པེ་ཧྲན་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པེ་ཧྲན་གྲོང་ཁྱེར།
པེ་ཧྲན་གྲོང་ཁྱེར་ནི་ཅི་ལིན་ཞིང་ཆེན་གྱི་ཁོངས་གཏོགས་གྲོང་ཁྱེར་ཅིག་ཡིན་ལ། ཅི་ལིན་ཁྲང་པེ་ཧྲན་གྱི་ནུབ་ངོས་སུ་ཡོད། ཤར་ལྷོ་ཁོ་རེ་ཡ་མི་རིགས་རང་སྐྱོང་ཁུལ་དང་སྦྲེལ་ཞིང་། ནུབ་ཅིན་ནིང་དང་བྱང་ཅི་ལིན་པེ། ལྷོ་ཁོ་རེ་ཡ་ལྷོ་མའི་ཧེ་ཧྲན་གྲོང་ཁྱེར་གྱི་ཡཱ་ལེ་གཙང་བོ་དང་ཉེ་བར་འབྲེལ། ཁོངས་གཏོགས་གྲོང་ཁྱེར་ཁུལ2དང་། རྫོང2 རང་སྐྱོང་རྫོང1 སྐུ་ཚབ་དོ་དམ་བྱེད་པའི་རྫོང་རིམ་པའི་གྲོང་ཁྱེར1བཅས་འདུས་ཤིང་། ཁྲང་པེ་རི་བོའི་དཀྱིལ་སྙིང་དུ་གནས། ཁྲང་པེ་ཞུན་རྡོ་འབུར་ཐང་དང་ཅིན་ཡེའེ་ཞུན་རྡོ་འབུར་ཐང་གིས་མངའ་ཁོངས་ཀྱི་ས་ཁུལ་མང་ཆེ་ཤོས་སུ་ཁྱབ་ཡོད། ལུང་ཀང་རི་རྒྱུད་དང་ལོའོ་ལེན་རི་རྒྱུད་ས་རྒྱ་འཕྲེད་དུ་བཅད་དེ། བྱང་དྲོད་སྐམ་ས་རང་བཞིན་ཅན་གྱི་དུས་རླུང་ནམ་ཟླ་ཡིན། སའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ17485དང་། སྤྱི་ལོ2018ལོར་བསྡོམས་རྩིས་བྱས་པ་ལྟར་ན་མི་གྲངས་ཁྲི118ལྷག་ཡོད། པེ་ཧྲན་གྲོང་ཁྱེར་ནི་ཀྲུང་གོའི་ཤིང་ལས་ཐོན་ཁུངས་ཁུལ་གཙོ་བོ་ཞིག་ཡིན། ཁྲང་པེ་ཧྲན་གྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ས་གཞིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་དྲུག་ཅུ་པེ་ཧྲན་གྲོང་ཁྱེར་ན་ཡོད། གདོད་མའི་ནགས་ཚུལ་གྱིས་རྒོད་སྐྱེས་སྐྱེ་དངོས་སྲོག་ཆགས་ལ་རྒྱུད་སྤེལ་བའི་ཆ་རྐྱེན་གང་ལེགས་འདོན་སྤྲོད་བྱེད་ཅིང་། བྱང་ཤར་གྱི་དཀར་བོ་ཆིག་ཐུབ་དང་། གཟིག་ལྤགས། ཤྭ་ར་བཅས་རིན་པོ་ཆེ་གསུམ་གྱི་འབྱུང་ཡུལ་ཀྱང་ཡིན། མངའ་ཁོངས་སུ་སུང་དཔའ་ཅང་གཙང་བོའི་པེ་ཧྲན་ཆུ་མཛོད་ཁུལ་དང་། ཡཱ་ལོའོ་ཅང་གཙང་བོའི་ཡོན་ཧྥན་ཁུལ་བཅས་མཛེས་ལྗོངས་ཁུལ་འདུས། སྤྱི་ལོ1994ལོའི་ཟླ7པར། རྒྱལ་ཁབ་ནགས་ལས་སྡེ་ཁག་གིས་པེ་ཧྲན་གྲོང་ཁྱེར་ནས་རྒྱལ་ཁབ་ཀྱི་ནགས་ཚལ་ཡུལ་སྐོར་ཁུལ་བཙུགས་ཆོག་པར་ཆོག་མཆན་གནང་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
白山
དབྱིན་ཡིག་གི་མིང་།
Baishan
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
ས་ཁུལ་རིམ་པའི་གྲོང་ཁྱེར།
མངའ་ཁོངས།
ཀྲུང་གོ·ཅི་ལིན་ཞིང་ཆེན།
རླངས་འཁོར་ཚབ་ཨང་།
吉F
སྦྲག་སྲིད་ཨང་རྟགས།
134300
ས་གནས།
ཅི་ལིན་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ17485
མི་གྲངས།
མི་ཁྲི118.1(སྤྱི་ལོ2018ལོའི་རྒྱལ་ཁོངས་མི་གྲངས)
ནམ་ཟླ།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།

སྤྱི་ལོ2017ལོར། པེ་ཧྲན་གྲོང་ཁྱེར་ནས་ས་ཁུལ་གྱི་སྤྱིའི་ཐོན་འབོར་དུང་ཕྱུར660ལྷག་ལ་སླེབས་ཤིང་། ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་བཞི་ལྷག་འཕར་ཡོད། དེའི་ཁྲོད་དུ། ཐོན་ལས་དང་པོ་ནི་དུང་ཕྱུར59ལྷག་དང་། ཐོན་ལས་གཉིས་པ་དུང་ཕྱུར320ལྷག་ཡོད་ཅིང་། ཐོན་ལས་གསུམ་པ་དུང་ཕྱུར289ལྷག་གིས་འཕར་སྣོན་བྱུང་སྟེ། ལོ་གཅིག་གི་མི་རེའི་སྤྱིའི་ཐོན་སྐྱེད་སྒོར54750ལ་སླེབས་ཡོད།

1 ལོ་རྒྱུས་འཕེལ་རིམ།

རྡོ་ཆས་གསར་མའི་དུས་རབས་སུ། པེ་ཧྲན་མངའ་ཁོངས་སུ་འགྲོ་བ་མིའི་རིགས་བྱུང་ཡོད།

ཆིན་རྒྱལ་བོའི་ཁྲི་ལོ་ཉེར་ལྔའི་སྐབས་སུ། (སྤྱི་ལོ་སྔོན་གྱི222ལོ)ས་འདི་ནི་ལོའོ་ཏུང་གི་མངའ་ཁོངས་སུ་གཏོགས།

ཧན་ནུབ་མའི་དུས་སྟོད་དུ།ཡོན་ཀྲུའུ་ཚི་ཧྲི་ཁུལ་གྱི་ལོའོ་ཏུང་རྒྱལ་ཕྲན་མངའ་ཁོངས་སུ་གཏོགས།

ཧན་ཤར་མའི་སྐབས་སུ་ཀོའོ་ཅེ་ལེའི་ཁོངས་སུ་འདུ།

རྒྱལ་ཁབ་གསུམ་གྱི་དུས་སྟོད་དུ། ཀོའོ་ཅེ་ལེའི་ཁོངས་སུ་གཏོགས་ཤིང་། ཀྲིན་ཧྲི་ལོ་ངོ་གསུམ་པ།(སྤྱི་ལོ242ལོ)ཝེ་ཡོན་ཀྲོའུ་ཚི་ཧྲི་ཡོན་ཆོན་ཅེན་ཐོའོ་ཀོའོ་ཅི་ལེའེ། ས་འདི་ཞོན་ཐོའོ་རྒྱལ་ཕྲན་གྱི་མངའ་ཁོངས་སུ་འདུ།

ཅིན་ནི་ཀོའོ་ཅི་ལེའེ་ས་ཆ་ཞིག་ཡིན་ལ། གོང་མ་ཁང་ཏིའེ་ཅོན་གྱི་ལོ།(སྤྱི་ལོ343ལོ)ས་འདི་ཡན(ཡན་སྔོན་མ)ལ་གཏོགས། ཅིན་ཧེ་ཞིས་གུང་ཐེ་ཤི་ལོ་ངོ་ལྔ་བར།(སྤྱི་ལོ320ལོ)ཆིན་སྔོན་མས་ཡན་སྔོན་མ་བསྣུབས་ཤིང་། ས་འདི་ཆིན་སྔོན་མའི་མངའ་ཁོངས་སུ་གྱུར། ཧོ་ཡན་ཀྲོའོ་ཝན་ཏེ་ཁྲི་ལོ་བཞི་བ།(སྤྱི་ལོ404ལོ)ཀོའོ་ཅི་ལེའེ་སྔར་ཡང་ལོའོ་ཏུང་གི་དབང་དུ་བསྒྱུར།  ས་འདི་ཀོའོ་ཅི་ལེའེ་ལ་གཏོགས་པར་གྱུར།

རྒྱལ་རབས་ལོ་་དབྱང་གཉིས་ཀྱི་སྐབས་སུ་ཀོའོ་ཅི་ལེའེ་ལ་འདུ།

སེའེ་སྐབས་སུ་ཀོའོ་ཅི་ལེའེ་ལ་གཏོགས།

ཐང་གི་དུས་སྟོད་དུ་ཀོའོ་ཅེ་ལེའེ་ལ་གཏོགས། ཀོའོ་ཙུང་ཙོང་ཀྲང་ཡོན་ལོ། (སྤྱི་ལོ668ལོ)ཐང་གིས་ཀོའོ་ལེ་བསྣུབས་ཤིང་། ས་འདི་ཨན་ཏུང་སྐུ་སྲུང་སྒར་གྱི་ཀུ་བོ་ཀྲུའུ་སྐུ་སྲུང་སྒར་ལ་གཏོགས། ཞོན་ཙུང་ཁྲི་ལོ་དང་པོ(སྤྱི་ལོ713ལོ)ས་འདི་པོ་ཧེ་རྒྱལ་ཁབ་ལ་དབང་།  དེ་ནི་ད་སྐབས་ཀྱི་པེ་ཧྲན་གྲོང་ཁྱེར་གྱི་ལན་ཅང་གཙང་བོ་ཡོད་སའི་ཧྲན་ལོ་རྫོང་ཡིན། མིང་ལ་ཧྲན་ཀྲུའུ་ཀྲུ་སོའོ་ཟེར། ཡན་ཙུང་ཞན་ཐུང་ཁྲི་ལོ་བཅུ་བཞི་པ།(སྤྱི་ལོ873ལོ)ཡ་ལོའོ་ཅང་ཧྲན་ལོའོ་ལ་གཏོགས་སུ་བཅུག་ཅིང་། ཞིས་ཅིན་ཀོའོ་ལ་བགར།ལེན་ཧྲན་ཀྲུའུ་ཡིན།(ད་སྐབས་ཀྱི་ལིན་ཅང་གྲོང་ཁྱེར་ཡིན)ཧན་ཀྲུའུ(ད་སྐབས་ཀྱི་ཅིས་ཨན་རྫོང་ཡིན)ཧྥན་ཀྲུའུ།(ད་སྐབས་ཀྱི་ཝོའོ་སུང་རྫོང་ཡིན)ཀྲིན་ཀྲུའུ།(ད་སྐབས་ཀྱི་ཐུང་དཔའ་གྲོང་ཁྱེར་ཡིན)

རྒྱལ་རབས་ལྔའི་སྐབས་སུ་པོ་ཧེ་ལ་ཚུར་བླངས། ཐན་ཞན་ཁྲི་ལོ་དང་པོ། (སྤྱི་ལོ926ལོ)ལོའོ་ཡིས་པོ་ཧེ་བསྣུབས་ཤིང་།ཏོང་ཏན་རྒྱལ་ཁབ་བཙུགས།རྗེས་སུ་པོ་ཧེ་ཡི་མི་དག་གནས་སྦར་ཏེ་ད་སྐབས་ཀྱི་པེ་ཧྲན་གྲོང་ཁྱེར་གྱི་དབུལ་ཁུལ་དུ་སླེབས་ཏེ་རྒྱལ་ཁབ་བཙུགས།

རྒྱལ་ཁབ་བཙུགས་པའི་རྗེས་སུ་སུང་ཐེ་ཙུང་བདེ་སྐྱོང་ཁྲི་ལོ་བདུན་པ།(སྤྱི་ལོ981ལོ)ལོའོ་ལ་གཏོགས་པར་གྱུར།།

ལོའོ་ཏུང་ཅིན་ཏོའོ་ལམ་ལ་གཏོགས་ཤིང་།ད་སྐབས་ཀྱི་ལིནཅང་གཙང་བོའི་ཡྰ་ལོའོ་ཅང་དམག་སྲིད་ལྟ་ཞིབ་བྱེད་ཡུལ་ཡིན།ལིན་ཟི་བན་དང་།ཧྲན་ཞང་ཨར་ཞན་རྫོང་།(ད་སྐབས་ཀྱི་པེ་ཧྲན་གྲོང་ཁྱེར་ཡིན)ཧན་ཀྲུའུ། (ད་སྐབས་ཀྱི་ཅིས་ཧན་རྫོང་ཡིན)ཀྲིན་ཀྲོའུ།(ད་སྐབས་ཀྱི་ཐོང་དཔའ་གྲོང་ཁྱེར་ཡིན) མོའོ་ཀྲུའུ།(ད་སྐབས་ཀྱི་ལོའོ་ཧུའུ་རྫོང་ཡིན)

ཅིན་ནི་ཏུང་ཅིང་ལམ་གྱི་ཕོ་ཧྲ་གཞིས་སྒར་ས་ཆ་ཡིན།

ཡོན་ནི་ལོའོ་ཡང་ཞན་ཀྲུང་ཧྲོ་ཞིང་ཆེན་གྱི་ཧྲན་ཡང་ལམ་གྱི་ཁོངས་སུ་གཏོགས།

མིང་ནི་ནོའོ་ཨར་ཀན་ལྟ་ཞིབ་ཁང་ཅིན་ཀྲོའུ་ཝེ་ཁོངས་སུ་གཏོགས།བན་ལེ་ཁྲི་ལོ་བཅུ་དགུ་བ།(སྤྱི་ལོ1591ལོ)ནོའོ་ཨར་ཧྰ་ཁྲིས་དབང་དུ་བསྡུས།

སྤྱི་ལོ1985ལོའི་ཟླ2པའི་ཚེས4ཉིན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐོང་དཔའ་ས་ཁུལ་ཕྱིར་འཐེན་བྱེད་པར་ཆོག་མཆན་བཀོད་ཅིང་། གྲོང་ཁྱེར་དང་རྫོང་དོ་དམ་གྱི་ལམ་ལུགས་ལག་བསྟར་བྱས། ཐོང་དཔའ་ས་ཁུལ་ལ་སྲིད་ཀྱིས་བསྐྱངས། ཐོང་དཔའ་ས་ཁུལ་གྱི་ཁོངས་སུ་ཐོང་དཔའ་དང་། དཔོན་ཅང་གཉིས་རྫོང་རིམ་པའི་གྲོང་ཁྱེར་དུ་བདམས། 

སྤྱི་ལོ1986ལོའི་ཟླ9པའི་ཚེས8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དཔོན་ཅང་གྲོང་ཁྱེར་གྱི་པྰ་ཏོའོ་ཅང་གཙང་ཁུལ་དང་། ལན་ཅིང་གཙང་ཁུལ།གསུམ་མདོའི་ས་ཁུལ་བཅས་འཛུགས་པར་ཆོག་མཆན་ཐོབ།

སྤྱི་ལོ1994ལོའི་ཟླ1པོའི་ཚེས31ཉིན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དཔོན་ཅང་གྲོང་ཁྱེར་གྱི་མིང་པེ་ཧྲན་གྲོང་ཁྱེར་དུ་བསྒྱུར་བར་ཆོག་མཆན་ཐོབ་ཅིང་། ཟླ༤པར། དཔོན་ཅང་གྲོང་ཁྱེར་གྱི་མིང་དངོས་སུ་པེ་ཧྲན་གྲོང་ཁྱེར་དུ་བསྒྱུར། ཁོངས་གཏོགས་སུ་ལིན་ཅང་གྲོང་ཁྱེར་དང་། ཅིན་ཡེ་རྫོང་། བོ་སུང་རྫོང་། ཁྲང་པེ་རྫོང་། གསུམ་མདོ་ས་ཁུལ་དང་པྰ་ཏོའོ་ཅང་གཙང་ཁུལ།  གྲོང་ཁྱེར་ཨུ་ཡོན་གྲོང་ཁྱེར་སྲིད་གཞུང་པྰ་ཏོའོ་ཅང་གཙང་ཁུལ་ན་གཞིས་ཆགས་ཡོད།

2 སྲིད་འཛིན་དབྱེ་སྟངས།

སྤྱི་ལོ2016ལོའི་ཟླ12བའི་བར་ཏུ། པེ་ཧྲན་གྲོང་ཁྱེར་ལ་ཁོངས་གཏོགས་གྲོང་ཁྱེར་ཆུས2དང་། རྫོང2  རང་སྐྱོང་རྫོང1 ཚབ་གཉེར་རྫོང་རིམ་པའི་གྲོང་ཁྱེར1 དེ་དག་ནི་དཔོན་ཅང་གཙང་ཆུས། ཅང་ཡོན་ཆུས། ཅིན་ཡེ་རྫོང་། བོ་སུང་རྫོང་། ཁྲང་པེ་ལྷོ་ཁོ་རེ་ཡ་མི་རིགས་ཀྱི་རང་སྐྱོང་རྫོང་། ལིན་ཅང་གྲོང་ཁྱེར་བཅས་ཡོད། པེ་ཧྲན་གྲོང་ཁྱེར་མི་དམངས་སྲིད་གཞུང་དཔོན་ཅང་གཙང་ཆུས་ཀྱི་ཁྲང་པེ་ཧྲན་ལམ་ཆེན་གྱི་སྒོ་རྟགས3766ན་ཡོད།

3 ས་ཁམས་ཁོར་ཡུག
3_1 ས་གནས།

པེ་ཧྲན་གྲོང་ཁྱེར་ནི་ཅིན་ལན་ཞིང་ཆེན་ཤར་ལྷོ་ཁུལ་གྱི་རང་བྱུང་མཛེས་ལྗོངས་ཤིན་ཏུ་ཡག་པའི་ཁྲང་པེ་ཧྲན་གྱི་ནུབ་ངོས་སུ་ཡོད། ཤར་ནི་ལྷོ་ཁོ་རེ་ཡ་མི་རིགས་རང་སྐྱོང་ཁུལ་དང་ཉེ་བར་སྦྲེལ་ལ། ནུབ་ནི་ཐོང་དཔའ་གྲོང་ཁྱེར་ལ་འཕྲད་ཅིང་། བྱང་དུ་ཅིས་ལན་གྲོང་ཁྱེར་དང་ཐུག་ཅིང་། ལྷོ་རུ་ལྷོ་ཁོ་རེ་ཡ་དམངས་གཙོ་རིང་ལུགས་ཀྱི་མི་དམངས་སྤྱི་མཐུན་རྒྱལ་དང་ཡཱ་ལེའེ་ཙང་དང་ཉེ་བར་གཏུག་ཡོད།

3_2 ས་དབྱིབས་དང་ས་བབ།

པེ་ཧྲན་གྲོང་ཁྱེར་ནི་ཁྲང་པེ་ཧྲན་གྱི་ལྟེ་བར་ཆགས་ཤིང་། དེ་རུ་རི་དང་ནགས་ཚལ་ཕུན་སུམ་ཚོགས་ཤིང་། ལ་དང་ལུང་བ་བསྣོལ་མར་སྦྲེལ་བ། ཆུ་དང་གཙང་བོ་མང་ས་ཞིག་ཡིན། ཁྲང་པེ་ཞུན་རྡོ་དང་ཅིན་ཡེ་ཞུན་རྡོ་གཉིས་ཀྱིས་ས་ཁུལ་མང་ཤོས་སུ་ཁྱབ་ཅིང་། ལོང་ཀང་རི་རྒྱུད་དང་ལོའོ་ལེན་རི་རྒྱུད་ཀྱིས་འཕྲེད་དུ་བཅད་ཡོད།

3_3 ཆུ་བོ།

པེ་ཧྲན་གྲོང་ཁྱེར་ན་ཆུ་ལག་མང་ཞིང་། བརླན་གཤེར་ཆེ་ལ། གཙང་བོ་ཆེ་ཆུང432ལྷག་ཡོད། བཞུར་བའི་ས་ངོས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ500ལྷག་པའི་གཙང་བོ14ཡོད། བཞུར་བའི་ས་ངོས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ100ནས500ཅན་ལ་གཙང་བོ41ལྷག་ཡོད། ལོ་རེར་འབབ་རྒྱུན་རྨི་གྲུ་བཞི་མ་དུང་ཕྱུར71ལྷག་ཡོད་ཅིང་། ཅིས་ལན་ཞིང་ཆེན་གྱི་ཆུའི་སྤྱིའི་ཐོན་ཁུངས་ཀྱི་བརྒྱ་ཆའི་ཉི་ཤུ་ཟིན།

3_4 གནམ་གཤིས།

པེ་ཧྲན་གྲོང་ཁྱེར་ནི་བྱང་དྲོད་སྐམ་ཆ་རང་བཞིན་ཅན་གྱི་དུས་རླུང་ནམ་ཟླར་གཏོགས་ཤིང་། ཅིས་ལན་ཞིང་ཆེན་གྱི་ཆེས་འཁྱགས་ཁུལ་ཡིན། དབྱས་དུས་སུ་དགུང་མཚན་གྱི་དྲོད་ཚད་བར་ཁྱད་ཆེ། དབྱར་དུས་ཐུང་ལ།གནམ་གཤིས་དྲོ་ཞིང་ཆར་ཆུ་མང་། སྟོན་དུས་བསིལ་ལ་ནམ་ཟླ་དྭངས་ཤིང་སྤྲིན་པ་ཉུང་། དགུན་དུས་སྐམ་ཤེད་ཆེ་ཞིང་གྲང་ངར་རྒོད།

4 མི་གྲངས།

སྤྱི་ལོ2017ལོའི་ལོ་མཇུག་ཏུ། པེ་ཧྲན་གྲོང་ཁྱེར་དུ་ཁྱོན་སྡོམ་མི་གྲངས་ཁྲི119ལྷག་ཡོད་ཅིང་། གྲོང་སྡེ་གཉིས་སུ་དབྱེ་ཚེ། གྲོང་ཁྱེར་མི་གྲངས་ལ་ཁྲི86ལྷག་དང་།  སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི74ལས་ཟིན་ཞིང་། ཞིང་སྡེ་མི་གྲངས་ལ་ཁྲི30ལྷག་དང་། སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་ཉེར་ལྔ་ཟིན། ལོ་ཧྲིལ་བོར་བྱིས་པ་སྐྱེས་ཚད8808ཡིན་ལ།  སྐྱེ་ཚད་བརྒྱ་ཆའི7དང་། ལོ་སྔོན་མ་དང་བསྡུར་ན་ཐིག་ཚེག་གཉིས་ཀྱིས་འཕར་སྣོན་བྱུང་ཡོད། མི་འདས་ཚད་ལོ་རེར20595ཡིན་ལ། བརྒྱ་ཆའི17ཟིན།  སྔོན་དང་བསྡུར་ན11གིས་ཇེ་མང་ལ་སོང་ཡོད། མི་གྲངས་ཀྱི་འཕར་སྣོན་ཚད་ནི་བརྒྱ་ཆའི་གྲངས་ཀྱི་ལྡོག་མའི་དགུ་ཚེག་བརྒྱད་དང་། ཕོ་མོའི་མི་གྲངས་ཀྱི་བསྡུར་ཚད་ནི་བརྒྱ་བསྡུར་སོ་ལྔ་ཡིན།(མོ་བརྒྱ་ཡིན)པེ་ཧྲན་གྲོང་ཁྱེར་ན་མན་ཇུ་དང་། ཧེ་རིགས། ཁྲོ་ཞན། སོག་རིགས། ཀྲོང་རིགས། ཡེ་ཕཱ་རིགས་བཅས་གྲངས་ཉུང་མི་རིགས37ལྷག་ཡོད།

5 དཔལ་འབྱོར།

སྤྱི་ལོ2017ལོར། པེ་ཧྲན་གྲོང་ཁྱེར་ནས་ས་ཁུལ་གྱི་སྤྱིའི་ཐོན་སྐྱེད་དུང་ཕྱུར704མངོན་འགྱུར་བྱུང་ཞིང་། ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་བཞི་འཕར་ཡོད། ལོ་གཅིག་གི་མི་རེའི་ཐོན་སྐྱེད་སྡོམ་འབོར་སྒོར58503ཡིན།

5_1 ཚན་རིག་ལག་རྩལ།

ཉིས་སྟོང་བཅུ་བདུན་ལོར། པེ་ཧྲན་གྲོང་ཁྱེར་་གྱིས་རྒྱལ་ནང་ཆེད་གཉེར་དངོས་རྫས258ཡོད་པ་དང་། དེའི་ཁྲོད་དུ་གསར་གཏོད་ཆེད་གཉེར་དངོས་རྫས98ཡོད། དོན་གཉེར་གསར་བསྐྲུན་ཆེད་གཉེར་དངོས་རྫས107དང་། ཕྱི་དབྱིབས་བཟོ་བཀོད་ཆེད་གཉེར་དངོས་རྫས53བཅས་ཡོད། གྲོང་ཁྱེར་ཡོངས་ཀྱི་རྒྱལ་ནང་གི་ཆེད་གཉེར་དངོས་བོ་རིགས128ལས་གཉེར་བྱས་ཤིང་། དེའི་ཁྲོད་དུ་གསར་གཏོད་ཆེད་གཉེར་བདག་སྤྲོད་དངོས་བོ་རིགས42དང་། དོན་གཉེར་གསར་བཟོ་ཆེད་གཉེར་བདག་སྤྲོད་དངོས་བོ་རིགས52  ཕྱི་དབྱིབས་བཟོ་བཀོད་ཆེད་གཉེར་བདག་སྤྲོད་དངོས་བོ་རིགས29བཅས་ཡོད།

5_2 སློབ་གསོའི་ལས་དོན།

ཉིས་སྟོང་བཅུ་བདུན་ལོའི་མཇུག་ཏུ། པེ་ཧྲན་གྲོང་ཁྱེར་ལ་སློབ་ཆུ་སློབ་གྲྭ142དང་། སློབ་ཆུང་སློབ་མ42321 ཆེད་གཉེར་དགེ་རྒན5177  དམའ་འབྲིང་སློབ་གྲྭ89དང་། སློབ་མ23923  ཆེད་གཉེར་དགེ་རྒན3529 མཐོ་འབྲིང་སློབ་གྲྭ14  སློབ་མ18518  ཆེད་གཉེར་དགེ་རྒན1663  དམིགས་གསལ་སློབ་གསོའི་སློབ་གྲྭ2དང་། སློབ་མ171 ཆེད་གཉེར་དགེ་རྒན56 འབྲིང་རིམ་ལས་རིགས་སློབ་གསོའི་སློབ་གྲྭ15དང་།  སློབ་མ3930  ཆེད་གཉེར་དགེ་རྒན530  སློབ་ཆེན1དང་།  སློབ་མ1391  ཆེད་གཉེར་དགེ་རྒན248  བྱིས་སྐྱོང་ཁང266དང་།  ཆེད་གཉེར་དགེ་རྒན1317བཅས་ཡོད།

5_3 རིག་གནས་ལས་དོན།

སྤྱི་ལོ2017ལོའི་ལོ་མཇུག་ལ། པེ་ཧྲན་གྲོང་ཁྱེར་ན་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ3དང་། མང་ཚོགས་སྒྱུ་རྩལ་ཁང1། རིག་གནས་ཁང6བཅས་ཡོད།

སྤྱི་སྤྱོད་དཔེ་མཛོད་ཁང6དང་། གཤམ་སྟོན་ཁང་དང་རྗེས་དྲན་ཁང10ལྷག་ཡོད། ལོ་ཧྲིལ་བོར་གཤམས་སྟོན་ཁང་དུ་མི་གྲངས་ཁྲི118ལ་མགྲོན་བསུ་བྱེད།  མང་ཚོགས་སྒྱུ་རྩལ་ཁང་དང་མཛེས་བཟོ་ཁང་། རིག་གནས་ཁང་ལ་སོགས་པའི་སྒྱུ་རྩལ་བརྩམས་ཆོས་ལ་གཟིགས་ཞིབ་བྱེད་ཐེངས114ལྷག་ཡོད།  གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་རིམ་པའི་རྒྱང་སྒྲོག་ཁང་དང་བརྙན་འཕྲིན་ཁང1ཡོད་ལ།  རྫོང་རིམ་པའི་བརྙན་འཕྲིན་ཁང5ཡོད།

5_4 ལུས་རྩལ་ལས་དོན།

སྤྱི་ལོ2017ལོར། པེ་ཧྲན་གྲོང་ཁྱེར་གྱི་ལུས་རྩལ་པས་རྒྱལ་སྤྱིའི་འགྲན་བསྡུར་ཁྲོད་དུ་གསེར་གྱི་རྟགས་མ་ལྔ་བླངས་ཤིང་། ཟངས་ཀྱི་རྟགས་མ་གཉིས་བླངས།  རྒྱལ་ཡོངས་འགྲན་བསྡུར་ཁྲོད་དུ་གསེར་གྱི་རྟགས་མ་གཅིག་དང་། དངུལ་གྱི་རྟགས་མ་གཉིས། ཟངས་ཀྱི་རྟགས་མ་བཞི་བཅས་བླངས། ཞིང་ཆེན་ནང་ཁུལ་དུ་གསེར་གྱི་རྟགས་མ་བཅུ་དགུ་དང་། དངུལ་གྱི་རྟགས་མ་ཉེར་ལྔ། ཟངས་ཀྱི་རྟགས་མ་ཉེར་ལྔ་བཅས་བླངས། ལོ་གཅིག་གི་སྤྱིའི་ལུས་རྩལ་རྒྱ་ཤོག་མཛད་སྤྱོད་ཀྱི་སྒོར་དུང་ཕྱུར་གཅིག་ཚེག་ཐིག་གསུམ་ལ་སླེབས་ཡོད།

6 ཁོར་ཡུག་སྲུང་སྐྱོབ།

སྤྱི་ལོ2017ལོར། པེ་ཧྲན་གྲོང་ཁྱེར་གྱི་སྤྱི་ཚོགས་ཡོངས་ཀྱི་གློག་བཀོལ་ཚད་དུས་ཚོད་གཅིག་ལ་ཝ་དུང་ཕྱུར32ལྷག་དང་། སྔོན་དང་བསྡུར་ན་བརྒྱ་ཆའི་གཉིས་ཚེག་གཅིག་གིས་མར་ཆག་ཡོད། ཝེ་ཡོན་ས་ཁུལ་གྱི་སྤྱིའི་ཐོན་འབོར་གྱི་ནུས་ཤུགས་བརྒྱ་ཆའི་དྲུག་ཚེག་གསུམ་གཉིས་ལ་མར་བབ། ཝེ་ཡོན་ལས་གཞི་ལྷག་པའི་བཟོ་ལས་གཞན་དག་གི་ནུས་ཤུགས་ཟད་གྲོན་བརྒྱ་ཆའི་བདུན་ཚེག་གཉིས་ཀྱིས་མར་ཆག་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-01-14

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།