ཡོངས་འཛིན་རིག་མཛོད། >རང་བྱུང་ཁམས། >སྲོག་ཆགས། >ཕྱུགས་རིགས།

ལུག

ལུག་ནི་སྲོག་ཆགས་ཁམས་ཀྱི་སྒལ་ཐག་སྲོག་ཆགས་སྒོ་ཡིན་པ་དང་། རྨིག་པ་ཁ་དབྲག་སྡེའི་ཁྲོད་ཀྱི་ར་མའི་ཁོངས་སམ་ལུག་ཁོངས་སུ་གཏོགས། མདོ་དབུས་མཐོ་སྒང་གི་བོད་པ་ཚོའི་འཚོ་རྟེན་ཆེས་ལེགས་ཤོས་དང་འཚོ་སྐྱོང་སླ་བ་ཞིག་ཡིན།

རིགས་དབྱེ།  

རྟ།

རྟ་ནི་རྩྭ་གཟན་རིགས་ཀྱི་སྲོག་ཆགས་ཡིན་པ་དང་། ལོ་ངོ4000སྔོན་ལ་མིས་སྒོ་ཕྱུགས་སུ་བཏུལ་ནས་ཞོན་པ་སོགས་འགྲིམ་འགྲུལ་སུ་བཀོལ་སྤྱོད་བྱེད། འཛམ་གླིང་སྟེང་རྟའི་རིགས200ལྷག་ཡོད། སྔོན་ཆད་འབྲོག་པའི་ལམ་ཐག་རིང་བོ་བགྲོད་བྱེད་ཀྱི་ཞོན་པ་མེད་དུ་མི་རུང་བ་ཞིག་ཡིན། རྟའི་ཁ་ཟས་གཙོ་བོ་རྩྭ་ཡིན་པ་དང་། ཚེ་ཚད་ལོ30-35བར་ཡིན་ལ་ཆེས་རིང་པོའི་ཚེ་ཚད་ལོ60ཡིན།

རིགས་དབྱེ།  

ཁྱི།

ཁྱི་ནི་སྒོ་ཕྱུགས་སུ་བཏུལ་ནས་གསོ་སྔ་ཤོས་ཀྱི་སྲོག་ཆགས་ཡིན་པ་དང་། དེ་འོ་འཐུང་སྲོག་ཆགས་ཀྱི་དངོས་གཞིའི་རིགས་ཀྱི་ཤ་གཟན་སྡེ་རུ་གཏོགས།

རིགས་དབྱེ།  

བྱི་ལ།

བྱི་ལ་ནི་བྱི་ལ་ཚན་གྱི་སྲོག་ཆགས་ཡིན་ཞིང་། བོད་དུ་དབུས་གཙང་སྐད་ལ་བྱི་མི་དང་ཁམས་པའི་སྐད་ལ་ལི་ཕོ་དང་ཨ་མདོའི་སྐད་ལ་མི་ལིའོ་ཞེས་སོགས་མིང་མི་འདྲ་བ་ཡོད། ཁྱིམ་གྱི་བྱི་ལ་ནི་རི་སྐྱེས་བྱི་ལ་གཡུང་ཕབ་ནས་བྱུང་བ་རེད།

རིགས་དབྱེ།  

ཕག

ཕག་ནི་ཕག་རྒོད་མིས་འདུལ་གསོ་བྱས་པ་ཡིན་ལ། དེའི་གཟུགས་གཞིའི་ཆེ་ཆུང་ལ་ངེས་པ་མེད། རོང་ཁུལ་གྱི་སྒོ་ཕྱུགས་ཀྱི་ཁོངས་སུ་གཏོགས།

རིགས་དབྱེ།  

མཛོ།

མཛོ་ནི་གླང་དང་འབྲི་གཉིས་སྦྱོར་བ་བྱས་པ་ལས་བྱུང་བའི་ཕྱུགས་རིགས་སྟོབས་ཆེན་ཞིག་ཡིན།

རིགས་དབྱེ།  

ར་མ།

ར་མ་ནི་གཟུགས་གཞི་ལུག་ལས་ཆུང་ཞིང་སྤུ་གྲ་མ་ལྟ་བུ་རྩུབ་ཅིང་ཕྲ་ལ་རིང་བོ་ཡོད་པའི་སྒོ་ཕྱུགས་ཤིག་ཡིན། ཐང་བདེ་ལས་བྲག་རིར་འགོ་རྒྱུར་དགའ་པོ་འདུག

རིགས་དབྱེ།  

ནོར།

ནོར་ནག་ནི་མདོ་དབུས་མཐོ་སྒང་གི་ཁྱད་ནོར་ཞིག་ཡིན་ཞིང་འཛམ་གླིང་གི་ཡུལ་གཞན་གང་དུའང་མེད་པའི་གངས་ཅན་ལྗོངས་ལ་གནས་འཆའ་བའི་སྒོ་ཕྱུགས་ཁྱད་པར་བ་ཞིག་ཡིན་ལ། བོད་མིའི་འཚོ་རྟེན་གཙོ་བོ་དང་ཐོན་ཁུངས་ཀྱི་འབྱུང་རྩ་གཙོ་བོ་ཡིན།

རིགས་དབྱེ།  

དྲེལ།

དྲེལ་ནི་རྒོད་མ་དང་བོང་གསེབ་གཉིས་འབྲེལ་སྦྱོར་བྱས་པ་ལས་བྱུང་བའི་ཕྱུགས་རིགས་ཤིག་ཡིན་ཞིང་། སྤྱིའི་དབྱིབས་དང་གཟུགས་སོགས་རི་དྭགས་རྐྱང་དང་ཧ་ལམ་མཚུངས།

རིགས་དབྱེ།  

བ་གླང་།

བ་གླང་ནི་ཀྲུང་གོའི་སྔར་ཡོད་ཀྱི་སྤྱིར་བཏང་གི་གླང་གི་གྲས་ཡིན། རྭ་ཅོ་ཐུང་ལ་སྤུ་ཡང་ཐུང་། སྤུ་མདོག་ནི་ཁམ་སེར་དང་ནག་པོ། ཁྲ་ཁྲ་སོགས་ཡོད། རྨོ་ཞིང་བྱེད་པའམ་འཁོར་ལོ་འདྲུད་པ། ཤ་ལ་མཁོ་སྤྲོད་བྱས་ཚེ་པགས་ཀོ་བཟོ་ཆོག རང་རྒྱལ་ནས་གསོ་སྤེལ་བྱེད་པ་ཆེས་མང་པའི་སྒོ་ཕྱུགས་ཆེ་གྲས་ཡིན།

རིགས་དབྱེ།  

གཡག་རྒོད།

གཡག་གི་རིགས་ཏེ། གཟུགས་སྟོབས་གཡག་ལས་ལྡབ་ཀྱིས་ཆེ་ལ་དབྱིབས་སོགས་གཡག་དང་ཁྱད་པར་མེད། སུག་བཞི་སྦོམ་ལ་ཐུང་ཞིང་རྨིག་པ་ཆེ་བ། ཨོལ་མའི་སྦོ་གཤམ་གྱི་རྩིད་པ་དང་རིང་ཐུང་མཉམ། ལུས་ཀྱི་ཁུ་ལུ་ཅུང་ཟད་འཇམ་ལ་ཐུང་བ་དང་། རྭ་ནག་པོ་སྦོམ་ཞིང་འཇམ་ལ་རིང་ཐུང་འདོམ་གང་ཙམ་ཡོད་པ་ཞིག

རིགས་དབྱེ།  

འབྲོག་གཞོངས་བོད་ལུག

འབྲོག་གཞོངས་བོད་ལུག་ནི་མཚོ་སྔོན་ཁོངས་ཀྱི་བོད་ལུག་ནང་གི་རིགས་གཙོ་ཤོས་ཡིན་ལ། གྲངས་ཚོད་ཀྱང་རིགས་གཞན་ལས་མང་སྟེ། ཕལ་ཆེར་ས་ཡ8ཙམ་ཡོད་ཅིང་། ཞིང་ཆེན་ཡོངས་ཀྱི་བོད་ལུག་སྤྱིའི་བརྒྱ་ཆའི80ཟིན་ཡོད་པ་དང་། མཚོ་བྱང་དང་མཚོ་ནུབ། མཚོ་ལྷོ། རྨ་ལྷོ། ཡུལ་ཤུལ། མགོ་ལོག་བཅས་རང་སྐྱོང་ཁུལ་དྲུག་གི་གྲང་ངར་ཆེ་བའི་འབྲོག་ཁུལ་དུ་ཁྱབ་ཡོད།

རིགས་དབྱེ།  

ལུང་གཞུང་བོད་ལུག

ལུང་གཞུང་བོད་ལུག་ཁྱབ་པར་འཁོད་པའི་ས་ཆ་ནི། མཚོ་སྔོན་ལྷོ་རྒྱུད་ཀྱི་པད་མ་རྫོང་། ནང་ཆེན་རྫོང་གི་ས་ཆ་འགལ། རྨ་ཆེན་རྫོང་གི་ར་རྒྱ་དང་དགྱེ་མགོ། ཡང་ན་ཤར་རྒྱུད་ཀྱི་རྨ་ཆུ་དང་ཙོང་ཆུ་འབབ་ཡུལ་གྱི་རྫོང་དང་ཡུལ་ཚོ་མང་པོར་ཁྱབ་ཡོད་ཅིང་། ཞིང་ཆེན་ཡོངས་ཀྱི་བོད་ལུག་སྤྱིའི་བརྒྱ་ཆའི8ཙམ་ཟིན་འདུག་གོ།

རིགས་དབྱེ།  

དངུལ་རྭའི་བོད་ལུག

ལུག་རྒྱུད་འདིའི་གདོད་མའི་འབྱུང་ཁུངས་ནི་མཚོ་སྔོན་ཞིང་ཆེན་གྱི་རྨ་ལྷོ་ཁུལ་དང་ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་ཁུལ་འབྲེལ་མཚམས་སུ་ཆགས་པའི་དངུལ་རྭ་ལྷ་སྡེ་གཙོ་བར་ངོས་འཛིན་ཞིང་། མཚོ་སྔོན་ཁོངས་ཀྱི་རྨ་ལྷོ་རྫོང་དང་གཅིག་སྒྲིལ་རྫོང་། པད་མ་རྫོང་སོགས་ཡུལ་གྲུ་ནས་སྐྱོང་གིན་ཡོད་ལ། ཞིང་ཆེན་ཡོངས་ཀྱི་བོད་ལུག་སྤྱིའི་བརྒྱ་ཆའི4ཙམ་ལས་ཟིན་མེད།

རིགས་དབྱེ།  

ཁྲི་ཀའི་པགས་ནག་བོད་ལུག

ཁྲི་ཀའི་པགས་ནག་ལུག་རྒྱུད་འདི་བོད་ལུག་ནང་གི་ལུག་རྒྱུད་དམིགས་བསལ་ཅན་ཞིག་སྟེ། དཔལ་འབྱོར་རིན་ཐང་དཔྱད་ནའང་ཁྱད་པར་ཅན་དུ་གྱུར་ཡོད་ཅིང་། སྔོན་གྱི་ལོ་རྒྱུས་སུ་ལུག་རྒྱུད་འདིའི་འབྱུང་ཡུལ་ཁྲི་ཀ་རྫོང་ཁོངས་ལ་གཏོགས་པས་མིང་ཡང་དེ་ལྟར་ཐོགས་འདུག་ལ། ཕྱིས་སུ་སྲིད་འཛིན་ཁོད་བགོས་ལ་འཕོ་འགྱུར་བྱུང་ཡང་མིང་མ་འགྱུར་བར་འདུག་སྟེ། ད་ལྟ་མང་རྫོང་ཁོངས་ཀྱི་ལུག་ནག་ཕྱུགས་ར་ནི་ཁྲི་ཀའི་པགས་ནག་ལུག་རྒྱུད་ཐོན་ཁུལ་གཙོ་བོར་གྱུར་འདུག

རིགས་དབྱེ།  

ཚིལ་ཞག

ཚིལ་ཞག་ནི་ལུག་ལུས་གྲུབ་པའི་གྲུབ་ཆ་གལ་ཆེ་བ་ཡིན་ལ། དོན་སྣོད་དང་དེའི་གྲུབ་པར་ཚིལ་ཞག་འདུས་ཡོད་ཅིང་། ཚིལ་ཞག་དེ་ལུས་ཁམས་ཀྱི་ནུས་ཚོད་གསོག་འཇོག་ཡོང་བའི་རྣམ་པ་ཆེས་བཟང་བ་ཡིན་ཟེར་བའི་རྒྱུ་མཚན་ཅི་ཞེ་ན། དེ་ནི་བཞུ་འོས་འཚོ་སྐྱེད་རྫསAདང་འཚོ་སྐྱེད་རྫསD། འཚོ་སྐྱེད་རྫསE། འཚོ་སྐྱེད་རྫསKབཅས་བཞུ་སྤྱད་དོ།། གཞན་དུ་ལུས་ཁམས་ནས་འདྲེས་གྲུབ་མི་ནུས་ཤིང་། ངེས་པར་གཟན་ཆས་ནང་ནས་སྡུད་ལེན་དགོས་པའི་ངེས་མཁོ་ཚིལ་ཞག་སྐྱུར་ཟེར་བའང་དེ་ལ་བརྟེན་ཡོད་པ་དང་། འོ་མ་དང་གཟན་ཤ་ནང་ནའང་ཚོད་ངེས་པར་ཅན་གྱི་ཚིལ་ཞག་སོགས་སྣུམ་ཚུལ་དུ་འདུས་ཡོད་དོ།།

རིགས་དབྱེ།  

དཔྱིད་ཟླའི་འཚོ་སྐྱོང་།

དཔྱིད་ཀྱི་དུས་ཚིགས་ནི་ནམ་ཟླ་དྲོད་ལ་འབབ་པ་དང་གཟན་རྩྭ་སྔོན་པོར་འགྱུར་བའི་སྐབས་ཏེ། དུས་ཡུན་རིང་བར་གྲང་ངར་གྱིས་ཡོངས་སུ་བཟུང་བའི་དགུན་དུས་ཡོལ་བའི་ལུག་ལ་མཚོན་ན། འཚོ་བཅུད་ངན་སོང་བ་དང་ལུས་མཚག་ཞན་སོང་བའི་སྐབས་ཀྱང་ཡིན་ཐོག ལུ་གུ་བཙའ་བའི་དུས་ལ་བབ་ཡོད་པས། སྐབས་འདིའི་འཚོ་སྐྱོང་གི་ལས་འགན་གཙོ་བོ་ནི། ཅི་མགྱོགས་ངང་མ་མོའི་ཤ་ཤེད་སླར་གསོ་དང་། འོ་ཆུས་ལུ་གུ་སོས་པ། ལུ་གུར་དཀར་ཆུ་དཀོན་ནས་ལག་ཆགས་ཚུལ་དལ་བའམ་དཀའ་འཆི་འབྱུང་བར་ཟོན་གླན་ནོ།།

རིགས་དབྱེ།  

དབྱར་ཟླའི་འཚོ་སྐྱོང་།

དབྱར་ཀའི་དུས་ཚིགས་ནི་ནམ་ཟླ་དྲོ་ལ་བབ་ཅིང་ཆར་ཆུ་མང་དུ་འབྱུང་བས། ཕྱུགས་རྩྭའི་སྐྱེ་ཚུལ་ཡག་ལ་ལུག་གི་ཁ་ལ་འཕྲོད་པ། འཇུ་འགྱུར་འབྱུང་ཚད་མཐོ་བ་བཅས་ཀྱི་ཁྱད་ཆོས་ལྡན་ཕྱིར། འཚོ་སྐྱོང་གི་ལས་འགན་གཙོ་བོ་ནི། དགུན་དཔྱིད་དུས་སུ་ལྷུང་གྱུར་པའི་ཤ་ཤེད་སླར་གསོ་ལ་བརྩོན་པའོ།།

རིགས་དབྱེ།  

སྟོན་ཟླའི་འཚོ་སྐྱོང་།

སྟོན་ཟླའི་དུས་ཚིགས་ནི་རྩྭ་འབྲས་སྨིན་ཞིང་འཚོ་བཅུད་ཀྱི་རིན་ཐང་མཐོ་བ། ལུག་གི་ཡི་ག་བཟང་བ། ལུས་ལ་ཚིལ་ཆགས་མགྱོགས་པའི་སྐབས་ཡིན་པས། རྩྭ་མཐོ་ས་དང་རྩྭ་ཉལ་ནས་འབོལ་ཆགས་སའི་ལུང་གཞུང་གྲམ་གཞུང་སྙེག་པར་འཚལ་པ་ཡིན།

རིགས་དབྱེ།  

དགུན་ཟླའི་འཚོ་སྐྱོང་།

དགུན་ཟླའི་ནམ་ཟླར་གྲང་ངར་ཆེ་ཞིང་། ཁ་བ་གྲང་རླུང་ལྡང་བ་མང་བ་དང་། རྩྭ་སྐྱ་ལ་གྱུར་ནས་འཚོ་བཅུད་ཞན་པ་བཅས་ཀྱི་དབང་དུ། སྐབས་འདིའི་ལས་འགན་གཙོ་བོ་ནི། ཤ་ཤེད་སྲུང་བ་དང་སྦྲུམ་མ་སྲུང་བ། ལུ་གུ་སྲུང་བ་བཅས་སོ།།

རིགས་དབྱེ།  

ལུ་གུར་བྱ་གཅོད།

ལུ་གུར་བྱ་གཅོད་པའི་དུས་སྐབས་ནི་བཙས་ཕྱིའི་གཟའ་འཁོར1ནས2པ་བར་འཚམ་པ་དང་། རླུང་མེད་ཅིང་ནམ་ཟླ་དྲོ་བའི་ནངས་མོ་ལག་ཐབས་བྱེད་ཅིང་། ཐབས་ཀྱི་གཙོ་ཤོས་ལ་གཅོད་ཐབས་དང་འདོགས་ཐབས་གཉིས་སོ།།

རིགས་དབྱེ།  

འབྲི་གཡག

འབྲི་གཡག་ནི་རང་རེའི་རྒྱལ་ཁབ་ཀྱི་གངས་ཅན་གཞོང་ས་མཐོན་པོ་གཙོ་ཆེ་བའི་རྩྭ་ཐང་གི་སྒོ་ཕྱུགས་ཐུན་མོང་མ་ཡིན་པའི་རིགས་ཤིག་ཡིན་པ་མ་ཟད། ཁ་ཟས་སུ་ཤ་དང་འོ་མ། མར་དང་ཕྱུར་བ། བཟོ་ལས་རྒྱུ་ཆ་རུ་ཀོ་བ་དང་རྩིད་པ་དང་རྭ་ཅོ། དེ་མིན་གཡག་ལ་ཁལ་འགེལ་ཆོག་པ་བཅས་སྤྱོད་སྒོ་སྣ་འཛོམས་ཅན་གྱི་གནག་ཕྱུགས་རིགས་ཤིག་གོ།

རིགས་དབྱེ།  

འབྲི་གཡག་དཀར་པོ།

འབྲི་གཡག་དཀར་པོ་ནི་དཔལ་འབྱོར་གྱི་རིན་ཐང་དེ་བས་ཆེ་བའི་ཕྱུགས་རྒྱུད་དེ། ཨ་མདོར་མ་གཏོགས་པའི་མཚོ་སྔོན་ཞིང་ཆེན་མོན་ཡོན་རྫོང་གི་སེམ་ཉིད་དང་འབྲུ་གུ་ཤང་། ཧུའུ་ཀྲུའུ་རྫོང་གི་སུམ་མདོ་དང་རྩ་བ། རྒྱ་ཏིག་ཤང་། དེ་མིན་ཀན་སུའུ་དཔའ་རིས་རྫོང་ཁོངས་སོགས་ས་ཁུལ་དུ་ཡོད་ཅིང་། ད་ལྟ་ཕལ་ཆེར་བདུན་སྟོང་ལྷག་གི་ཁ་གྲངས་ཙམ་དུ་ཟད་དོ། །

རིགས་དབྱེ།  

བ་ལང་ནག་ཁྲ།

བ་ལང་ནག་ཁྲ་ཐོན་ཡུལ་ནི་ཧོ་ལན་རྒྱལ་ཁབ་ཡིན་པས། ཧོ་ལན་གླང་རྒྱུད་ཀྱང་ཟེར། དེ་ནི་འཛམ་གླིང་དུ་གྲགས་ཆེ་བའི་འོ་སྤྱོད་གནག་ཕྱུགས་ཀྱི་རིགས་ཤིག་ཡིན།

རིགས་དབྱེ།  

ཞི་མོན་ཐར་བ་ལང་།

ཞི་མོན་ཐར་བ་ལང་ནི་སུའེ་ཙེར་རྒྱལ་ཁབ་ཀྱི་ཁོངས་ནུབ་རྒྱུད་ཀྱི་གནག་ཕྱུགས་རིགས་ཤིག་སྟེ། འོ་ཤ་བཀོལ་གསུམ་གང་ཐད་ནས་བཟང་བའི་ཕྱུགས་རྒྱུད་ཅིག་ཡིན་པ་དང་། གཟན་ཆས་རྩིང་པོ་དང་འཕྲོད་ཆེ་བའི་ཁྱད་ཆོས་ལྡན་ནོ། །

རིགས་དབྱེ།  

ཧེ་ཧྥུ་ཐི་གླང་རྒྱུད།

ཧེ་ཧྥུ་ཐི་གླང་རྒྱུད་ཀྱི་ཐོན་ཡུལ་ནི་དབྱིན་ཇི་རྒྱལ་ཁབ་ལྷོ་ཁུལ་གྱི་ཧེ་ཧྥུ་ཐི་རྫོང་ཡིན་པས་ན་མིང་ཡང་དེ་ལྟར་ཐོགས། གླང་རྒྱུད་དེའི་རྣ་རིང་ཞིང་དབྱིབས་ཆུང་བ། འཚར་ལོངས་མགྱོགས་པའི་ཤ་སྤྱོད་ཕྱུགས་རིགས་ཤིག་ཡིན།

རིགས་དབྱེ།  

ཤ་ལོར་གླང་རྒྱུད།

ཤ་ལོར་གླང་རྒྱུད་ཐོན་ཡུལ་ནི་ཧྥ་རན་སེའི་ཤ་ལོར་ས་ཆ་ཡིན་ལ། ལུས་དབྱིབས་ཆེ་བའི་ཤ་སྤྱོད་གནག་ཕྱུགས་ཀྱི་རིགས་ཤིག་སྟེ། སྤྱིར་ལུས་གཞི་ཆེ་ཞིང་ལྗིད་པ་དང་། ཤ་སྣག་མང་པ་བཅས་ཀྱི་ཁྱད་ཆོས་ལྡན་ནོ། །

རིགས་དབྱེ།  

ལུམ་ཙན་གླང་རྒྱུད།

ལུམ་ཙན་གླང་རྒྱུད་ཐོན་ཡུལ་ནི་ཧྥ་རན་སེ་ཡིན་ལ། སྤུ་ཁ་སྨུག་སེར་དང་། ལུས་རིང་ཞིང་བྲང་གཞུང་ཆེ་བ། སྒལ་གཞུང་དྲང་ལ་ཁོག་སྨད་ཀྱི་བསྐྱེད་བཟང་པས། ལུས་དབྱིབས་ཆེ་བའི་ཤ་སྤྱོད་ཕྱུགས་རིགས་ཤིག་གོ། །

རིགས་དབྱེ།  

ཨན་གུར་སི་གླང་རྒྱུད།

ཨན་གུར་སི་གླང་རྒྱུད་ཐོན་ཡུལ་ནི་དབྱིན་ཇི་རྒྱལ་ཁབ་ཀྱི་བྱང་ཕྱོགས་ས་ཁུལ་ཡིན་ལ། གཟུགས་དབྱིབས་ཆུང་ཞིང་ཤ་སྤྱོད་པའི་ཕྱུགས་རིགས་ཤིག་གོ།

རིགས་དབྱེ།  

ཆིན་ཁྲོན་གླང་རྒྱུད།

ཆིན་ཁྲོན་གླང་རྒྱུད་ཐོན་ཡུལ་ནི་ཧྲན་ཞི་ཞིང་ཆེན་ཁོངས་ཀྱི་ཆིན་ཁྲོན་གཞུང་ཡིན་ལ། གླང་རྒྱུད་སྤུས་ཡག་པ་ཀོན་ཀྲུང་ས་ཆ་ནས་རྒྱུད་འཕེལ་པའོ། ། དེའི་གཟུགས་གཞི་ཆེ་ཞིང་རུས་སྒྲོམ་སྦོམ་ལ། འཕྲོད་བཟོད་བཟང་ཞིང་གཟན་ཆས་རྩིང་པོ་འཕྲོད་པ་དང་གསོ་སླ་བ་བཅས་ཀྱི་ཁྱད་ཆོས་ཡོད། རང་རེའི་རྒྱལ་ཁབ་ཀྱི་རྒྱུད་བཟང་གླང་རྒྱུད་རིགས་ལྔའི་ཡ་གྱལ་ཡིན།

རིགས་དབྱེ།