ཀྲེང་ཀྲོའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲེང་ཀྲོའུ།
ཀྲེང་ཀྲོའུ་ཞེས་པའི་བསྡུས་མིང་ལ་ཀྲེང་ཟེར། གནའ་བོའི་དུས་སུ་ཚོང་གྲོང་ཟེར་ཞིང་། ཧོ་ནན་ཞིང་ཆེན་གྱི་སྲིད་འཛིན་ལྟེ་གནས་དང་། ཀྲུང་གོའི་དབུས་རྒྱུད་ས་ཁུལ་གྱི་ལྟེ་བའི་གྲོང་ཁྱེར་གལ་ཆེན་དང་།རྒྱལ་ཁབ་ཀྱི་གལ་ཆེའི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས། ཚོང་དོན་ཟོག་འགྲེམས་ལྟེ་གནས་སོགས་ཡིན། ཧོ་ནན་ཞིང་ཆེན་དབུས་རྒྱུད་ཀྱི་བྱང་དུ་གནས་པ་དང་། ཤར་དུ་ཁའེ་ཧྥེང་དང་འབྲེལ་བ། ནུབ་ཏུ་ལུའོ་དབྱང་དང་འབྲེལ་བ། བྱང་དུ་རྨ་ཆུ་དང་ཤིན་ཞང་།ཅའོ་ཙུའོ་དང་ཁ་གཏད་དུ་གནས་པ། ལྷོ་རུ་ཞུས་ཁྲང་དང་ཕིང་ཏིང་རི་བོའི་ས་མཚམས་དང་འབྲེལ་བ།ས་ཁམས་གནས་ཚད་ནི་ཤར་གྱི་གཞུང་ཐིག112°42′-114°14′དང་། བྱང་གི་འཕྲེད་ཐིག34°16′-34°58′ཡིན། ཀྲེང་ཀྲོའུ་ནི་ཧྭ་ཞ་ཤེས་རིག་གི་འབྱུང་གནས་གལ་ཆེན་ཞིག་དང་།རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་དང་རྒྱལ་ཁབ་ཀྱིས་གཙོ་གནད་དུ་རྒྱབ་སྐྱོར་བྱེད་པའི་གནའ་ཤུལ་ཁུལ་ཆེན་པོ་དྲུག་གི་གྲས་བཅས་ཡིན། ཀྲེང་ཀྲོའུ་ནི་ལོ་རྒྱུས་ཐོག་རྒྱལ་ས་ཐེངས་ལྔ་བྱས་མྱོང་། སྤྱི་ལོ2017ལོའི་ཟླ་དང་པོར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་འཕྲིན་ཡིག་སྤྲིངས་ནས་ཀྲེང་ཀྲོའུ་རུ་རྒྱལ་ཁབ་ཀྱི་ལྟེ་བའི་གྲོང་ཁྱེར་བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
郑州
མིང་གཞན།
ཚོང་གྲོང་། ལྗང་གྲོང་།
ཁོངས་གཏོགས་ས་ཁུལ།
ཐད་སྐྱོང་གྲོང་ཁྱེར་ཆུས6དང་། རྫོང་རིམ་པའི་གྲོང་ཁྱེར5ཡོད།
ས་གནས།
ཀྲུང་ཡོན་ས་ཁུལ་གྱི་ཀྲུང་ཡོན་ནུབ་ལམ་ཨང233པ།
སྦྲག་སྲིད་ཁུལ་ཨང་།
450000
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ7446ཡོད།
མི་གྲངས།
མི་ཁྲི1013.6(2018ལོར)ཡོད།
ནམ་ཟླའི་ཆ་རྐྱེན།
དྲོད་རྒྱུད་དུས་རླུང་ནམ་ཟླ།
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར10143.3(2018ལོར)ཡོད།
མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར101349(2018ལོར)ཡོད།
1 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2017ལོའི་ལོ་མཇུག་བར་ཀྲེན་ཀྲོའུ་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས6དང་། རྫོང་རིམ་པའི་གྲོང་ཁྱེར5ཡོད།

སྤྱི་ལོ2018ལོར་གྲོང་ཁུལ་གྱི་རྒྱ་ཁྱོན་གྱིས་སྤྱི་ལེ་གྲུ་བཞི་མ1010ཟིན་པ་དང་། ལྟེ་བའི་གྲོང་ཁུལ་འཛུགས་སྐྲུན་ཁུལ་གྱི་རྒྱ་ཁྱོན་གྱིས་སྤྱི་ལེ་གྲུ་བཞི་མ549.33ཟིན་པ། གྲོང་ཁྱེར་ཁུལ་གྱི་འཛུགས་སྐྲུན་ཁུལ་གྱི་རྒྱ་ཁྱོན་གྱིས་སྤྱི་ལེ་གྲུ་བཞི་མ830.97ཟིན་པ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད72.2%ཟིན་ཡོད། 

2 ས་ཁམས་ཁོར་ཡུག
2_1 གནས་སའི་ཡུལ་ཁོངས།

ཀྲེང་ཀྲོའུ་གྲོང་ཁྱེར་ནི་ཀྲུང་གོའི་ཧྭ་པེ་བདེ་ཐང་གི་ལྷོ་རྒྱུད་དང་རྨ་ཆུའི་སྨད་རྒྱུད་དུ་ཆགས་ཡོད་པ་དང་། ཧོ་ནན་ཞིང་ཆེན་དབུས་རྒྱུད་ཀྱི་བྱང་ཕྱོགས་སུ་ཆགས་ཡོད། ཤར་ངོས་སུ་ཁའེ་ཧྥེང་དང་འབྲེལ་ཞིང་། ནུབ་ངོས་སུ་ལུའོ་དབྱང་དང་འབྲེལ་ཡོད། བྱང་ངོས་སུ་རྨ་ཆུ་དང་ཞིན་ཞང་།ཅའོ་ཙུའོ་དང་ཁ་གཏད་དུ་གནས་པ། ལྷོ་ཕྱོགས་སུ་ཞུས་ཁྲང་དང་ཕིན་ཏིན་རི་བོའི་ས་མཚམས་དང་འབྲེལ་ཡོད། གྲོང་ཁྱེར་དེ་ཤར་ནུབ་ཀྱི་རིང་ཚད་ཡོངས་ལ་སྤྱི་ལེ135-143དང་། ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ70-78ཡོད། མངའ་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ7446ཡོད། ཤར་གྱི་གཞུང་ཐིག་ནི112°42′-114°14′དང་། བྱང་གི་འཕྲེད་ཐིག34°16′-34°58′བར་དུ་གནས་ཡོད།

2_2 ས་དབྱིབས།

ཀྲེན་ཀྲོའུ་གྲོང་ཁྱེར་ནི་ཆིན་ལིན་གྱི་ཤར་ངོས་དང་། ཀྲུང་གོའི་རིམ་པ་གཉིས་པའི་ས་དབྱིབས་བང་རིམ་དང་རིམ་པ་གསུམ་པའི་ས་དབྱིབས་བང་རིམ་གྱི་རྩིས་སྤྲོད་རྩིས་ལེན་གྱི་བར་བརྒལ་ས་རྒྱུད་དུ་གནས་ཡོད། སྤྱིའི་ས་བབ་ནི་ལྷོ་ནུབ་མཐོ་ཞིང་བྱང་ཤར་དམའ་བས་སྐས་རིམ་གྱི་རྣམ་པ་ལྟར་མར་ཆག་པ་དང་། ནུབ་རྒྱུད་དང་ལྷོ་ནུབ་ཀྱི་གྲུབ་ཚུལ་གྱིས་བསླད་སྐྱོན་ཐེབས་པའི་རི་དམའ་འབྲིང་ཡིན་ལ། རིམ་བཞིན་གྲུབ་ཚུལ་གྱིས་རི་མ་ཐང་དང་། ས་སེར་རི་མ་ཐང་། གསེག་ངོས(སྒང)བདེ་ཐང་། རྡེབ་བསགས་བདེ་ཐང་བཅས་སུ་གྱུར་ནས་ཅུང་ཆ་ཚང་བའི་ས་དབྱིབས་རིམ་སྟར་ཆགས་ཡོད། དེའི་ནང་ནུབ་རྒྱུད་དང་ལྷོ་ནུབ་རྒྱུད་ཀྱི་དམའ་འབྲིང་གི་རི་བོ་ནི་སོ་སོར་སོན་ཧྲན་རི་བོ་དང་ཙའོ་ཧྲན་རི་བོ་ལས་གྲུབ་པ་དང་། དེ་གཉིས་ནི་ཤར་ནུབ་ཕྱོགས་སུ་མཉམ་གཤིབ་ཀྱི་སྒོ་ནས་ནུབ་རྒྱུད་ཀྱི་དབུས་རྒྱུད་དང་ལྷོ་རྒྱུད་ཀྱི་མཐའ་མཚམས་སུ་བཀྲམ་ཡོད། སོན་ཧྲན་གྱི་ས་བབ་མཐོ་ཚད་ནི་སྤྱིར་བཏང་དུ་སྨི500-1200ཡིན་པ་དང་། བལྟོས་བཅས་མཐོ་ཚད་ནི་སྨི་30-600ཡིན་པ་དང་། ཏེང་ཧྥེང་དང་། སྨི་གསར་པ་དང་། ཀུང་དབྱི། ཡན་དབྱང་བཅས་ཀྱི་རང་བྱུང་དབྱེ་མཚམས་ཆགས་ཡོད་ཅིང་། དེའི་ཆེས་མཐོ་བའི་རི་རྩེ་ཡུས་ཀྲའེ་རི་བོའི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1512.4ཡོད། ཙའོ་ཧྲན་གྱི་ས་བབ་མཐོ་ཚད་ནི་སྤྱིར་བཏང་དུ་སྨི500-800ཡིན་པ་དང་བལྟོས་བཅས་ཀྱི་མཐོ་ཚད་ཧེ་བག་སྨི200-400ཡིན་པས་ཀྲེང་ཀྲོའུ་གྲོང་ཁྱེར་གྱི་ལྷོ་ནུབ་མཐའ་མཚམས་སུ་གྲུབ་ཡོད། གྲུབ་ཚུལ་བཤུ་ཟད་དེའུ་འབུར་ནི་རི་མཐོ་འབྲིང་གི་མདུན་ཕྱོགས་སུ་གནས་པ་དང་། ས་བབ་མཐོ་ཚད་ནི་སྨི200-500ཡིན་ལ། བལྟོས་བཅས་ཀྱི་མཐོ་ཚད་ཧེ་བག་སྨི100-200ཡིན། ས་རིམ་བྲག་གཤིས་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་སྤྱིར་བཏང་གི་རྡོ་ཐལ་དང་བྱེ་རྡོ་ཁྱབ་ཁུལ་དུ་རྒྱུན་དུ་རི་བོ་སྐྱ་ཐེར་ལྟ་བུའི་ས་དབྱིབས་དངོས་གྲུབ་ཀྱི་ཡོད་ཅིང་། རྡོ་གཡམ་དང་འདམ་རྡོའི་ཁྱབ་ཁུལ་དུ་ཅུང་དམའ་བའི་ས་དབྱིབས་ལྡོག་མ་ཆགས་ཀྱིན་ཡོད། ས་སེར་རི་མ་ཐང་ནི་ལྗོངས་ནང་ཁུལ་གྱི་ནུབ་བྱང་རྒྱུད་དང་དབུས་བྱང་རྒྱུད་ཀྱི་ས་ཁུལ་དུ་ཆགས་ཡོད་པ་དང་། ས་བབ་མཐོ་ཚད་ནི་སྨི200-300ཡིན་པ་དང་། བལྟོས་བཅས་ཀྱི་མཐོ་ཚད་ལ་སྨི30-150ཡོད་པ། ས་ངོས་ཀྱི་ཡུར་བུ་འཕྲེད་གཞུང་དུ་ཆགས་པ། ས་བབ་ཁ་ཐོར་དགུ་ཐོར་ཡིན་པ། གསེག་པ(སྒང)བདེ་ཐང་ནི་དེའུ་འབུར་གྱི་མདུན་དུ་ཡོད་པ་དང་། ལྷོ་བྱང་གི་ཐག་དབྱིབས་བཀྲམ་ནས་དབུས་ཁུལ་དུ་ཡོད། ས་བབ་མཐོ་ཚད་སྨི100-150ཡིན་པ་དང་། ནུབ་ནས་ཤར་དང་། གཞུང་ནས་ཡར་དེའུ་འབུར་གྱི་མདུན་ནས་སྨད་རྒྱུད་བར་གསེག་ཡོད་པ་དང་། གསེག་ཚད་སྤྱིར་བཏང་དུ་ཏུའུ3-10ཡིན་པ་དང་། ལྷོ་ནས་བྱང་གི་འཕྲེད་ཕྱོགས་སུ་སྒང་དབྱིབས་ཕན་ཚུན་གྱི་རླབས་དབྱིབས་ནི་ལངས་འཇགས་ཀྱི་རྣམ་པར་མངོན་ཡོད། རྡེབ་བསགས་བདེ་ཐང་ནི་ཤར་ཕྱོགས་ས་ཁུལ་དུ་རྒྱ་ཆེན་པོར་ཁྱབ་ཡོད་པ་དང་། རྨ་ཆུའི་རྡེབ་བསགས་གྲུབ་པ་དང་། ས་བབ་ཁོད་སྙོམས་པ། ས་ངོས་མཐོ་ཚད་ནི་སྨི80-100ཡིན་ལ། ནུབ་བྱང་ནས་ཤར་ལྷོའི་ཕྱོགས་སུ་གསེག་ཡོད་པ་རེད།

2_3 ནམ་ཟླ།

ཀྲེང་ཀྲོའུ་གྲོང་ཁྱེར་ནི་བྱང་དྲོ་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་གནམ་གཤིས་ཀྱི་ཁོངས་སུ་གཏོགས་པ་དང་། གྲང་ངར་ཆེ་བའི་དྲོད་རླངས་ཚོགས་པ་བརྗེ་རེས་བྱེད་མང་བ་དང་དཔྱིད་དབྱར་སྟོན་དགུན་བཅས་དུས་བཞིའི་དབྱེ་མཚམས་གསལ་པོ་ཡོད། དགུན་དུས་རིང་ཞིང་གྲང་བ་དང་གངས་ཆར་ཉུང་བ། དཔྱིད་དུས་སྐམ་ཤས་ཆེ་ལ་ཆར་ཆུ་ཉུང་པ་དང་དཔྱིད་ཐན་མང་བ། གྲང་ངར་ཆེ་ལ་འགྱུར་ལྡོག་ཆེ་ལ་རླུང་ཆེན་མང་བ། དབྱར་དུས་ཚ་བ་ཆེ་བ་དང་ཆར་ཆུ་གཅིག་སྡུད་ཆེ་བ། སྟོན་དུས་གནམ་གཤིས་བསིལ་ལ་དུས་ཚོད་ཐུང་པས་ལོ་ཧྲིལ་པོར་ཆ་སྙོམས་དྲོད་ཚད་15.6℃ཟིན་ཡོད། ཟླ8པར་ཚ་བ་ཆེ་ཤོས་ཡིན་པ་དང་།      ཟླ་རེའི་ཆ་སྙོམས་དྲོད་ཚད25.9℃ཡིན་པ། ཟླ་དང་པོར་ཆེས་གྲང་བ་དང་། ཟླ་བའི་ཆ་སྙོམས་དྲོད་ཚད2.15℃ཡིན། ལོ་ཧྲིལ་པོར་ཆ་སྙོམས་ཆར་པ་འབབ་ཚད་སྨི542.15ཟིན་པ་དང་སད་མེད་པའི་དུས་ཀྱི་ཉིན་ནི209ཡིན། ལོ་ཧྲིལ་པོར་ཉི་འོད་ཕོག་ཡུན་ཆུ་ཚོད་1869.7བཅས་ཟིན་ཡོད།

2_4 ཆུ་དཔྱད།

ཀྲེང་ཀྲོའུ་གྲོང་ཁྱེར་གྱི་མངའ་ཁོངས་སུ་ཆུ་བོ་ཆེ་ཆུང124ཡོད་པ་དང་འབབ་རྒྱུད་ཀྱི་རྒྱ་ཁྱོན་ཅུང་ཆེ་བའི་ཆུ་བོ29ཡོད།

རྨ་ཆུ་དང་ཧོའེ་ཧོ་ཆུ་བོའི་རྒྱུད་ཆེན་པོ་གཉིས་ལ་གཏོགས་པ་རེད། ཀྲེང་ཀྲོའུ་གྲོང་ཁྱེར་མངའ་ཁོངས་ཀྱི་དབྱི་ལུའོ་གཙང་པོ་དང་། ཆི་ཧྲུའེ་གཙང་པོ། ཀན་ཧོ་གཙང་པོ་བཅས་ནི་རྨ་ཆུའི་ཆུ་ལག་ལྟ་བུ་ཡིན། དབྱི་ལུའོ་ཆུ་བོ་ནི་ལུའོ་ཧོ་གཙང་པོ་དང་དབྱི་ཧོ་གཙང་པོ་གཉིས་བསྣོལ་རྗེས་ཆགས་པ་དང་སྤྱིའི་རིང་ཚད་སྤྱི་ལེ447ཡོད་པ་རེད། ཞི་ཀྲི་ཧྥུ་ནི་ཞིན་སྨི་གྲོང་ཁྱེར་གྱི་ཅན་ཧྲན་ཞང་གི་ཐེན་ཏི་ཝན་གྲོང་ཚོའི་མཛུབ་ལྔའི་བྱང་ངོས་ནས་བྱུང་བ་དང་། ཞི་ཀྲི་ཧྥུ་ནི་ཞིན་སྨི་གྲོང་ཁྱེར་གྱི་ཅན་ཧྲན་ཞང་གི་ཀུང་སྨི་ཀོན་གྲོང་ཚོའི་བྱང་ངོས་ཀྱི་མཛུབ་ལྔ་ལྡན་ལིང་ཏུང་ཉིའུ་ཏན་རི་བོ་ནས་བྱུང་བ་རེད། ཀུའུ་ཧོ་ཆུ་བོ་ནི་གནའ་དུས“ཁྲུའུ་རན་ཆུ་བོ་”ཞེས་འབོད་སྲོལ་ཡོད། ཅིན་ཧྲུའེ་གཙང་པོ་ནི་ལྷོ་ནུབ་ནས་བྱང་ཤར་བར་གྱི་བཞུར་རྒྱུན་ཡིན་པ་དང་། ཅིན་ཧྲུའེ་དེ་ཀུའོ་ཅ་ཙུའེ་ཆུ་མཛོད་དང་ཏི་ཧུའུ་ཆུ་མཛོད(དེ་སྔའི་ཅིན་ཧའེ་ཆུ་མཛོད)བརྒྱུད་དེ་ཀྲེང་ཀྲོའུ་གྲོང་ཁྱེར་དུ་བསྐྱོད་པ་ཡིན།

3  རང་བྱུང་ཐོན་ཁུངས།  
3_1   ཆུའི་ཐོན་ཁུངས།    

ཀྲེང་ཀྲོའུ་གྲོང་ཁྱེར་དུ་ལོ་མང་པོའི་རིང་གི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ནི་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར42.6དང་། ས་ངོས་ཆུའི་ཐོན་ཁུངས་ཀྱི་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར4.94  ས་འོག་ཆུའི་ཐོན་ཁུངས་ཀྱི་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར9.53  ས་ངོས་ཀྱི་ཆུ་དང་ས་འོག་ཆུའི་བསྐྱར་ཟློས་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར3.24   ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར11.24   ཆུ་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི15.1  མི་རེའི་ཆ་སྙོམས་ཆུའི་ཐོན་ཁུངས་ཀྱི་ཚད་སྨི་རྒྱ་དཔངས་གྲུ་བཞི་མ179   མུའུ་རེའི་ཆ་སྙོམས་ཆུའི་ཐོན་ཁུངས་ཀྱི་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར256བཅས་ཡིན་པ་རེད།

3_2 རྩི་ཤིང་ཐོན་ཁུངས།  

ཀྲེང་ཀྲོའུ་གྲོང་ཁྱེར་ནི་རྩི་ཤིང་ཁུལ་གྱི་ཁོངས་སུ་དབྱེ་ན་དྲོད་ཁུལ་གྱི་ལོ་ལྷུང་ལོ་མ་ཆེ་བའི་ནགས་ཚལ་གྱི་རྩི་ཤིང་གི་ཁོངས་སུ་གཏོགས།  རྩི་ཤིང་གི་ཐོན་ཁུངས་ནི་ཧྲན་ཧྲན་རྩི་ཤིང་དང་རྨ་ཆུའི་འདམ་རའི་རྩི་ཤིང་དཔེ་མཚོན་དུ་བྱས་ཡོད། ཀྲེན་ཀྲོའུ་གྲོང་ཁྱེར་དུ་ཁྱོན་ཤིང་ཚན78དང་། ཁོངས250ལྷག་ཙམ། རིགས400ལྷག་ཙམ་བཅས་ཡོད་པ་དང་། རྒྱུན་དུ་མཐོང་བའི་རྩི་ཤིང་ལ་སྦྱར་དཀར་དང་། ཏ་ཀོན་དབྱང་། ཐན་དབྱང་། དྲི་ངན་ཁྲུན། ཤུག་པ། ཤིང་སྡོང་། དབྱི་མུའུ་རྩྭ། མཱ་ཐང་། གླང་རྒྱུས་རྩྭ། ཁྱི་རྔ་རྩྭ་སོགས་ཡོད། རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོང་བྱེད་པའི་རི་སྐྱེས་རྩི་ཤིང་ལ་ཁམ་བུ་དཀར་པོ་དང་། རི་སྐྱེས་སྲན་ཆེན། རི་སྐྱེས་པད་མ་སོགས་ཚན3ཡོད་པ་དང་། གཞན་ཡང་ཧོ་ནན་ཞིང་ཆེན་གྱིས་གཙོ་གནད་དུ་སྲུང་སྐྱོང་བྱེད་པའི་རི་སྐྱེས་རྩི་ཤིང་མང་པོ་ཡོད། དངོས་རིགས་དེ་དག་ཀྲེང་ཀྲོའུ་གྲོང་ཁྱེར་རི་ཁུལ་དང་རྨ་ཆུའི་འདམ་རར་གཅིག་སྡུད་བྱས་ཡོད།

4 དཔལ་འབྱོར།       

སྤྱི་ལོ2018ལོར་ཀྲེང་ཀྲོའུ་གྲོང་ཁྱེར་གྱི་དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་ལས་བརྒལ་ནས་སྒོར་དུང་ཕྱུར10143.3ཟིན་ཡོད། ལོ་གོང་མ་ལས8.1%འཕར་བ། མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར101349ཡིན་ཞིང་། ལོ་གོང་མ་ལས5.8%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར147.1ཟིན་ནས2.1%འཕར་བ། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར4450.7ཟིན་ནས8.1%འཕར་བ། དེའི་ནང་བཟོ་ལས་ཡོངས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར3746.2ཟིན་ནས6.9%འཕར་བ། ཨར་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར708.6ཟིན་ནས16.5%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར5545.5ཟིན་ནས8.3%འཕར་བ། དེའི་ནང་འགྲིམ་འགྲུལ་སྐྱེལ་འདྲེན་དང་། མཛོད་ཉར། སྦྲག་ལས་བཅས་ཀྱི་འཕར་ཐང་སྒོར་དུང་ཕྱུར557.3ཟིན་ནས5.7%འཕར་བ་དང་། སྡེབ་ཚོང་དང་སིལ་ཚོང་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར798ཟིན་ནས4.3%འཕར་བ། ཞག་སྡོད་དང་བཟའ་བཏུང་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར380.4ཟིན་ནས5.8%འཕར་བ། དངུལ་རྩའི་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར1145.8ཟིན་ནས5.8%འཕར་བ། ས་ཁང་བདག་ཁོངས་ཐོན་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར693.9ཟིན་ནས8.5%འཕར་བ། ཁེ་གཉེར་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར924.3ཟིན་ནས21.3%འཕར་བ། ཁེ་གཉེར་རང་བཞིན་མ་ཡིན་པའི་ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར1036.4ཟིན་ནས5.2%འཕར་ཡོད། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལ་འཕར་ཐང་སྒོར་དུང་ཕྱུར5955.4ལེགས་གྲུབ་བྱུང་བས8%འཕར་བ་དང་། ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་ཟིན་པའི་བསྡུར་ཚད་བརྒྱ་ཆ58.7ཟིན་ཡོད། ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད73.4%ཟིན་ནས་ལོ་གོང་མ་ལས1.2%འཕར་ཡོད།

སྤྱི་ལོ2018ལོར་གྲོང་ཁྱེར་དེ་ཡོངས་སུ་ས་གནས་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར1903ཟིན་པ་དེ་ལོ་གོང་མ་ལས10.2%འཕར་བ་དང་། ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར1152.1ཡིན་པས9.0%འཕར་རྒྱུ། དེའི་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར859.5ཟིན་ནས10.9%འཕར་བ་དང་། གྲོང་ཁྱེར་གྱི་རིམ་པ་དེ་གའི་ཡོང་འབབ་སྒོར་དུང་ཕྱུར439.3ཟིན་ནས6.2%འཕར་ཡོད། ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ཁྲོད་སྒེར་འབབ་དཔྱ་ཁྲལ་སྒོར་དུང་ཕྱུར46.1ཟིན་ནས13.8%འཕར་བ་དང་། ཁེ་ལས་ཀྱི་འབབ་ཁྲལ་སྒོར་དུང་ཕྱུར148ཟིན་ནས2.7%འཕར་བ། གནས་ཐང་འཕར་ཁྲལ་སྒོར་དུང་ཕྱུར303.6ཟིན་ནས11.3%འཕར་བ། གན་ཁྲལ་སྒོར་དུང་ཕྱུར96.1ཟིན་ནས9.3%འཕར་བ། ཁང་པའི་དཔྱ་ཁྲལ་སྒོར་དུང་ཕྱུར27.7ཟིན་ནས13.2%འཕར་ཡོད།      སྤྱི་ལོ2018ལོར། ལོ་ཧྲིལ་པོར་ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར1763.3ཟིན་པ་དེ་ལོ་གོང་མ་ལས16.4%འཕར་ཡོད། དེའི་ནང་སྤྱིར་བཏང་གི་སྤྱི་པའི་ཞབས་ཞུའི་གཏོང་སྒོ་སྒོར་དུང་ཕྱུར141.3ཡིན་པས20.3%འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་གཏོང་སྒོ་སྒོར་དུང་ཕྱུར597.8ཟིན་པ་དེ་1.4%འཕར་བ། སློབ་གསོའི་འགྲོ་གྲོན་སྒོར་དུང་ཕྱུར213བཏང་ནས21%འཕར་བ། སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར97.9ཡིན་པས7.8%འཕར་བ། ཚན་རིག་ལག་རྩལ་གྱི་གཏོང་སྒོ་སྒོར་དུང་ཕྱུར36.4ཟིན་ནས7%འཕར་བ། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར115.2ཟིན་པས་བརྒྱ་ཆ21.8འཕར་ཡོད། སྤྱི་པའི་བདེ་འཇགས་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར74.8ཟིན་པས11.2%འཕར་ཡོད། ཞིང་ནགས་ཆུ་གསུམ་གྱི་ལས་དོན་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་73.9ཟིན་པས12.1%འཕར་ཡོད།      

4_1  ཐོན་ལས་དང་པོ།  

སྤྱི་ལོ2018ལོར་ཀྲེང་ཀྲོའུ་གྲོང་ཁྱེར་གྱི་འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན་ཁྲི157.3ཟིན་པ་དེ་ལོ་གོང་མ་ལས1.5%ཆག་པ་དང་། དེའི་ནང་དབྱར་འབྲུའི་ཐོན་ཚད་ཏུན་ཁྲི78.8ཟིན་ནས1.5%ཆག་པ་དང་། སྟོན་འབྲུ་ཐོན་ཚད་ཏུན་ཁྲི78.5ཟིན་ནས7%འཕར་ཡོད། ལོ་ཧྲིལ་པོར་འབྲུ་རིགས་ལོ་ཏོག་འདེབས་ཁྱོན་སྤྱི་ཆིང་སྟོང324.7ཟིན་པ་དེ་ལོ་གོང་མ་ལས1.3%ཆག་པ་དང་། དེའི་ནང་དབྱར་འབྲུའི་འདེབས་ཁྱོན་སྤྱི་ཆིང་སྟོང165.5ཟིན་ནས0.1%འཕར་བ་དང་། སྟོན་འབྲུའི་འདེབས་ཁྱོན་སྤྱི་ཆིང159.1ཟིན་ནས2.8%ཆག་ཡོད།

4_2 ཐོན་ལས་གཉིས་པ།    

སྤྱི་ལོ2018ལོར་ཀྲེང་ཀྲོའུ་གྲོང་ཁྱེར་གྱི་ལོ་ཧྲིལ་པོའི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་རིན་ཐང་འཕར་མ་ལོ་གོང་མ་ལས6.8%འཕར་བ་དང་། དེའི་ནང་ལག་རྩལ་མཐོ་བའི་ཐོན་ལས་ཀྱི་གནས་ཐང་འཕར་ཚད་ལོ་གོང་མ་ལས12.4%འཕར་ཡོད། དཔལ་འབྱོར་གྱི་རིགས་དབྱེ་ནས་བལྟས་ན། གཞུང་ཁོངས་ཁེ་ལས་ཀྱི་རིན་ཐང་འཕར་མ་ལོ་གོང་མ་ལས3.8%འཕར་བ་དང་། ཐུན་མོང་ཁེ་ལས་ཀྱི་གནས་ཐང་འཕར་ཚད་ལོ་གོང་མ་ལས32.3%ཆག་ཡོད། མ་རྐང་ལམ་ལུགས་ཀྱི་ཁེ་ལས་ཀྱི་གནས་ཐང་འཕར་ཚད་ལོ་གོང་མ་ལས9.6%ཆག་པ། རིགས་གཞན་དག་གི་འཕར་ཐང་ལོ་སྔོན་མ་ལས7.8%འཕར་སྣོན་བྱུང་། ཡང་བའི་བཟོ་ལས་དང་ལྕི་བའི་བཟོ་ལས་ལ་གཞིགས་ན། ཡང་བའི་བཟོ་ལས་ཀྱི་རིན་ཐང་འཕར་མ་ལོ་གོང་མ་ལས་4.0%འཕར་བ་དང་། ལྕི་བའི་བཟོ་ལས་ཀྱི་འཕར་ཐང་སྔ་ལོ་ལས8.8%འཕར་ཡོད། གཙོ་ཁྲིད་ཐོན་ལས་ཆེ་གྲས་བདུན་གྱི་རིན་ཐང་འཕར་མ་ལོ་གོང་མ་ལས་7.6%འཕར་བ། བསྡོམས་འབོར་གྱིས་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་གི72.2%ཟིན་ཡོད། དེའི་ནང་སྒུལ་བདེའི་འཕྲིན་གཏོང་ལག་ཁྱེར་ཁ་པར་ཁྲི19805.9ཟིན་ནས་32.9%ཆག་པ། རླངས་འཁོར་ཐོན་ཚད་ཁྲི58.9ཟིན་ནས24.1%ཆག་པ། ནུས་རྒྱུ་གསར་པའི་རླངས་འཁོར་ཁྲི3.9ཟིན་ནས12.9%འཕར་བ། ཧ་ཡང་རྒྱུ་ཆ་ཏུན་ཁྲི404.8ཟིན་ནས16%འཕར་བ། ཏུན་ཁྲི12.4ཟིན་ནས23.4%ཆག་པ། ངར་ལྕགས་རྒྱུ་ཆས་ཐོན་ཚད་ཏུན་ཁྲི197.5ཟིན་ནས46.5%འཕར་བ། མགྱོགས་འཁྱགས་བཟའ་བཅའི་ཐོན་འབབ་ཏུན་ཁྲི125.5ཟིན་ནས3.2%འཕར་བ། མེ་ཐུབ་རྒྱུ་ཆའི་ཐོན་རྫས་ཐོན་ཚད་ཏུན་ཁྲི744.8ཟིན་ནས14.5%འཕར་བ། གྱོན་ཆས་ཐོན་ཚད་དུང་ཕྱུར0.3ཟིན་ནས8.5%ཆག་པ། ཨར་འདམ་ཐོན་ཚད་ཏུན་ཁྲི1363.8ཟིན་ནས6.0%ཆག་པ། བསྒྲིལ་ཐ་དུང་ཕྱུར1525.4ཟིན་ནས0.6%འཕར་བ། གློག་ཤུགས་གློག་ཐག་སྟོང་སྨི་ཁྲི12.3ཟིན་ནས23%ཆག་ཡོད།      སྤྱི་ལོ2018ལོར་ཀྲེན་ཀྲོའུ་གྲོང་ཁྱེར་གྱི་ལོ་ཧྲིལ་པོའི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་གཙོ་གཉེར་ལས་སྒོའི་ཡོང་འབབ་ལོ་གོང་མ་ལས4.8%འཕར་བ་དང་། ཁེ་སྤོགས་དང་དཔྱ་ཁྲལ་བསྡོམས་འབོར8.3%འཕར་བ། ཁེ་སྤོགས་བསྡོམས་འབོར6.1%འཕར་བ། ཐོན་འཚོང་བྱེད་ཚད98.6%ཟིན།      སྤྱི་ལོ2018ལོར་ཀྲེན་ཀྲོའུ་གྲོང་ཁྱེར་འཛུགས་སྐྲུན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར4225.3ཟིན་པ་དེ་ལོ་གོང་མ་ལས20.9%འཕར་བ་དང་། རིན་ཐང་འཕར་མ་སྒོར་དུང་ཕྱུར708.6ཟིན་ནས་སྔ་ལོ་ལས16.5%འཕར་ཡོད། ཨར་སྐྲུན་ཁེ་ལས་ཀྱི་ཨར་སྐྲུན་ཁང་པའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི32046.7ཟིན་ནས་34.8%འཕར་བ། ཁང་པའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི4950.2ཟིན་ནས12.3%འཕར་ཡོད།

4_3 ཐོན་ལས་གསུམ་པ། 

གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་པ།      སྤྱི་ལོ2018ལོར་ཀྲེན་ཀྲོའུ་གྲོང་ཁྱེར་གྱིས་ལོ་ཧྲིལ་པོའི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་ལོ་གོང་མ་ལས10.9%འཕར་ཡོད། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོར་མ་འཇོག་བྱེད་ཚད33.3%འཕར་བ་དང་། ཐོན་ལས་གཉིས་པའི་མ་འཇོག9.8%འཕར་བ། བཟོ་ལས་ལ་མ་དངུལ་འཇོག་གྲངས11.8%འཕར་བ། ཐོན་ལས་གསུམ་པའི་མ་འཇོག10.9%འཕར་ཡོད། རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་འཇོག་གྲངས41.7%འཕར་བ། ཐོན་ལས་གཅིག་སྡུད་ཁུལ་གྱི་གཏན་འཇགས་རྒྱུ་ནོར་ཐད་མ་འཇོག་བྱེད་ཚད་0.9%ཆག་ཡོད། ལོ་ཧྲིལ་པོའི་གཏན་འཇགས་རྒྱུ་ནོར་གྱི་ཨར་ལས་རྣམ་གྲངས2181ཡོད་པ་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར12513.3གཏོང་རྩིས་ཡོད་པ་དེ་ལོ་གོང་མ་ལས་11.3%འཕར་བ་དང་། གསར་དུ་ལས་འགོ་ཚུགས་པའི་རྣམ་གྲངས1025ཡོད་པ་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར3208.6གཏོང་རྩིས་ཡོད་པ་དེ་ལོ་གོང་མ་ལས4.3%ཆག་ཡོད། ལོ་ཧྲིལ་པོར་ས་ཁང་བདག་ཁོངས་གསར་སྤེལ་ཐད་མ་དངུལ་འཇོག་གྲངས་སྔ་ལོ་ལས3.0%ཆག་པ་དང་། དེའི་ནང་སྡོད་ཁང་གི་མ་འཇོག3.0%ཆག་ཡོད། ཚོང་ཟོག་ཁང་པའི་ཨར་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི18643.1ཟིན་པ་དེ་ལོ་གོང་མ་ལས13.8%འཕར་བ། དེའི་ནང་སྡོད་ཁང་ཨར་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི12714.8ཟིན་ནས13.1%འཕར་ཡོད་པ་རེད། ཚོང་སྒྱུར་སྡོད་ཁང་གསར་དུ་ལས་འགོ་བཙུགས་པའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི4363.5ཟིན་ནས20.1%ཆག་པ། དེའི་ནང་སྡོད་ཁང་སྨི་གྲུ་བཞི་མ་ཁྲི3006.9ཟིན་ནས22.7%ཆག་ཡོད། ཚོང་ཟོག་སྡོད་ཁང་ལས་མཇུག་འགྲིལ་བའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི1946.1ཟིན་ནས27.4%འཕར་བ། དེའི་ནང་སྡོད་ཁང་སྨི་གྲུ་བཞི་མ་ཁྲི1357.1ཟིན་ནས33.2%འཕར་ཡོད། ཁང་པའི་ཕྱིར་ཚོང་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི3712.1ཟིན་ནས19.8%འཕར་བ། ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར3134ཟིན་ནས17.2%འཕར་བ། ཁང་པའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི570.7ཟིན་ནས26.5%འཕར་ཡོད།    རྒྱལ་ནང་ཉོ་ཚོང་།      སྤྱི་ལོ2018ལོར་ཀྲེང་ཀྲོའུ་གྲོང་ཁྱེར་གྱིས་ལོ་ཧྲིལ་པོར་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར4268.1ཟིན་པ་དེ་ལོ་གོང་མ་ལས9.7%འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་དབྱེ་ནས་བལྟས་ན། གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར3549.8ཟིན་ནས9.4%འཕར་བ་དང་། གྲོང་གསེབ་ཀྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར378ཟིན་ནས11.4%འཕར་ཡོད། ལས་རིགས་དབྱེ་ནས་བལྟས་ཚེ་སྡེབ་ཚོང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར425.6ཟིན་ནས5.1%འཕར་བ་དང་། སིལ་ཚོང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར2840.5ཟིན་ནས9.7%འཕར་བ། ཞག་སྡོད་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར23.3ཟིན་ནས3.8%འཕར་བ། བཟའ་བཏུང་ལས་རིགས་ཀྱི་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར638.4ཟིན་ནས12.8%འཕར་ཡོད།      སྤྱི་ལོ2018ལོར་ཀྲེང་ཀྲོའུ་གྲོང་ཁྱེར་གྱི་ལོ་ཧྲིལ་པོའི་བཅད་གྲངས་ཡན་གྱི་སྡེབ་ཚོང་དང་སིལ་ཚོང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར1863ཟིན་པ་དེ་ལོ་གོང་མ་ལས9.7%འཕར་ཡོད། དེའི་ནང་འབྲུ་སྣུམ་དང་བཟའ་བཅའི་རིགས་ལ་སྒོར་དུང་ཕྱུར143.8ཟིན་ནས26.8%འཕར་བ། གྱོན་ཆས་དང་། ལྷམ་ཞྭ། ཁབ་བསླས་ཐོན་རྫས་རིགས་བཅས་ལ་སྒོར་དུང་ཕྱུར166.7ཟིན་ནས12.4%འཕར་བ། གསེར་དངུལ་མུ་ཏིག་དང་ནོར་བུའི་རིགས་ལ་སྒོར་དུང་ཕྱུར27.7བཏང་ནས7.4%འཕར་བ། ཉིན་མཁོའི་དངོས་རྫས་རིགས་སྒོར་དུང་ཕྱུར86.8ཟིན་ནས24.4%འཕར་བ། ལྕགས་རིགས་དང་གློག་ཆས་རིགས་ལ་སྒོར་དུང་ཕྱུར17.8བཏང་ནས19.9%འཕར་བ། ཁྱིམ་ཆས་རིགས་ལ་སྒོར་དུང་ཕྱུར11.1ཟིན་ནས7.3%འཕར་བ། རྡོ་སྣུམ་དང་དེ་བཞིན་བཟོས་རྫས་རིགས་ལ་སྒོར་དུང་ཕྱུར157.3ཟིན་ནས་13.2%འཕར་བ། རླངས་འཁོར་རིགས་ལ་སྒོར་དུང་ཕྱུར736.8ཟིན་ནས1.9%ཆག་པ། རྡོ་སོལ་དང་བཟོས་རྫས་རིགས་ལ་སྒོར་དུང་ཕྱུར0.2ཟིན་ནས71.4%ཆག་ཡོད། བཅད་གྲངས་ཡན་གྱི་ཞག་སྡོད་དང་བཟའ་བཏུང་ལས་རིགས་ཀྱི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར144.6ཟིན་པ་དེ་ལོ་གོང་མ་ལས8.6%འཕར་ཡོད།      ཕྱི་ཕྱོགས་དཔལ་འབྱོར།      སྤྱི་ལོ2018ལོར་ཀྲེང་ཀྲོའུ་གྲོང་ཁྱེར་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར4105ཟིན་པ་དེ་ལོ་གོང་མ་ལས2.2%འཕར་བ་དང་། དེའི་ནང་ནང་འདྲེན་སྒོར་དུང་ཕྱུར1527.9ཟིན་ནས9.5%ཆག་པ། ཕྱིར་གཏོང་སྒོར་དུང་ཕྱུར2577.1ཟིན་ནས10.7%འཕར་ཡོད། ཕྱིར་གཏོང་བསྡོམས་འབོར་ནང་སྤྱིར་བཏང་གི་ཉོ་ཚོང་ཕྱིར་གཏོང་སྒོར་དུང་ཕྱུར4047.1ཟིན་ནས15.8%འཕར་བ་དང་། ལས་སྣོན་ཉོ་ཚོང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར2148.8ཟིན་ནས9.7%འཕར་བ། འཕྲུལ་གློག་ཐོན་རྫས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར2359.3ཟིན་ནས10.5%འཕར་བ། ལག་རྩལ་མཐོ་གསར་གྱི་ཐོན་རྫས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར2210.6ཟིན་ནས9.8%འཕར་ཡོད། ལོ་ཧྲིལ་པོར་ཕྱི་རྒྱལ་གྱིས་མ་དངུལ་བཞག་པའི་ཁེ་ལས་ཁག82ཡོད་པ་དེ་སྔ་ལོ་ལས3.8%འཕར་ཡོད། གན་རྒྱའི་ནང་ཕྱི་རྒྱལ་གྱི་མ་དངུལ་སྤྱོད་ཚད་ཨ་སྒོར་དུང་ཕྱུར11.5ཟིན་ནས67.3%ཆག་པ། ཕྱི་རྒྱལ་གྱི་ཚོང་པས་ཐད་ཀར་བཞག་པའི་མ་དངུལ་ཨ་སྒོར་དུང་ཕྱུར42.1དངོས་སུ་བེད་སྤྱོད་བྱས་པས4.0%འཕར་བ། མངའ་ཁོངས་ཕྱི་ནང་གི་མ་དངུལ་སྒོར་དུང་ཕྱུར2108ནང་འདྲེན་བྱས་པ་དེ7.8%འཕར་ཡོད།    ལོ་ཧྲིལ་པོར་མངའ་ཁོངས་ཕྱིར་མ་དངུལ་འཇོག་གྲངས་ཨ་སྒོར་དུང་ཕྱུར6.9ཟིན་པ་དེ་སྔ་ལོ་ལས51.9%འཕར་ཡོད།   ལོ་ཧྲིལ་པོར་རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཉོ་ཚོང་གི་དངོས་ཟོག་དབོར་འདྲེན་བྱེད་ཚད་ཁྲི7515ཟིན་པ་དེ་ལོ་གོང་མ་ལས2.3%འཕར་བ། དངོས་ཟོག་རིན་ཐང་སྒོར་དུང་ཕྱུར96.1ཟིན་ནས2.9%ཆག་ཡོད།     དངུལ་རྩ།     སྤྱི་ལོ2018ལོར་ཀྲེང་ཀྲོའུ་གྲོང་ཁྱེར་དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར21767.2ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་སྒོར་དུང་ཕྱུར1417.6འཕར་བ་དང7.0%འཕར་བ་རེད། དེའི་ནང་ཁྱིམ་དུད་ཀྱི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར7157.3ཟིན་པས་སྒོར་དུང་ཕྱུར618.4ཇེ་མང་དུ་སོང་པ་དང9.5%འཕར་ཡོད། དངུལ་རྩའི་སྒྲིག་གཞིའི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར21202.2ཟིན་པས་སྒོར་དུང་ཕྱུར3206.2ཇེ་མང་དུ་སོང་པ་དང་17.8%འཕར་ཡོད།      ཡུལ་སྐོར།      སྤྱི་ལོ2018ལོར་ཀྲེང་ཀྲོའུ་གྲོང་ཁྱེར་དུ་ལོ་ཧྲིལ་པོར་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར1387.4ཟིན་པ་དེ་ལོ་གོང་མ་ལས16.1%འཕར་བ་དང་། ལའེ་ཀྲེན་དུ་ཡུལ་སྐོར་དུ་ཡོང་མཁན་མི་ཐེངས་ཁྲི11410ཟིན་པ་དེ་ལོ་གོང་མ་ལས13.1%འཕར་བ། དེའི་ནང་རྒྱལ་སྤྱིའི་ཡུལ་སྐོར་བ་མི་ཐེངས་ཁྲི52.7ཟིན་ནས4.8%འཕར་བ། རྒྱལ་ནང་གི་ཡུལ་སྐོར་མི་གྲངས་ཁྲི11357.3ཟིན་ནས13.1%འཕར་ཡོད། ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་སུ་ཁྱོན་ཡུལ་སྐོར་ལས་དོན་ཁང311དང་། སྐར་མ་རིམ་པའི་མགྲོན་བྲང80དང་ Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ42      4Aརིམ་པའི་མཛེས་ལྗོངས་ཁུལ18བཅས་ཡོད།

5 གྲོང་ཁྱེར་འཛུགས་སྐྲུན།

སྤྱི་ལོ2018ལོར་ལོ་ཧྲིལ་པོར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར560.3ཟིན་པ་དེ་ལོ་གོང་མ་ལས3.1%འཕར་བའི་ནང་བཟོ་ལས་ཀྱི་གློག་སྤྱོད་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར297.5ཟིན་ནས3.2%ཆག་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བར་སྤྱོད་པའི་གློག་སྤྱོད་ཚད་ཆུ་ཚོད་སྟོང་ཝ་དུང་ཕྱུར106.1ཟིན་ཏེ་ 31.8%འཕར་ཡོད། ལོ་མཇུག་ཏུ་སྤྱི་སྤྱོད་རླངས་འཁོར6373དངོས་སུ་བཀོལ་སྤྱོད་བྱེད་ཀྱིན་ཡོད་པ་དང་། གྲོང་ཁྱེར་གྱི་སྤྱི་སྤྱོད་འགྲུལ་སྐྱེལ་བྱེད་ཚད་མི་ཐེངས་དུང་ཕྱུར9.4ཟིན་པ། BRTཡི་འགྲུལ་སྐྱེལ་བྱེད་ཚད་མི་ཐེངས་དུང་ཕྱུར3.1ཟིན་པ། ས་འོག་ལྕགས་ལམ་གྱི་འགྲུལ་སྐྱེལ་བྱེད་ཚད་མི་ཐེངས་དུང་ཕྱུར2.9ཟིན་པ།

སྤྱི་ལོ2019ལོའི་ཟླ10ཚེས31ཉིན་ཀྲེང་ཀྲོའུ་ཁག་དང་པོའི5Gཚོང་སྤྱོད་གྲོང་ཁྱེར་གྱི་མིང་ཐོར་བདམས་པ་རེད།

6 སློབ་གསོ།

སྤྱི་ལོ2018ལོར་ཀྲེན་ཀྲོའུ་གྲོང་ཁྱེར་དུ་ཞིབ་འཇུག་སློབ་མ་གསོ་སྐྱོང་ཚན་པ12ཡོད་པ་དང་སློབ་མ11672བསྡུས་པ་དེ་ལོ་གོང་མ་ལས8.9%འཕར་བ་དང་། སློབ་གྲྭར་ཡོད་པའི་ཞིབ་འཇུག་སློབ་མ30207ཡོད་པ་དེ14.6%འཕར་བ། སློབ་མ7681སློབ་ཐོན་བྱུང་ནས0.4%འཕར་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་དངོས་གཞིའི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་དཀྱུས་མའི་སློབ་གླིང61ལ་སློབ་མ་ཁྲི32.9བསྡུས་པ་དེ་ལོ་གོང་མ་ལས12.6%འཕར་བ་དང་། སློབ་གྲྭར་ཡོད་པའི་སློབ་མ་ཁྲི99.3ཟིན་ནས6.2%འཕར་བ། སློབ་ཐོན་མི་ཁྲི26.4ཟིན་ནས7.8%འཕར་བ་བབཅས་རེད།  སྤྱི་ལོ2018ལོར་ཀྲེན་ཀྲོའུ་གྲོང་ཁྱེར་དུ་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གསོའི་སློབ་གྲྭ123ཡོད་པ་དང་སློབ་མ་ཁྲི12.5བསྡུས་ནས5%འཕར་བ་དང་། སློབ་གྲྭར་ཡོད་པའི་སློབ་མ་ཁྲི32.5ཡོད་པ་དེ7.2%འཕར་བ། མི་ཁྲི9སློབ་ཐོན་བྱུང་ནས1.8%འཕར་ཡོད། མཐོ་རིམ་སློབ་འབྲིང་དཀྱུས་མ126ལ་སློབ་མ་ཁྲི6.8བསྡུས་ནས4.5%འཕར་བ། སློབ་གྲྭར་ཡོད་པའི་སློབ་མ་ཁྲི19.7ཟིན་ནས2.2%འཕར་བ། མི་ཁྲི6.3སློབ་ཐོན་བྱུང་ནས6.6%འཕར་ཡོད།      དམའ་རིམ་སློབ་གསོ།     སྤྱི་ལོ2018ལོར་ཀྲེན་ཀྲོའུ་གྲོང་ཁྱེར་དུ་དམའ་རིམ་སློབ་འབྲིང་དཀྱུས་མ342ཡོད་པ་དང་སློབ་མ་ཁྲི14.1བསྡུས་པ་དེ་ལོ་གོང་མ་ལས8.6%འཕར་བ་དང་། སློབ་གྲྭར་ཡོད་པའི་སློབ་མ་ཁྲི40.2ཟིན་ནས8.7%འཕར་བ། མི་ཁྲི11.6སློབ་ཐོན་བྱུང་ནས6.1%འཕར་ཡོད། སློབ་ཆུང་དཀྱུས་མ940ལ་སློབ་མ་ཁྲི16.4བསྡུས་པ་དེ་ལོ་གོང་མ་ལས4.4%འཕར་བ། སློབ་གྲྭར་ཡོད་པའི་སློབ་མ་ཁྲི91.7ཟིན་ནས5.1%འཕར་བ། མི་ཁྲི13.2སློབ་གྲྭ་ཐོན་ནས5.7%འཕར་བ། སློབ་ཆུང་གི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%ཟིན་པ། 

7  རིག་གནས་སྒྱུ་རྩལ།  

སྤྱི་ལོ2018ལོར་ཀྲེང་ཀྲོའུ་གྲོང་ཁྱེར་དུ་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ15དང་། སྤྱི་པའི་དཔེ་མཛོད་ཁང17དང་།  རིག་གནས་ཁང14དང་།  རྟེན་རྫས་བཤམས་མཛོད་ཁང38དང་། ཕྱོགས་བསྡུས་ཡིག་ཚགས་ཁང13བཅས་ཡོད་པས་ཡིག་ཚགས་སྣ་ཚོགས་ཁྲི157.8བསྟན་ཡོད། ཀུན་ཁྱབ་རླུང་འཕྲིན་ལས་ཁུངས2དང་། བརྙན་འཕྲིན་ལས་ཁུངས2དང་། གྲོང་ཁྱེར་དེ་ཡོངས་ཀྱི་རླུང་འཕྲིན་དང་བརྙན་འཕྲིན་མི་འབོར་ཁྱབ་ཚད100%ཟིན་ནས་སྐུད་ཡོད་བརྙན་འཕྲིན་སྤྱོད་མཁན་དུད་ཚང་ཁྲི155.8ཟིན་ཡོད། རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ74ཡོད་པ། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང6བཅས་ཡོད་པ་རེད།   

ཀྲེང་ཀྲོའུ་ནི་རྒྱལ་ཡོངས་ཀྱི་ཚན་རྩལ་ཡར་ཐོན་སྔོན་ཐོན་གྲོང་ཁྱེར་དང་རྒྱལ་ཁབ་ཀྱི་ཤེས་བྱའི་ཐོན་དབང་དཔེ་སྟོན་གྲོང་ཁྱེར་ཡིན།      སྤྱི་ལོ2018ལོར་ཀྲེང་ཀྲོའུ་གྲོང་ཁྱེར་གྱིས་ཁྱོན་ཚན་རྩལ་རྣམ་གྲངས1336ལག་བསྟར་བྱས་པ་དེ་ལོ་གོང་མ་ལས8.8%འཕར་བ་དང་། དེའི་ནང་ཞིང་ཆེན་རིམ་པ་ཡན་གྱི་རྣམ་གྲངས436ཡོད་པ་དེ43.9%འཕར་བ། གྲོང་ཁྱེར་རིམ་པའི་རྣམ་གྲངས900ཟིན་ནས2.7%ཆག་ཡོད། རྒྱལ་ཁབ་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས6དང་ཞིང་ཆེན་རིམ་པའི་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས355ཡོད་པ་དེ་ལོ་གོང་མ་ལས124མང་དུ་ཕྱིན་ཡོད། ཞིང་ཆེན་རིམ་པའི་གཙོ་གནད་ཚོད་ལྟ་ཁང117ཡོད་པ། རྒྱལ་ཁབ་རིམ་པའི་ཁེ་ལས་ལག་རྩལ་ལྟེ་གནས19དང་ཞིང་ཆེན་རིམ་པའི་ཁེ་ལས་ལག་རྩལ་ལྟེ་གནས280ཡོད་པ་དེ་ལོ་གོང་མ་ལས59ཉུང་དུ་ཕྱིན་ཡོད། རྒྱལ་ཁབ་ཀྱི་ཚན་རྩལ་ཡར་ཐོན་བྱ་དགའ་ཁག9དང་ཞིང་ཆེན་རིམ་པའི་ཚན་རྩལ་ཡར་ཐོན་བྱ་དགའ་ཁག38ཡོད་པ་རེད། ལོ་ཧྲིལ་པོར་ཆེད་ཁེ་ཐོབ་རེ་ཞུ་ཚད་གྲངས70128ཟིན་ནས38.8%འཕར་ཡོད། དབང་ཆ་སྤྲོད་ཚད31585ཟིན་ནས48.6%འཕར་ཡོད། ལོ་ཧྲིལ་པོར་ལག་རྩལ་གན་རྒྱ4349བཞག་ནས15.1%འཕར་བ། ལག་རྩལ་གན་རྒྱའི་ཚོང་འགྲིག་དངུལ་གྲངས་སྒོར་དུང་ཕྱུར82.4ཟིན་ནས་136.8%འཕར་ཡོད།      སྨན་བཅོས་འཕྲོད་བསྟེན།      ཀྲེང་ཀྲོའུ་ནི་རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར་ཡིན།      སྤྱི་ལོ2018ལོར་ཀྲེན་ཀྲོའུ་གྲོང་ཁྱེར་དུ་འཕྲོད་བསྟེན་སྒྲིག་གཞི4773ཡོད་པ་དེ་ལོ་གོང་མ་ལས8%འཕར་བ་དང་། ཉལ་ཁྲི་ཁྲི9.8ཡོད་པ་དེ7.4%འཕར་བ། དེའི་ནང་སྨན་ཁང་དང་འཕྲོད་བསྟེན་ཁང349ཡོད་པ་དེ8.4%འཕར་ཡོད། ཉལ་ཁྲི་ཁྲི9.2ཡོད་པ་དེ8%འཕར་ཡོད། གྲོང་ཁྱེར་ཡོངས་སུ་འཕྲོད་བསྟེན་ལག་རྩལ་མི་སྣ་ཁྲི11.5ཡོད་པ་དེ8%འཕར་བ། དེའི་ནང་ལས་གཉེར་སྨན་པ་དཀའ་བཅུ་པ་དང་ལས་གཉེར་ལས་རོགས་སྨན་པ་དཀའ་བཅུ་པ་ཁྲི4.2ཡོད་པ་དེ10.6%འཕར་ཡོད། ཐོ་འགོད་ནད་གཡོག་ཁྲི5.9ཐོ་འགོད་བྱས་ནས8.6%འཕར་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་རིམས་འགོག་ས་ཚིགས15དང་འཕྲོད་བསྟེན་ལག་རྩལ་མི་སྣ986ཡོད་པ། མ་བུ་འཕྲོད་བསྟེན་སྒྲིག་གཞི14དང་འཕྲོད་བསྟེན་ལག་རྩལ་མི་སྣ5092བཅས་ཡོད་པ་རེད། ཆེད་ལས་ཚན་ཁག་གི་ནད་རིགས་འགོག་བཅོས་སྨན་ཁང2དང་། འཕྲོད་བསྟེན་ལྟ་སྐུལ་ཞིབ་བཤེར་ལས་ཁུངས15ལྟ་སྐུལ་ལས་ཁུངས་ཀྱི་འཕྲོད་བསྟེན་ལག་རྩལ་མི་སྣ466བཅས་ཡོད། ཤང་གྲོང་འཕྲོད་བསྟེན་ཁང103དང་འཕྲོད་བསྟེན་ལག་རྩལ་མི་སྣ5068དང་ཉལ་ཁྲི5688བཅས་ཡོད་པ་རེད། 

8  ལུས་རྩལ་བྱ་གཞག 

ཀྲེང་ཀྲོའུ་ཡི་ལུས་རྩལ་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་ཀྲོའུ་ཤོན་ཝང་ཁྲི་ལོ་དང་པོ(སྤྱི་ལོའི་སྔོན་གྱི827ལོ)ཀྲེན་ཀྲོའུ་ཡི་ཤར་འདབས་ཀྱི་ཕུའུ་ཐེན་དེ་ཀྲོའུ་ཤོན་ཝང་རྔོན་རར་གཏན་འཁེལ་བྱས་པ་དང་ཧྲའོ་ལིན་དགོན་པ་ནི་ཀྲུང་གོའི་ནང་བསྟན་སྒོམ་སྒྲུབ་པའི་མེས་པོའི་མཆོད་ཁང་དང་ཀྲུང་གོའི་དྲག་རྩལ་གྱི་འབྱུང་ཁུངས་ཡིན། ཀྲེང་ཀྲོའུ་ཡི་ལུས་རྩལ་པ་གྲགས་ཅན་ནི་ཏེང་ཡ་ཕིང་དང་། སུན་ཐན་ཐན། ཝུའུ་ལན་ཡིང་། ལི་ཞུའེ་ཡིང་། ཏུང་ཏུང་། ལི་ཧུའེ་ཆི། ཉིང་ཙེ་ཐའོ་སོགས་ཡིན།      སྤྱི་ལོ1985ལོ་ནས་བཟུང་ཀྲེང་ཀྲོའུ་གྲོང་ཁྱེར་གྱིས་ཀྲུང་གོའི་གཞོན་ནུ་ལོ་ཆུང་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་དང་། རྒྱལ་ཡོངས་ཀྱི་སློབ་འབྲིང་སློབ་མའི་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ། ཀྲུང་གོའི་ཀྲེང་ཀྲོའུ་རྒྱལ་སྤྱིའི་ཧྲའོ་ལིན་དྲག་རྩལ་དུས་ཆེན་སྐབས་དང་པོ་དང་བརྒྱད་པའི་བར། འཛམ་གླིང་གི་སྲོལ་རྒྱུན་དྲག་རྩལ་དུས་ཆེན་སྐབས་དང་པོ་དང་སྐབས་གཉིས་པ་སོགས་ལུས་རྩལ་འགྲན་བསྡུར་སྔ་རྗེས་སུ་གཉེར་བ་རེད།     སྤྱི་ལོ1994ལོའི་ཟླ8པར་བཙུགས་པའི་ཧོ་ནན་འཛུགས་སྐྲུན་ལས་རིགས་ཀྱི་རྐང་རྩེད་སྤོ་ལོའི་སྤྲོ་སྐྱིད་ཁང་ནི་ཀྲུང་གོས བཙུགས་པའི་ཅུང་སྔ་པའི་ལས་རིགས་རྐང་རྩེད་སྤོ་ལོའི་སྤྲོ་སྐྱིད་ཁང་གི་གྲས་ཤིག་དང་ཀྲུང་གོའི་རྐང་རྩེད་སྤོ་ལོའི་རིམ་འདས་རིམ་མཚུངས་མཉམ་འགྲན་གྱི་འགྲན་བསྡུར་ནང་ཞུགས་མཁན་རུ་ཁག16གི་གྲས་ཤིག་རེད། སྤྱི་ལོ2009ལོར་འགྲན་བསྡུར་བྱས་པ་དང་། འཛུགས་སྐྲུན་རུ་ཁག་ལ་གྲུབ་འབྲས་ཆེན་པོ་ཐོབ།  

ཀྲེན་ཁའེ་རྒྱལ་སྤྱིའི་མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་ནི་ཀྲུང་གོ་མཆོང་རྒྱུག་འཕེན་གསུམ་མཐུན་ཚོགས་དང་། ཧོ་ནན་ཞིང་ཆེན་ལུས་རྩལ་ཅུས། ཀྲེང་ཀྲོའུ་གྲོང་ཁྱེར་དང་ཁའེ་ཧྥེང་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་ཐུན་མོང་ཐོག་གཉེར་བ་ཞིག་ཡིན་ཞིང་། དེ་ནི་ཧོ་ནན་ཞིང་ཆེན་གྱིས་རྒྱུན་དུ་བཙུགས་པའི་རྒྱལ་སྤྱིའི་ལུས་རྩལ་འགྲན་བསྡུར་ཆེ་གྲས་དང་པོ་དེ་ཡིན་པ་དང་། སྤྱི་ལོ2007ལོར་ཐེངས་དང་པོ་གཉེར་བ་དང་ལོ་ལྟར་གྱི་དཔྱིད་དུས་ཟླ3པའི་ཟླ་མཇུག་ནས་ཟླ4པའི་ཟླ་འགོར་དུས་ཐོག་ཏུ་གཉེར་བ་ཞིག་རེད།      སྤྱི་ལོ2018ལོར་ཀྲེན་ཀྲོའུ་གྲོང་ཁྱེར་ལ་འཛམ་གླིང་གི་ཨང་དང་པོ7དང་རྒྱལ་ཡོངས་ཀྱི་ཨང་དང་པོ10ཐོབ་པ།  འགྲན་བསྡུར་སྣ་ཚོགས་ལ་གསེར་གྱི་རྟགས་མ297ཐོབ་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་དམངས་ཡོངས་ཀྱི་ལུས་སྦྱོང་ཐབས་ལམ་ལས་གྲྭ200གསར་སྣོན་བྱས་པ་དང་གྲོང་ཚོ་རིམ་པའི་ཞིང་པའི་ལུས་རྩལ་ལུས་སྦྱོང་ལས་གྲྭ200གསར་སྣོན་བྱས་ཡོད། ལུས་རྩལ་རྒྱན་ཤོག་ཕྱིར་ཚོང་བྱ་ཡུལ2013ཟིན་པ་དེ་ལོ་གོང་མ་ལས161མང་དུ་ཕྱིན་པ། ལུས་རྩལ་རྒྱན་ཤོག་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར46.7ཟིན་ནས47.5%འཕར་ཡོད། སྤྱི་ལོ2019ལོའི་ཟླ9པར་ཀྲེང་ཀྲོའུ་གྲོང་ཁྱེར་གྱིས་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པ་ཚོགས་པ་རེད།  

མིན་གོ་རྒྱལ་ཁབ་ཀྱི་སྲིད་ལོ་དང་པོར(སྤྱི་ལོ1912ལོར)ཀྲེང་ཀྲོའུ་ཅིན་ཧྲུའེ་གྲོང་རྡལ་གྱི་ཚོང་པ་ཞུའེ་ཞུའེ་རེན་མ་ཨང་རན་དང་མ་ཁྲའོ་རན་སྤུན་ཟླ་གཉིས་ཀྱིས་ཏ་ཐུང་ལམ་གྱི་ཤར་ལམ་ དུ“ཝུན་ཅ་ཀེ”ཞེས་པའི་པར་ཁང་ཞིག་མཉམ་དུ་བཙུགས་ནས་ཀྲེང་ཀྲོའུ་ཡི་པར་ཁང་སྔ་ཤོས་དེ་ཡིན།      སྤྱི་ལོ1916ལོའི་ཟླ9ཚེས15ཉིན་ཀྲེང་ཀྲོའུ་ལོ་རྒྱུས་ཐོག་གི་ཚགས་པར་ཨང་དང་པོ《ཀྲེང་ཀྲོའུ་ཉིན་རེའི་ཚགས་པར》བྱུང་བ་དང་།《ཀྲེང་ཀྲོའུ་ཉིན་རེའི་ཚགས་པར》ཕུད་ཀྲེང་ཀྲོའུ་ལ་ཤུགས་རྐྱེན་ཅུང་ཆེ་བའི་ཚགས་པར་ད་དུང《ཀྲེང་ཀྲོའུ་དགོང་དྲོའི་ཚགས་པར》དང་། 《ཆུ་ཆེན་ཚགས་པར》《ཤར་ཕྱོགས་ཀྱི་ཚགས་པར》《ཧོ་ནན་ཚོང་པར》སོགས་ཡོད་པ་དང་། སྐད་གྲགས་ཅུང་ཆེ་བའི་དྲ་བ་ནི་ཀྲུང་ཡོན་དྲ་བ། ཏ་ཡུས་ཚོང་དྲ། ཧྲང་ཏུའུ་དྲ་བ་སོགས་ཡོད།      སྤྱི་ལོ1969ལོའི་ཟླ9ཚེས15ཉིན་ཧོ་ནན་བརྙན་འཕྲིན་ལས་ཁུངས་བཙུགས་པ་དང་འཕྲིན་ལམ་གཉིས་པ་ནས་དགུ་པའི་བར་གྱི་འཕྲིན་ལམ8ཧོ་ནན་ཞིང་ཆེན་དུ་ཁྱབ་ཡོད། དྲག་རྩལ་བརྙན་འཕྲིན་ལས་ཁུངས་ནི་ཧོ་ནན་བརྙན་འཕྲིན་ལས་ཁུངས་ཀྱིས་ཨའོ་མོན་ཨོ་སི་ཁྲུ་ལི་ཡའི་སྲུང་སྐར་བརྙན་འཕྲིན་ལས་ཁུངས་སོགས་སྒྲིག་གཞི་དང་མཉམ་ལས་བྱས་ནས་བཏོན་པའི་དྲག་རྩལ་རིགས་ཀྱི་འཕྲིན་ལམ་ཞིག་ཡིན་ཞིང་། ཤང་ཀང་དང་། ཨའོ་མོན། ཨེ་ཤེ་ཡ་ཤར་ལྷོའི་རྒྱུད་བཅས་སུ་བསྟན་ཡོད། ཀྲེང་ཀྲོའུ་བརྙན་འཕྲིན་ལས་ཁུངས་ནི་ཀྲེང་ཀྲོའུ་གྲོང་ཁྱེར་གྱི་བརྙན་འཕྲིན་བརྒྱུད་གཏོང་སྨྱན་སྦྱོར་ཆེ་གྲས་གཉིས་པ་དེ་ཡིན་པ་དང་ཁོངས་གཏོགས་ཀྱི་འཕྲིན་ལམ6ཡོད་པ་རེད།    སྤྱི་ལོ2019ལོའི་ཟླ6པར་འབྱུང་འགྱུར་དྲ་རྒྱའི་ཚོད་ལྟའི་སྒྲིག་བཀོད་ཤར་གཏོང་ཐུབ་པ་རེད།

9 སྤྱི་ཚོགས་འགན་སྲུང་།  

སྤྱི་ལོ2018ལོར་གྲོང་ཁྱེར་དེའི་ལོ་ཧྲིལ་པོའི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར33105ཟིན་པ་དེ་ལོ་གོང་མ་ལས8.3%འཕར་བ་དང་། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར39042ཟིན་ནས8.3%འཕར་བ། མི་རེའི་ཆ་སྙོམས་འཛད་སྤྱོད་རང་བཞིན་གྱི་གཏོང་སྒོ་སྒོར26256ཟིན་པ་དེ་ལོ་གོང་མ་ལས5.1%འཕར་ཡོད། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར21652ཡིན་པ་དེ་ལོ་གོང་མ་ལས8.4%འཕར་བ། མི་རེའི་ཆ་སྙོམས་འཛད་སྤྱོད་རང་བཞིན་གྱི་གཏོང་སྒོ་སྒོར15105ཟིན་པ་དེ་ལོ་གོང་མ་ལས1.7%འཕར་ཡོད།  

སྤྱི་ལོ2018ལོར་ཀྲེང་ཀྲོའུ་གྲོང་ཁྱེར་གྱི་ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི11772ཀྱིས་སྲིད་གཞུང་གི་མ་མཐའི་འཚོ་བའི་འགན་ལེན་ལོངས་སྤྱོད་ཐུབ་པ་དེ་ལོ་གོང་མ་ལས14%ཆག་པ་དང་། མ་མཐའི་འཚོ་བའི་འགན་ལེན་མ་དངུལ་སྒོར་ཁྲི8363.6སྤྲད་ནས9.2%ཆག་པ། གྲོང་གསེབ་ཀྱི་སྡོད་དམངས་ཀྱིས་མ་མཐའི་འགན་སྲུང་མི་ཁྲི4.4ལོངས་སྤྱོད་བྱས་པ་དང་། མ་མཐའི་འཚོ་བའི་འགན་སྲུང་མ་དངུལ་སྒོར་དུང་ཕྱུར1.5སྤྲད་པས1.4%ཆག་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་ལས་ཤོར་འགན་བཅོལ་ནང་མི་ཁྲི190.3ཞུགས་པ་དེ་ལོ་གོང་མ་ལས0.01%འཕར་བ། ལོ་རེར་ལས་ཤོར་འགན་བཅོལ་དངུལ་མི་ཁྲི1.4བླངས་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་ཁྲི450.2ཟིན་པ་དེ་ལོ་གོང་མ་ལས0.1%འཕར་བ། དེའི་ནང་ལས་བཟོ་ཁྲི415.6ཡོད་པ་དེ0.1%འཕར་བ། ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་མི་ཁྲི34.6ཟིན་པ་དེ0.05%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་མི་གྲངས་བསྡོམས་འབོར་ཁྲི204.5ཟིན་པ་དེ་ལོ་གོང་མ་ལས0.03%འཕར་བ། དེའི་ནང་ལས་བཟོ་ཁྲི167ཡོད་པ་དེ0.02%འཕར་བ། ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་མི་ཁྲི37.5ཟིན་པ་དེ0.07%འཕར་ཡོད།       སྤྱི་ལོ2018ལོར་གྲོང་ཁྱེར་དེ་ཡོངས་སུ་ཞག་སྡོད་བྱེད་མཁན་སྤྱི་ཚོགས་ཞབས་ཞུའི་སྒྲིག་གཞི97ཡོད་པ་དེ་ལོ་གོང་མ་ལས17.1%ཆག་པ་དང་། དེའི་ནང་རྒན་གསོའི་ཞབས་ཞུའི་སྒྲིག་གཞི89ཡོད་པ་དེ2.2%ཆག་པ་དང་། ནད་ཁྲི19632ཡོད་པ་དེ9.2%འཕར་བའི་ནང་རྒན་གསོའི་ཞབས་ཞུའི་སྒྲིག་གཞི17609ཟིན་ནས5.2%འཕར་ཡོད། སྡེ་ཁུལ་གྱི་ཞབས་ཞུའི་ལྟེ་གནས114བཙུགས་པ་དང་སྡེ་ཁུལ་གྱི་ཞབས་ཞུའི་ས་ཚིགས790བཙུགས་ཡོད།      སྤྱི་ལོ2018ལོར་སྤྱི་ཚོགས་ཀྱི་བྲིན་ཚོང་ཕན་བདེའི་རྒྱན་ཤོག་སྒོར་དུང་ཕྱུར16.9ཟིན་པ་དེ་ལོ་གོང་མ་ལས1.5%ཆག་པ་དང་། སྤྱི་ཚོགས་ཕན་བདེའི་མ་དངུལ་སྒོར་ཁྲི10723གྲབས་གསོག་བྱས་ནས32.4%འཕར་བ། སྤྱི་ཚོགས་ཀྱི་ཞལ་འདེབས་སྒོར་ཁྲི171.4བླངས་པ་དེ40.5%ཆག་ཡོད།

10     ཆོས་ལུགས།

སྤྱི་ལོ2016ལོའི་ཟླ11པར་ཀྲེང་ཀྲོའུ་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ལྷན་གྱི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། གྲོང་ཁྱེར་དེར་ནང་བསྟན་དང་། ཏའོ་ཅའོ་ཆོས་ལུགས། དབྱི་སི་ལམ་ཆོས་ལུགས། གནམ་བདག་ཆོས་ལུགས། ཡེ་ཤུའི་ཆོས་ལུགས་སོགས་ཆོས་ལུགས་རིགས་ལྔ་ཡོད་པ་དང་དད་ལྡན་མང་ཚོགས་ཁྲི53ལྷག་ཙམ་ཡོད་པའི་ནང་ཡེ་ཤུའི་ཆོས་ལུགས་ལ་དད་པ་བྱེད་མཁན་མི་ཁྲི22.15དང་། དབྱི་སི་ལམ་ཆོས་ལུགས་ལ་དད་པ་བྱེད་མཁན་མི་ཁྲི13.98དང་། ནང་བསྟན་ཆོས་ལུགས་ལ་དད་པ་བྱེད་མཁན་མི་ཁྲི10.56དང་། ཏའོ་ཅའོ་ཆོས་ལུགས་ལ་དད་པ་བྱེད་མཁན་མི་ཁྲི6.14དང་།  གནམ་བདག་ཆོས་ལུགས་ལ་དད་པ་བྱེད་མཁན་མི4300བཅས་ཡོད་པ་རེད། གྲོང་ཁྱེར་ཡོངས་སུ་ཆོས་ལུགས་ལས་དོན་མི་སྣ992དང་། ཆོས་ལུགས་ཚོགས་པ33ཡོད་པའི་ནང་གྲོང་ཁྱེར་རིམ་པའི་ཆོས་ལུགས་ཚོགས་པ7དང་། རྫོང་རིམ་པའི་ཆོས་ལུགས་ཚོགས་པ26བཅས་ཡོད་པ་རེད། 




དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-01-07

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།