐོན་པོའི་ས་ཁུལ་བཅས་སོ།། འདི་ལྟར་ས་གནས་ཀྱི་ཁྱབ་ཁོངས་ལ་དབྱེ་མཚམས་ཕྱེས་པ་ན།  རང་བྱུང་གི་རྒྱུ་རྐྱེན་དང་སྤྱི་ཚོགས་དཔལ་འབྱོར་གྱི་རྒྱུ་རྐྱེན་མང་པོ་ནི་མི་རྣམས་ཀྱི་མིག་མདུན་དུ་ཅུང་སྟབས་བདེའི་ངང་མངོན་འོང་ཞིང་། རྒྱུ་རྐྱེན་ཁ་ཤས་ཤིག་ལ་ས་གནས་མི་འདྲ་བ་སོ་སོའི་ཁྱད་པར་དེ་ཡང་ཆུ་ནང་གི་རྡོ་ཇི་བཞིན་གསལ་ལྷང་ངེར་མངོན་འོང་། དེ་ལྟར་ན་ས་ཁམས་སྣང་ཚུལ་ཁ་ཤས་ལ་འགྲེལ་བ་བྱས་པ་དེར་ཡང་རྨང་གཞི་ལྡན་པ་ཡིན་ནོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-25

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།