འབྲི་གཡག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འབྲི་གཡག
འབྲི་གཡག་ནི་རང་རེའི་རྒྱལ་ཁབ་ཀྱི་གངས་ཅན་གཞོང་ས་མཐོན་པོ་གཙོ་ཆེ་བའི་རྩྭ་ཐང་གི་སྒོ་ཕྱུགས་ཐུན་མོང་མ་ཡིན་པའི་རིགས་ཤིག་ཡིན་པ་མ་ཟད། ཁ་ཟས་སུ་ཤ་དང་འོ་མ། མར་དང་ཕྱུར་བ། བཟོ་ལས་རྒྱུ་ཆ་རུ་ཀོ་བ་དང་རྩིད་པ་དང་རྭ་ཅོ། དེ་མིན་གཡག་ལ་ཁལ་འགེལ་ཆོག་པ་བཅས་སྤྱོད་སྒོ་སྣ་འཛོམས་ཅན་གྱི་གནག་ཕྱུགས་རིགས་ཤིག་གོ།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
འབྲི་གཡག
རྒྱ་ཡིག་གི་མིང་།
牦牛
ཕྱི་ཡིག་གི་མིང་།
wild yak
རིགས།
སྒོ་ཕྱུགས་ཀྱི་རིགས།
ཁོངས་གཏོགས།
འོ་འཐུང་སྲོག་ཆགས།
1 ངོ་སྤྲོད། 

འབྲི་གཡག་ནི་རང་རེའི་རྒྱལ་ཁབ་ཀྱི་གངས་ཅན་གཞོང་ས་མཐོན་པོ་གཙོ་ཆེ་བའི་རྩྭ་ཐང་གི་སྒོ་ཕྱུགས་ཐུན་མོང་མ་ཡིན་པའི་རིགས་ཤིག་ཡིན་པ་མ་ཟད། ཁ་ཟས་སུ་ཤ་དང་འོ་མ། མར་དང་ཕྱུར་བ། བཟོ་ལས་རྒྱུ་ཆ་རུ་ཀོ་བ་དང་རྩིད་པ་དང་རྭ་ཅོ། དེ་མིན་གཡག་ལ་ཁལ་འགེལ་ཆོག་པ་བཅས་སྤྱོད་སྒོ་སྣ་འཛོམས་ཅན་གྱི་གནག་ཕྱུགས་རིགས་ཤིག་གོ། ། ས་བབ་མཐོ་ཞིང་དྲོད་ཚད་དམའ་བ་དང་འཚོ་མཐུན་མཁའ་དབུགས་དཀོན་པ་བཅས་གཞོང་ས་མཐོན་པོའི་འབྲོག་སར་མཐུན་ལ། གཟུགས་གཞིའི་ཁྱད་ཆོས་གཙོ་བོ་ནི་ཁོག་སྟོད་བསྐྱེད་ལེགས་ཤིང་ཁོག་སྨད་ཅུང་ཞན་པ། སོག་མགོ་མཐོ་ཞིང་ལག་ཟུང་ཐུང་ལ་དྲང་བ། རྗེ་ངར་ཅུང་ཟད་གུག་པ། རྔ་མ་དང་རྩིབ་ལོག་མན་གྱི་རྩིད་པ་རིང་ཞིང་སྦོམ་པའོ། ། གཡག་ལ་མཚོན་ན་མགོ་ཆེ་ཞིང་ལྕི་བ། སྐེ་ཐུང་ལ་མཐུག་པ་དང་། འབྲི་མོའི་མགོ་ནི་རིང་ཞིང་དཔྲལ་གཞུང་གི་ཞེང་ཆེ་བ། སྐེ་རིང་ཞིང་སྲབ་པ། མིག་ཟུང་ཆེ་ཞིང་ཟླུམ་གོར་ཡིན་པ། ནུ་གཉིས་ཆུང་ཞིང་ནུ་མགོ་ཐུང་བ། ལུང་ཡོངས་ཀྱི་རྩིད་པ་ཕལ་ཆེ་བ་ནག་པོ་ཡིན། འབྲི་གཡག་གི་ཤ་ནི་དམར་ཤོས་ཆེ་ལ་སྤྲི་བཅུད་ཀྱི་འདུས་ཚད་ཧ་ཅང་མཐོ་བ་མ་ཟད། འབྲི་མོའི་འོ་མར་སྣུམ་སྤྲི་ཆེ་ཞིང་འཚོ་བཅུད་འཛོམས་པ་ཞིག་གོ། ། འབྲི་གཡག་གི་རྩིད་པས་སྦྲ་གུར་དང་སྒྱེ་དང་ཐག་པ་བཅས་བཟོ་ཆོག་ལ། ཁུ་ལི་ནི་འཁེལ་འཐག་གི་རྒྱུ་ཆ་རྩ་ཆེན་ཞིག་གོ། ། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-04-01

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།