ཡོངས་འཛིན་རིག་མཛོད། >རང་བྱུང་ཁམས། >སྲོག་ཆགས། >གཞན་དག

ཨ་བྲའི་གནོད་འཚེ།

ཨ་བྲའི་གནོད་འཚེ་ཡིས་དུག་གི་རིགས་དང་འབུ་ཕྲའི་རིགས་ཀྱི་ནད་ཡམས་སྣ་ཚོགས་འབྱུང་བར་བྱེད་པ་དང་། ད་དུང་ཚབས་ཆེན་ཡིན་པའི་ས་ཁུལ་དུ་དེ་ཡིས་མིའི་ལུས་ཕུང་གི་བདེ་འཇགས་ལ་ཐད་ཀར་གྱིས་གནོད་འཚེ་ཐེབས་སྲིད།

རིགས་དབྱེ།  

དགུན་ཉལ།

དགུན་ཉལ་རྒྱག་པ་ནི་སྲོག་ཆགས་ཁག་ཅིག་གིས་ཕྱི་རོལ་ཡུལ་གྱི་ཁོར་ཡུག་མི་སྲུན་པ་སྟེ། དཔེར་ན་གྲང་ངར་ཆེ་བ་དང་གཟན་མི་འདང་བ་སོགས་ལ་བསྟུན་པའི་ཐབས་ཤེས་ཤིག་ཡིན། ཐབས་ཤེས་དེ་ནི་སྲོག་ཆགས་མང་པོ་ཞིག་གི་དགུན་སྐྱེལ་སྟངས་ཡིན།

རིགས་དབྱེ།  

སྐུད་གཟུགས་སྲོག་ཆགས།

སྐུད་གཟུགས་སྲོག་ཆགས་ནི་བྱང་ཁོག་ལྟར་སྣང་ཅན་གྱི་ཕྲ་ཕུང་མང་བའི་སྲོག་ཡིན་པ་དང་། འཕེལ་འགྱུར་གྱི་སྟེང་དུ་ལེབ་གཟུགས་སྲོག་ཆགས་ལས་མཐོ་བ་དང་སྒོར་ཚིགས་སྲོག་ཆགས་ལས་དམའ་བ་རེད། མི་དང་སྲོག་ཆགས་ཀྱི་ལུས་ཕུང་ནང་གི་གཞན་བརྟེན་འབུ་སྲིན་ཡིན།

རིགས་དབྱེ།  

སུག་ཚིགས་སྲོག་ཆགས།

སུག་ཚིགས་སྲོག་ཆགས་ནི་སྲོག་ཆགས་ཁམས་ཀྱི་ཆེས་ཆེ་བའི་སྒོ་ཡིན། འཛམ་གླིང་ཡོངས་ནས་ད་ལྟ་ཡོད་པ་རིགས120ལྷག་དང་སྐྱེ་ཁམས་རིགས་དབྱེ་ཡི80%ཟིན། འཚོ་སྡོད་བྱེད་སའི་གནས་ཁྱབ་རྒྱ་ཆེ། རྒྱ་མཚོ་དང་ཚྭ་མེད་ཆུ། ས་ཐོག ནམ་མཁའ་སོགས་ནས་ཀྱང་མཐོང་ཐུབ། ད་དུང་རིགས་འགའ་ནི་སྐྱེ་དངོས་གཞན་པའི་ལུས་སྟེང་ནས་འཚོ་སྡོད་བྱས་ཡོད།

རིགས་དབྱེ།  

ལེབ་དབྱིབས་སྲོག་ཆགས།

ལེབ་དབྱིབས་སྲོག་ཆགས་ནི་རུས་པ་མེད་པའི་མ་ལག་གི་དམའ་རིམ་ནུར་གཟུགས་སྲོག་ཆགས་ཡིན། སྲོག་ཆགས་དེ་རྒྱ་མཚོ་དང་ཚྭ་མེད་ཆུའི་ནང་དུ་འཚོ་ཡོད་པ་དང་། ཉུང་ཤས་ཤིག་སྐམ་སའི་ས་རློན་པའི་ནང་དུ་འཚོ་ཡོད།

རིགས་དབྱེ།  

རྙིང་ཚབ་གསར་བརྗེ།

ལུས་ཁམས་དང་ཕྱིའི་ཁོར་ཡུག་བར་གྱི་དངོས་པོ་ནུས་ཚད་བརྗེ་སྤྲོད། སྐྱེ་དངོས་ཀྱི་ཕུང་བོའི་ནང་དངོས་རྫས་དང་ནུས་ཚད་བརྗེ་རེས། རང་བརྗེ་རང་གསོ་བྱེད་པའི་བརྒྱུད་རིམ་དེར་རྙིང་ཚབ་གསར་བརྗེ་ཟེར།

རིགས་དབྱེ།  

ཀྲྀཥྞ་ས་ར།

ཀྲྀཥྞ་ས་ར་ནི་རི་དྭགས་ཁྲི་སྙན་ས་ལེ་ཞེས་པ་སྟེ། ལུས་ཡོངས་རྫོགས་ཐིག་དཀར་ནག་གིས་བརྒྱན་ཅིང་། གཤིས་ཀ་དུལ་བའི་རི་དྭགས་ཤིག་གི་མིང་།

རིགས་དབྱེ།  

སྨིན་བརྒྱད་ཕག

སྨིན་བརྒྱད་ཕག་ནི་ཧྲན་ཞི་དང་མཚོ་སྔོན། ཀན་སུའུ། ཉིང་ཞ་སོགས་ཞིང་ཆེན་ལ་ཁྱབ་ཡོད་པ་དང་། ལུས་ཡོངས་ཀྱི་སྤུ་མདོག་ནག་པོ་ཡིན་པ་དང་ཟེ་རྔོག་རྩུབ་ཅིང་སྲ་བ། སྨིན་མ་རྒྱའི་ཡི་གེའི་བརྒྱད་གཟུགས་དང་འདྲ་བ། རྣ་བ་རིང་ཞིང་ཐུར་ལ་འཕྱང་བ། རྐེད་པ་རིང་ཞིང་དྲང་བ། གསུས་ཁོག་ཆེ་ཞིང་ཐུང་ལ་འཕྱང་བ། རྐང་ལག་བཞི་པོ་སྦོམ་པ། རྔ་མ་ཅུང་ཕྲ་བའི་ཕག་རིགས་ཤིག་ཡིན།

རིགས་དབྱེ།  

ཨ་པེ་ལི་ཁུང་འབྲུག

ཨ་པེ་ལི་ཁུང་འབྲུག(རིག་གཞུང་མིངAbelisaurus)ནི་ཨ་པེ་ལི་ཁུང་འབྲུག་ཚན་གྱི་ཁུང་འབྲུག་གི་ཁོངས་ཤིག་ཡིན་ལ། གཟུགས་གཞི་ཆེ་ཞིང་ལག་པ་ཐུང་བ་དང་། དཀར་རག་དུས་རབས་ཀྱི་དུས་མཇུག་གི་མེ་གླིང་ལྷོ་མའི་ཨ་ཀེན་ཐིན་དུ་འཚོ་བ་ཡིན།

རིགས་དབྱེ།  

ཁུང་འབྲུག་ཨ་ཏ་མན་ཐི།

ཁུང་འབྲུག་ཨ་ཏ་མན་ཐི(རིག་གཞུང་གི་མིངAdamantisaurus)ཞེས་པ་ནི“ཨ་ཏ་མན་ཐི་ནའི་རྩིངས་པ”ཞེས་པའི་དོན་ཡིན་ལ། དེ་ནི་ཐའེ་ཐན་ཁུང་འབྲུག་ཆེན་པོའི་རིགས་ཀྱི་ཁུང་འབྲུག་ཞིག་ཡིན་ཞིང་། དཀར་རག་དུས་རབས་ཕྱི་མའི་དུས་ཀྱི་མེ་གླིང་ལྷོ་མར་འཚོ་གནས་བྱས་ཡོད།

རིགས་དབྱེ།  

ཨན་ཏི་སི་ཁུང་འབྲུག

ཨན་ཏི་སི་ཁུང་འབྲུག་ནི་གདོད་མའི་ཐའེ་ཐན་ཁུང་འབྲུག་ཆེན་པོའི་རིགས་ཀྱི་ཁུང་འབྲུག་གི་ཁོངས་ཤིག་ཡིན་ལ། དཀར་རག་དུས་རབས་བར་མའི་གླིང་ཆེན་ཨ་མེ་རི་ཁ་ལྷོ་མར་འཚོ་ཞིང་། དེའི་གཉེན་ཚན་གཞན་དག་གི་ཁྲོད་ཀྱི་རིགས་མང་ཤོས་ནི་གཟུགས་གཞི་ཤིན་ཏུ་ཆེ་བའི་ཁུང་འབྲུག་ཡིན་མོད། འོན་ཀྱང་ཨན་ཏི་སི་ཁུང་འབྲུག་གི་གཟུགས་གཞི་ཅུང་ཆུང་སྟེ་ལྗིད་ཚད་ལ་ཏུན9ནས18མ་གཏོགས་མེད།

རིགས་དབྱེ།  

ཨའོ་ཀུའུ་སི་ཏིང་ཁུང་འབྲུག

ཨའོ་ཀུའུ་སི་ཏིང་ཁུང་འབྲུག་ནི་དཀར་རག་དུས་རབས་རྗེས་མའི་གླིང་ཆེན་ཨ་མེ་རི་ཁ་ལྷོ་མར་འཚོ་བའི་རྩངས་པའི་འོག་གི་ཚོ་ཡི་ཁུང་འབྲུག་འོག་གི་ཁོངས་ཤིག་ཡིན་པ་དང་། རིག་གཞུང་གི་མིང་ལAgustiniaཟེར་ལ་ཨ་ཀེན་ཐིན་གྱི་ནེ་ཝུའུ་ཁེན་ཞིང་ཆེན་གྱིLohan Curaས་རིམ་ནས་གསར་རྙེད་བྱུང་ཞིང་། དེའི་ལོ་རབས་ཐད་ཚོད་དཔག་བྱས་ན་དཀར་རག་དུས་རབས་ཀྱི་ཨ་ཕུའུ་ཏི་དུས་སྐབས་ནས་ཨར་པུའུ་དུས་སྐབས་བར་དུ་དེད་ཆོག་པ་དང་། ད་ལྟ་ནས་ཧ་ལམ་ལོ་ངོ་དུང་ཕྱུར་གཅིག་དང་ཁྲི1600ནས་དུང་ཕྱུར་གཅིག་གི་སྔོན་དུ་སླེབས་ཡོད།

རིགས་དབྱེ།  

པཱ་ལུའོ་ཧྲ་ཁུང་འབྲུག

རིགས་དབྱེ།  

པའོ་ལི་ལེན་ཉི་ཁུང་འབྲུག

པའོ་ལི་ལེན་ཉི་ཁུང་འབྲུག(རིག་གཞུང་གི་མིང་ལPellegrinisaurus)ནི་དཀར་རག་དུས་རབས་གོང་མའི་ཁུང་འབྲུག་ཅིག་ཡིན་ལ། ཨ་ཀེན་ཐིན་དུ་འཚོ་གནས་བྱེད་པའི་ཐའེ་ཐན་ཁུང་འབྲུག་ཆེན་པོའི་རིགས་ཡིན།

རིགས་དབྱེ།  

པའོ་ལུའུ་འབྲུག་ཆེན།

པའོ་ལུའུ་འབྲུག་ཆེན་གྱི་དཔེ་དབྱིབས་ཀྱི་རིགས་ནི་པུའུ་ཧྲི་པའོ་ལུའུ་འབྲུག་ཆེན(Baurutitan britoi)ཡིན་པ་དང་སྤྱི་ལོ2005ལོར་མིང་བཏགས་པ་རེད། ངོ་ཁྲི7100ནས6600ཡར་སྔོན་གྱི་དཀར་རག་དུས་རབས་ཕྱི་མ་རུ་འཚོ་བ་རོལ་བཞིན་ཡོད།

རིགས་དབྱེ།  

ཁུང་འབྲུག་ལྕི་མོ།

ཁུང་འབྲུག་ལྕི་མོ་ནི(རིག་གཞུང་གི་མིང་ལEpachthosaurus)ཐའེ་ཐན་འབྲུག་ཆེན་རིགས་ཀྱི་ཁུང་འབྲུག་གི་ཁོངས་ཤིག་ཡིན་ཞིང་། འགྱུར་རྡོ་མེ་གླིང་ལྷོ་མའི་ཨ་ཀེན་ཐིན་གྱི་པཱ་ཐ་ཀོ་ཉི་ཡའི་དབུས་རྒྱུད་དང་བྱང་རྒྱུད་ནས་གསར་རྙེད་བྱུང་བ་དང་། ས་གཤིས་ལོ་རབས་ནི་དཀར་རག་དུས་རབས་གོང་མའི་ཁོངས་སུ་གཏོགས།

རིགས་དབྱེ།  

གཏུམ་འབྲུག་ཆེན་པོ།

གཏུམ་འབྲུག་ཆེན་པོ་ལ་ཇག་འབྲུག་ཆེན་པོ་ཡང་ཟེར་ལ་དེ་ནི“ཇག་རྐུན་ཆེན་པོ”ཞེས་པའི་དོན་ཡིན་ཞིང་། དཀར་རག་དུས་རབས་ཀྱི་དུས་མཇུག་ཏུ་འཚོ་བ་དང་གཟུགས་གཞི་མྱུར་ཞིང་གཏུམ་པའི་ཁུང་འབྲུག་གི་རིགས་དང་མཚུངས། གཏུམ་འབྲུག་ཆེན་པོ་ནི་གཏུམ་དྲག་ཆེ་བའི་ཤ་གཟན་ཁུང་འབྲུག་ཅིག་ཡིན་ལ། བཙན་རྒྱལ་ཁུང་འབྲུག་སོགས་ཤ་གཟན་ཁུང་འབྲུག་གཞན་དང་མི་འདྲ་བ་ནི། དེའི་གཟུགས་དབྱིབས་རིང་ཞིང་མྱུར་ཚད་མགྱོགས་པ་དང་མཇུག་མ་རིང་པོར་བརྟེན་ནས་ལུས་པོ་དོ་མཉམ་ཡོང་བ་བྱེད་ལ། ཤ་གནད་དར་བའི་རྐང་པ་རིང་པོ་དེ་རྒྱུགས་པར་ཕན།

རིགས་དབྱེ།  

ཤ་གནད་ཁུང་འབྲུག

ཤ་གནད་ཁུང་འབྲུག་ནི(རིག་གཞུང་གི་མིང་ལIlokelesia)སྤྱི་ལོ1991ལོར་ཨ་ཀེན་ཐིན་ནེ་ཝུའུ་ཁེན་ཞིང་ཆེན་གྱི་ནེ་ཝུའུ་ཁེན་ཚོ་ཆུང་གི་ལི་མའེ་ཆུ་བོའི་ཚོ་ཆུང་ནས་གསར་རྙེད་བྱུང་བ་སྟེPlaza Huinculལ་ཉེ། ལོ་རབས་ནི་དཀར་རག་དུས་རབས་ཀྱི་དུས་མཇུག་(སེན་ནོ་མན་དུས་སྐབས)ཡིན་ལ། གདོད་མའི་ཨ་པེ་ལི་ཁུང་འབྲུག་ཚན་གྱི་ཁུང་འབྲུག་རིགས་ཤིག་ཡིན།

རིགས་དབྱེ།  

མཱ་ལཱ་ཀུའེ་ཁུང་འབྲུག

མཱ་ལཱ་ཀུའེ་ཁུང་འབྲུག་ནི་ལོ་ངོ་ཁྲི8900གོང་གི་དཀར་རག་དུས་རབས་ཕྱི་མ་རུ་འཚོ་བའི་ཁུང་འབྲུག་གི་རིགས་ཤིག་ཡིན།

རིགས་དབྱེ།  

མུའུ་ཡེ་ཨེན་ཁུང་འབྲུག

མུའུ་ཡེ་ཨེན་ཁུང་འབྲུག(རིག་གཞུང་གི་མིང་ལMuyelensaurusཟེར)ནི་རྩངས་རྨིགས་འོག་གི་ཚོ་ཆུང་གི་ཐའེ་ཐན་འབྲུག་ཆེན་རིགས་ཀྱི་ཁོངས་ཤིག་ཡིན་ལ། དཀར་རག་དུས་རབས་ཕྱི་མའི་ཨ་ཀེན་ཐིན་དུ་འཚོ་གནས་བྱས་ཡོད།

རིགས་དབྱེ།  

འཚོལ་ཞིབ་ཁུང་འབྲུག

འཚོལ་ཞིབ་ཁུང་འབྲུག(རིག་གཞུང་གི་མིང་ལPitekunsaurusཟེར)ནི་ལོ་ངོ་ཁྲི8300ཡར་སྔོན་གྱི་དཀར་རག་དུས་རབས་ཕྱི་མའི་དུས་ཀྱི་ཁུང་འབྲུག་ཆེན་པོ་ཞིག་ཡིན།

རིགས་དབྱེ།  

བྱ་རྒོད་ཁུང་འབྲུག

བྱ་རྒོད་ཁུང་འབྲུག་ནི་ལོ་ངོ་དུང་ཕྱུར1ནས་ཁྲི8600ཡི་ཡར་སྔོན་དུ་འཚོ་བའི་དཀར་རག་དུས་རབས་ཕྱི་མའི་དུས་ཀྱི་ཁུང་འབྲུག་ཆེན་པོ་ཞིག་ཡིན།

རིགས་དབྱེ།  

ལི་ཅཱ་པུའུ་ཁུང་འབྲུག་ཆུང་བ།

ལི་ཅཱ་པུའུ་ཁུང་འབྲུག་ཆུང་བ་ཞེས་པ་ནི(རིག་གཞུང་གི་མིང་ལLigabueinoཟེར)“ལི་ཅ་པུའུ་ཡི་དངོས་པོ་ཆུང་ཆུང”ཞེས་པའི་དོན་ཡིན་ལ། དེ་ནི་ཨ་པེ་ལི་ཁུང་འབྲུག་གི་ཚན་བརྒལ་ཁུང་འབྲུག་གི་ཁོངས་ཤིག་ཡིན་པ་དང་། དབྱི་ཐ་ལིའི་སྨན་པ་ལི་ཅཱ་པུའུ(Giancario Ligabue)ཡིས་མིང་བཏགས་པ་རེད།

རིགས་དབྱེ།  

ཡ་མ་སུན་ཁུང་འབྲུག

ཡ་མ་སུན་ཁུང་འབྲུག(རིག་གཞུང་གི་མིངAmazonsaurus)ནི་ལིང་འབྲུག་གི་ཚན་བརྒལ་འོག་གི་ཁོངས་ཤིག་ཡིན་པ་དང་། དཀར་རག་དུས་རབས་འོག་མའི་མེ་གླིང་ལྷོ་མར་འཚོ་བའི་རྩྭ་གཟན་ཁུང་འབྲུག་ཆེ་གྲས་ཤིག་ཡིན།

རིགས་དབྱེ།  

དངུལ་འབྲུག

དངུལ་འབྲུག(རིག་གཞུང་གི་མིང་ལArgysaurus)ནི་དཀར་རག་དུས་རབས་སྔ་མ་རུ་འཚོ་བའི་ཁུང་འབྲུག་ཆེན་པོ་ཞིག་ཡིན།

རིགས་དབྱེ།  

པའེ་ཧྲན་ཁུང་འབྲུག

པའེ་ཧྲན་ཁུང་འབྲུག་ནི་འདབ་ཆགས་ཀྱི་རྐུབ་ཚོའི་ཁོངས་སུ་གཏོགས་པའི་སྲོག་ཆགས་ཤིག་ཡིན་ལ་ཁྲང་པའེ་རི་བོའི་རྒྱུད་དུ་གནས་པས་མིང་དེ་ལྟར་ཐོགས།

རིགས་དབྱེ།  

མྱ་ངམ་ཐང་གི་འབྲུག་ཆེན།

མྱ་ངམ་ཐང་གི་འབྲུག་ཆེན(རིག་གཞུང་གི་མིངGobititan)ནི་དཀར་རག་དུས་རབས་རྗེས་མའི་ཁུང་འབྲུག་གི་ཁོངས་སུ་གཏོགས་པ་ཡིན། དེའི་འགྱུར་རྡོ་ནི་རུས་པ་ཁག་ཅིག་ཡིན་ཞིང་དེའི་ནང་དུ་སྒལ་ཚིགས་དང་ཡན་ལག་རུས་པ་གཅིག་འདུས་ཡོད་པ་དང་། ཚོད་དཔག་བྱས་ན་རྨང་གཞིའི་ཐའེ་ཐན་ཁུང་འབྲུག་རིགས་ཀྱི་ཁུང་འབྲུག་ཞིག་ཡིན་པ་རེད།

རིགས་དབྱེ།  

འདམ་རྫབ་ཐུང་ཐེན་ཁུང་འབྲུག

འདམ་རྫབ་ཐུང་ཐེན་ཁུང་འབྲུག་ནི་སྒོང་རྐུན་འབྲུག་གི་ཚོ་ཆུང་གི་ཁོངས་སུ་གཏོགས་ཤིང་། སྤྱི་ལོ2016ལོར་ཀྲུང་གོའི་ཅང་ཞི་ཀན་ཀྲོའུ་ནས་གསར་རྙེད་བྱུང་བ་རེད།

རིགས་དབྱེ།  

དུས་རབས་ཀྱི་ཁུང་འབྲུག

དུས་རབས་ཀྱི་ཁུང་འབྲུག་གིས་ད་ནས་ཡར་བརྩིས་པའི་ལོ་ངོ་དུང་ཕྱུར1.7ནས1.55གོང་གི་ཀྲུའུ་ལུའོ་དུས་རབས་འབྲིང་བ་རུ་འཚོ་བ་སྐྱེལ་གྱི་ཡོད་པ་དང་། ཤ་གཟན་ཁུང་འབྲུག་ཆེ་གྲས་སུ་གཏོགསཤིང་གཟུགས་ཀྱི་རིང་ཚད་ལ་སྨི8ཡོད།

རིགས་དབྱེ།  

ཞིན་ཅང་རྔོན་འབྲུག

ཞིན་ཅང་རྔོན་འབྲུག་ནི་རུས་གསོབ་འབྲུག་རིགས་ཀྱི་ཁུང་འབྲུག་རིགས་ཤིག་ཡིན་ལ། དཀར་རག་དུས་རབས་ཀྱི་ཧྥན་ལན་ཅིན་དུས་མཚམས་ནས་ཨཱ་ཨེར་པི་དུས་མཚམས་སུ་འཚོ་གནས་བྱེད་བཞིན་ཡོད་ཅིང་། དེའི་འགྱུར་རྡོ་ནི་རྐང་པ་གཡས་པའི་ཆ་ཞིག་ཡིན་པ་དང་ཀྲུང་གོའི་ཞིན་ཅང་གི་ཝུའུ་ཨེར་ཧོའིLianmuginས་རིམ་རྙེད་པ་རེད།

རིགས་དབྱེ།