ཡོངས་འཛིན་རིག་མཛོད། >རང་བྱུང་ཁམས། >སྲོག་ཆགས། >གཅན་གཟན།

སྟག

སྟག་ནི་འཛམ་གླིང་སྟེང་གི་གཅན་གཟན་ཡག་ཤོས་ཤིག་ཡིན་པར་མ་ཟད། སྐྱེ་ཁམས་ཟས་རིགས་ཕྲེང་ཐག་གི་ཐག་མགོར་གནས་པའི་གཅན་གཟན་ཞིག་ཀྱང་ཡིན། སྟག་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་བརྗོད་བྱ་གཙོ་བོ་ཞིག་ཡིན་ཏེ། དཔེར་ན། དཔའ་བོར་བསྟོད་ན་སྟག་དང་སྡར་མར་སྨད་ན་ཝ་མོ་དཔེ་རུ་འཇོག་པ་ལྟ་བུ་དང་། རླུང་རྟ་རུ་སྟག་སེང་ཁྱུང་འབྲུག་རླུང་རྟ་ཡར་ལ་རྒྱས་ཞེས་པར་མཚོན་ན་སྟག་ནི་རླུང་རྟ་སྡེ་བཞིའི་མགོ་ན་བཞག་ཡོད།

རིགས་དབྱེ།  

གྲུམ་པ།

གྲུམ་པ་ནི་ཡ་གླིང་དང་ཨོའུ་གླིང་། རང་རྒྱལ་གྱི་ཏུང་པེ་དང་ནུབ་བྱང་། ཧྭ་ནན་ས་ཆ་སོགས་ན་ཡོད་པའི་སྲེ་མོང་ཚན་གྱི་སྲོག་ཆགས་ཤིག་སྟེ། གདོང་ན་རྟགས་ཤད་དཀར་བོའམ་རྟགས་ཤད་དཀར་སྐྱ3འཐེན་པ། ལུས་པོ་ཚོ་ཞིང་སྡེར་མོ་ཧ་ཅང་རྣོ་བ། སྤུ་མདངས་དཀར་ནག་འདྲེས་མ་སྟེ་ཁམ་སྐྱ་ཡིན།

རིགས་དབྱེ།  

ཏེ་ལོ།

ཏེ་ལོ་ནི་སྲེ་མོང་ཚན་གྱི་མཚན་མོར་རྒྱུ་བའི་སྲོག་ཆགས་ཤིག་ཡིན། སྐེ་རིང་ཞིང་སྦོམ་པ་དང་སྐེ་རྒྱབ་དང་རྒྱབ་སྟོད་ལ་ཐར་ཐོར་ཡིན་པའི་གྲ་སྤུ་ནག་རིང་སྐྱེས་ཡོད། རྒྱབ་གཞུང་དུ་སྤུ་མདངས་དམར་སེར་གྱིས་ཁེབས་འདུག རྐང་ལག་དང་རྔ་མའི་སྤུ་མདོག་ནག་པོ་ཡིན། ཨ་བྲ་སོགས་ཀྱི་གཉན་པོ་ཡིན་པས། ཞིང་ཕྱུགས་ལས་དང་ནགས་ལས་ཐད་ཀྱི་བྱི་གནོད་འགོག་ཐུབ་པར་མ་ཟད། སྐྱེ་ཁམས་དོ་མཉམ་ཡོང་བར་ཡང་བྱེད་ནུས་གལ་ཆེན་འདོན་བཞིན་ཡོད།

རིགས་དབྱེ།  

བྱ་མ་བྱི།

བྱ་མ་བྱི་ནི་སྡེར་མོ་ལ་བརྟེན་ནས་སྡོང་མགོར་འགོ་མཁས་པ་དང་སྐྱི་མོ་ལ་བརྟེན་ནས་སྡོང་བོ་གཅིག་ནས་སྡོང་བོ་གཞན་ཞིག་གི་སྟེང་ལ་འཕུར་མཁས་པ་ཞིག་ཡིན། བྱི་བ་འདིའི་རིགས་ནི་རང་རྒྱལ་གྱི་ཧྲའན་ཞི་དང་ཀན་སུའུ། མཚོ་སྔོན་ན་མ་གཏོགས་མེད། ཤིང་འབྲས་སོགས་ཟ།

རིགས་དབྱེ།  

གསའ།

མཚོ་ངོས་ལས་མཐོ་ཚད་སྨི2500-5300བར་ན་འཚོ་སྡོད་བྱས་ཡོད་པའི་རི་སྐྱེས་སྲོག་ཆགས་ཤིག་ཡིན། གསའ་ལ་ཨ་མདོའི་ཡུལ་སྐད་དུ་གསའ་བན་དང་སྲོག་ཆགས་རིག་པ་རུ་གངས་གཟིག་ཟེར། གསའ་ཡི་ལུས་ཧྲིལ་བོ་དཀར་སྐྱ་ཡིན་པ་དང་། ཐིག་ལེ་ནག་པོ་ཁྱབ་ཡོད། གསའ་ཆུང་ངུ་དེ་ཞི་ལ་སྟག་ཁྲ་ཞིག་དང་འདྲ།

རིགས་དབྱེ།  

དོམ་ཁྲ།

དོམ་ཁྲ་ནི་མགོ་བོ་སྒོར་ཞིང་རྔ་མ་ཐུང་བ། ལྟིག་ལྟིག་མི་ལྟིག་དོམ་དང་མཚུངས་པ་ཞིག་ཡིན་ལ། རྣ་མདོ་དང་མིག་མཐའ། རྣ་གཤོག སུག་སྡེར་བཞི། སོག་མགོ་བཅས་ནི་ནག་པོ་ཡིན་པ་དང་། དེ་མིན་ཐམས་ཅད་དཀར་བོ་ཡིན། བརླན་བཤེར་ཆེ་བའི་སྨྱུག་མའི་ནགས་ཚལ་ན་གནས། འཛམ་གླིང་སྟེང་རང་རྒྱལ་ན་མ་གཏོགས་མེད་པས་རང་རྒྱལ་གྱི་རྒྱལ་ནོར་ཞེས་པའི་མིང་བཏགས་ཡོད།

རིགས་དབྱེ།  

དོམ།

དོམ་ནི་མཆུ་ཐུང་ཞིང་མགོ་ཟླུམ་སྒོར་ཡིན་ལ། སྣ་ནག་ཅིང་མིག་ཟུང་ཆུང་ནའང་རྣ་གཤོག་ཅུང་ཆེ། སྤུ་མདོག་ནག་པོ་ཡིན་ཞིང་། བྲང་ངོས་ན་ཟླ་དཀར་ཚེས་འདྲའི་དཀར་ཐིག་ཅིག་ཡོད་པའི་གཅན་གཟན་ཞིག་ཡིན། དོམ་གྱི་སྡེར་ཁྱིམ་ནི་རྒྱ་ཟས་མཆོག་ཏུ་གྱུར་བ་ཞིག་ཡིན་པར་མ་ཟད། དོམ་མཁྲིས་སྨན་དུ་འགྲོ ཨོའུ་གླིང་དང་ཡ་གླིང་གི་སྐམ་ས་ཆེན་མོའི་བྱང་ཁུལ་དང་ཐེ་ཝན། ལྗར་པན་སོགས་ཀྱི་ནགས་ཚལ་ན་གནས་ཡོད།

རིགས་དབྱེ།  

དྲེད་མོང་།

དྲེད་མོང་ནི་མགོ་ཆེ་ཞིང་མཆུ་རིང་བ། སོག་མགོ་མཐོ་ཞིང་རྒྱབ་ཞེང་ཆེ་བ། གདོང་ཞེང་ཆེ་ལ་རྔ་མ་ཐུང་། སུག་བཞི་སྦོམ་ཞིང་སྤར་ཁྱིམ་ཆེ་བ། སྤར་ཁྱིམ་རེར་སེན་མོ་ལྔ་རེ་ཡོད་པའི་དོམ་ཚན་གྱི་གཅན་གཟན་ཞིག་ཡིན། གཙོ་བོར་རི་ཁུལ་གྱི་ནགས་ཚལ་ཁྲོད་དང་ཁབ་དབྱིབས་ནགས་ཚལ་ནང་གནས་ཀྱང་མདོ་དབུས་མཐོ་སྒང་གི་མཚོ་ངོས་ལས་སྨི4500-5000ཡོད་པའི་རྩྭ་ཐང་ནས་ཡང་འཚོ་སྡོད་བྱེད་ཐུབ།

རིགས་དབྱེ།  

གཟིག

གཟིག་ནི་ཞི་ལའི་ཚན་གྱི་གཅན་གཟན་ཞིག་ཡིན་ལ། ལུས་ཀྱི་སྤུ་མདོག་སེར་སྐྱ་དང་དེའི་སྟེང་ཐིག་རིས་ནག་པོ་ཡོད། བྲང་གཞུང་དང་ལྟོ་བའི་ངོས་སུ་ཐིག་རིས་མེད་པས་སྤུ་མདོག་ཅུང་དཀར་ཙམ་ཡིན། གཅན་གཟན་རིགས་ཀྱི་ནང་ནས་ཆེས་མགྱོགས་ཤོས་ཡིན་པས་ཕལ་ཆེར་ཆུ་ཚོད་རེར་སྤྱི་ལེ60ལྷག་རྒྱུག་ཐུབ་ཀྱི་ཡོད། མཆོང་རྩལ་དང་ལྡེམ་མྱུར་ཡང་ཆེས་ཆེན་པོ་ཡོད། རི་དྭགས་རྔོན་རྒྱུར་མཁས་པའི་གཅན་གཟན་ཞིག་ཡིན།

རིགས་དབྱེ།  

གཡི་དཀར།

གཡི་དཀར་ནི་འོ་འཐུང་སྐོར་གྱི་ཤ་གཟན་སྡེ་ཡིན་ལ། ངོ་གདོང་བྱི་ལ་དང་མཚུངས་ཏེ། རྣ་རྩེ་གཉིས་ཀྱི་སྟེང་ན་སྤུ་རིང་ཚོམ་བུ་རེ་སྐྱེས་ཡོད། རྔ་མ་སྦོམ་ཞིང་ཐུང་བ་དང་རྔ་རྩེ་ཟླུམ་ཟླུམ་ཞིག་ཡིན་པའི་མདོ་དབུས་མཐོ་སྒང་ན་རིགས་གཉིས་ཡོད་པའི་ཞི་ལི་ཚན་གྱི་གཅན་གཟན་ཞིག་ཡིན།

རིགས་དབྱེ།  

བྱང་སྣེ་དོམ་དཀར།

མིང་གཞན་ལ་དོམ་དཀར་ཡང་ཟེར། ཨ་རི་དང༌། ཨུ་རུ་སུ། ནོར་ཝེ། ཁ་ན་ཏ་རྒྱལ་ཁབ་སོགས་ཀྱི་ཆེས་གྲང་ངར་ཆེ་བའི་གནམ་གཤིས་ཏེ་གངས་དང་རྒྱ་མཚོའི་འཁྱག་རོམ་སོགས་ཡོད་པའི་ས་ཆར་གནས་པའི་རྩ་ཆེའི་སྲོག་ཆགས་ཤིག་ཡིན། ལུས་ཡོངས་ཀྱི་སྤུ་མདོག་དཀར་པོ་ཡིན་ལ། སྤྱི་ལྤགས་ནི་ནག་པོ་ཡིན། སྐམ་སར་གནས་པའི་ཆེས་ཆེ་བའི་ཤ་གཟན་སྲོག་ཆགས་ཡིན། སུག་རྗེས་མ་གཉིས་ཀྱི་སྟེང་དྲང་མོར་ཡར་ལངས་ན་གླང་ཆེན་ཞིག་གི་མཐོ་ཚད་དང་མཉམ།

རིགས་དབྱེ།  

ཝ་དམར།

ཝ་དམར་ནི་བློ་རིགས་རྒོད་ལ་སྤྱང་དྲུང་ལྡན་པའི་ཤ་གཟན་ཞིག་ཡིན། འཛམ་གླིང་ན་བསྡོམས་པའི་རིགས14ཡོད། ཝ་དམར་ནི་ཉིན་མཚན་བརྗེ་ནས་ཉིན་ཉལ་བ་དང་མཚན་མོར་ཟ་མ་འཚོལ་དུ་འགྲོ་བ་ཡིན། དུས་ཚིགས་དང་བསྟུན་ནས་སྤུ་མདོག་ཡང་བརྗེ་རེས་བྱེད་བཞིན་ཡོད། རྒྱུགས་ན་མགྱོགས་པས་དུས་ཚོད་གཅིག་ལ་ཧ་ལམ་སྤྱི་ལེ50རྒྱུགས་ཐུབ།

རིགས་དབྱེ།  

སྤྲ་སྨིན་དཀར་ལག་རིང་།

སྤྲེའུ་ལག་རིང་ཡང་ཟེར། རྔ་མ་མེད་ལ་ལག་པ་རྐང་བ་ལས་རིང་། ལག་ངར་དཔུང་བ་ལས་རིང་བར་མ་ཟད། ལག་མཐིལ་ཡང་རྐང་མཐིལ་ལས་རིང་བ་ཞིག་ཡིན། ཕོ་མོ་གཉིས་ཀྱི་ལུས་ཀྱི་སྤུ་མདོག་་འདྲ་མཚུངས་མིན། ཕོ་སྤྲའི་སྤུ་མདོག་ནག་པོའམ་ཁམ་ནག་ཡིན་པ་དང་། མོ་སྤྲའི་སྤུ་མདོག་སྐྱ་སེར་ཡིན།

རིགས་དབྱེ།  

སྤྲེལ།

སྤྲེལ་ནི་བློ་ལྡན་སྲོག་ཆགས་ཤིག་ཡིན། རྔ་མ་ཐུང་ལ་ལུས་ཀྱི་ཆ་སྙོམས་རིང་ཚད་ལ་ཧ་ལམ་ལི་སྨི50ཡོད། ལག་པ་དང་རྐང་བའི་རིང་ཚད་འདྲ་མཚུངས་ཡིན་པས་དངོས་བོ་ལག་ཏུ་བཟུང་ན་ཤིན་ཏུ་མྱུར། དེ་དག་འཚོ་སྡོད་བྱེད་པའི་ས་ཡུལ་གཙོ་བོ་ནི་རྩྭ་ཐང་དང་འདམ་ས། ནགས་ཚལ་བཅས་ཡིན།

རིགས་དབྱེ།  

སྤྱང་ཀི

སྤྱང་ཀི་ནི་ཚུགས་ཀ་སྒོ་ཁྱི་དང་འདྲ་བ། འབྱུང་ཡུལ་མེ་གླིང་ཡིན་པ། ལོ་ཁྲི་ཉིས་རྒྱའི་སྔོན་ལ་ཁྱབ་རྒྱ་ཤིན་ཏུ་ཆེ་བའི་རི་སྐྱེས་སྲོག་ཆགས་ཞིག་ཡིན། སྐྱེ་དངོས་བཟའ་ཕྲེང་འཁོར་རྒྱུག་ཁྲོད་མེད་དུ་མི་རུང་བ་ཞིག་ཡིན། ད་ལྟ་ས་ཆ་འགའ་ཞིག་ནས་སྤྱང་ཀི་བསད་དེ་་རིགས་རྒྱུད་ཆད་པ་རེད། དུས་རྒྱུན་འཚོ་བའི་ཁྲོད་སྤྱང་ཀིའི་མཚོན་དོན་ནི་སྙིང་སྟོབས་དང་། མཐུན་སྒྲིལ་ཡིན།

རིགས་དབྱེ།  

སེང་གེ

རི་དྭགས་ཀྱི་རྒྱལ་པོ་ཞེས་སུ་འབོད་པའི་སེང་གེ་ནི་འོ་འཐུང་སྐོར་གྱི་ཤ་གཟན་སྡེ། སྡེར་མོ་ཅན་གྱི་ཁོངས་སུ་གཏོགས། དེའི་གཟུགས་སྟོབས་ཆེ་ཞིང་མགོ་བོ་ཆེ། ལུས་ཡོངས་ཀྱི་སྤུ་མདོག་སེར་སྐྱ་ཡིན་པ་དང་ཕོའི་མགོ་ནས་སྐེ་བར་རལ་བ་ཡོད།

རིགས་དབྱེ།  

འཕར་བ།

འཕར་བ་ནི་དྲོད་གྲང་ལ་ཧེ་བག་མེད་པའི་ཚ་རྒྱུད་ས་ཁུལ་དང་གྲང་རྒྱུད་ས་ཁུལ་གང་ཡིན་ཡང་འཚོ་སྡོད་བྱེད་ཐུབ། ལུས་སྤྱང་ཀི་དང་བསྡུར་ན་ཆུང་ལ་ཝ་དམར་དང་བསྡུར་ན་ཆེ། འཕར་བ་ཚོ་ཚོ་བྱས་ནས་སྡོད་པས་འགོ་ཁྲིད་གཅིག་གིས་ཁྱིམ་རྒྱུད་དུ་མ་སྣེ་ཁྲིད་ནས་འཚོ་སྡོད་བྱས་ཡོད།

རིགས་དབྱེ།  

དོམ་ཁྲ་དམར་ཆུང༌།

དོམ་ཁྲ་དམར་ཆུང་ནི་མཚོ་ངོས་ལས་མཐོ་ཚད་སྨི2000-3000བར་གྱི་རི་འགོ་ནག་ཚལ་དང་སྨྱུག་མའི་ནག་ཚལ་ཁྲོད་འཚོ་སྡོད་བྱས་ཡོད། གདོང་ནི་ཞི་ལ་དང་ཆ་འདྲ་བོ་ཡོད་པ་དང་ལུས་པོ་དོམ་ཁྲ་དང་མཚུངས། རྣ་འབྱོག་དང་མཆུའི་སྤུ་མདོག་དཀར་པོ་ཡིན་པ་དང་། མིག་གི་གོང་རོལ་ནཡང་དཀར་ཐིག་ཅིག་ཡོད། ལུས་ཡོངས་གྱི་སྤུ་མདོག་ནི་ཁམ་ནག་ཡིན། རིང་ཞིང་སྦོམ་པའི་རྔ་མ་རིང་བོ་ཞིག་ཡོད། ཉིན་གོང་སོགས་ལ་རྔ་མའི་ངོ་གདོང་བཀབ་ནས་གཉིད་ཡོད།

རིགས་དབྱེ།  

སྤྲེལ་ཁྲ།

སྤྲེལ་ཁྲ་ནི་འཛམ་གླིང་གི་མཐོ་ཚད་ཆེས་མཐོ་སར་གནས་པའི་བློ་ལྡན་སྲོག་ཆགས་ཅིག་ཡིན་ལ་གཙོ་བོ་རང་རྒྱལ་གྱི་ཡུན་ནན་དང་བོད་ལྗོངས་མཐོ་སྒང་གི་ལོ་མ་ཁབ་དབྱིབས་ཅན་གྱི་གནས་ཚལ་ནང་དུ་གནས་ཡོད།

རིགས་དབྱེ།  

གཏུམ་འབྲུག

གཏུམ་འབྲུག་ནི་བར་སྐྱེ་དུས་རབས་སུ་དར་རྒྱས་ཆེན་པོ་ཡོད་ཀྱང་། བར་སྐྱེ་དུས་རབས་ཀྱི་དུས་མཇུག་ཏུ་ཚང་མ་རྩ་སྟོངས་སུ་སོང་བའི་སའི་གོ་ལའི་སྟེང་གི་ལྟོ་འགྲོའི་སྲོག་ཆགས་ཆེ་ཤོས་ཤིག་ཡིན། གཏུམ་འབྲུག་ལ་རྩྭ་གཟན་དང་ཤ་གཟན་རིགས་གཉིས་ཡོད།

རིགས་དབྱེ།  

བློ་ལྡན་སྲོག་ཆགས།

བློ་ལྡན་སྲོག་ཆགས་ནི་འོ་འཐུང་སྲོག་ཆགས་སྐོར་གྱི་སྡེ་ཞིག་ཡིན་ལ། ད་ལྟའི་སྲོག་ཆགས་ཁྲོད་ཀྱི་ཆེས་མཐོ་རིམ་གྱི་སྲོག་ཆགས་ཡིན། གཙོ་བོ་འཛམ་གླིང་གི་དྲོད་ཁུལ་ས་ཆ་ནས་འཚོ་གནས་བྱས་ཡོད། བློ་ལྡན་སྲོག་ཆགས་ཁྲོད་མི་ཕུད་གཟུགས་གཞི་ཆེས་ཆེ་བ་ནི་སྤྲ་ཡིན་ལ་ལྗིད་ཚད་ལ་སྟོང་ཁེ333ཡོད། ཆེས་ཆུང་བའི་རོང་སྤྲེལ་མིའུ་ཐུང་གི་ལྗིད་ཚད་ལ་སྟོང་ཁེ70ཡིན། མིའི་རིགས་ཀྱང་བློ་ལྡན་སྲོག་ཆགས་ཀྱི་གྲས་སུ་གཏོགས། བློ་ལྡན་སྲོག་ཆགས་ཁྲོད་མིའི་བྱ་བྱེད་དང་ཅུང་མཚུངས་པ་ནི་སྤྲ་ནག་ཡིན།

རིགས་དབྱེ།  

ཕག་རྒོད།

ཕག་རྒོད་ཅེས་པ་ནི་ནགས་ཁུལ་གྱི་རི་ལ་གནས་པའི་ཕག་རིགས་ཤིག་ཡིན་ཞིང་། གཟུགས་དབྱིབས་ལ་སོགས་པ་ཚང་མ་ཕག་པ་དང་ཁྱད་པར་ཆེར་མེད་ཀྱང་། གཟུགས་རབ་ཏུ་ཆེ་ཞིང་སྤུ་ཁམ་ནག་རྩུབ་ཅིང་གྱོང་བ་ཁབ་དབྱིབས་འདྲ་བའོ།།

རིགས་དབྱེ།  

བྱི་བ།

བྱི་བ་ནི་འོ་འཐུང་སྲོག་ཆགས་རིགས་ཀྱི་སོ་མི་བརྗེ་བའི་སྲོག་ཆགས་ཡིན་པ་དང་། དེ་ལ་རིགས1700ལྷག་ཡོད། གཉན་པོ་ནི་བྱི་ལ་ཡིན།

རིགས་དབྱེ།  

རྒང་།

རྒང་ནི་རྒྱབ་གཞུང་སྟེ་སྒལ་གཞུང་ལ་ཚེར་མ་ལྟ་བུའི་སྤུ་རིགས་སྐྱེས་ཡོད་པའི་སྲོག་ཆགས་ཤིག་ཡིན། རྒྱབ་གཞུང་གི་ཚེར་མས་དགྲ་བོ་དང་འཕྲད་དུས་རང་ཉིད་སྲུང་སྐྱོབ་བྱེད་ཐུབ།

རིགས་དབྱེ།  

རི་སྤྱང་།

​ རི་སྤྱང་ནི་མཆེ་བ་ཅན་གྱི་སྲོག་ཆགས་ཡིན་པ་དང་། སྤྱང་ཀི་སྐྱ་བོའི་རིགས་གཉིས་ལས་རིགས་ཤིག་ཡིན། རི་སྤྱང་གི་མིག་ཅུང་གསེག་ཅིང་མཆུའི་ཞེང་ཅུང་ཆེ་བ། ཕོ་བའི་སྤུ་མདོག་ཅུང་དཀར་བ་ཞིག་ཡིན།

རིགས་དབྱེ།  

དོམ་ནག

དོམ་ནག་ནི་གཅན་གཟན་ཁྲོད་ཀྱི་ལུས་ཚད་འབྲིང་རིམ་པའི་རིགས་ཤིག་ཡིན་ལ། སྤུ་མདོག་ནག་ཅིང་དང་སྣ་དང་རྣ་བ་སྐྱ་བོ་ཡིན། དོམ་ནག་གི་ཁོག་སྟོད་ནི་ཁོག་སྨད་ལས་ཆེ་ཞིང་། བྲང་ངོས་སུ་མདའ་གཤོག་གི་དབྱིབས་ལྟ་བུའི་དཀར་རིས་ཤིན་ཏུ་གསལ་བོ་ཞིག་ཡོད། སྐེ་སྤུ་མཐུག་ཅིང་རིང་ལ། སུག་བཞི་སྦོམ་ལ་རགས་པ། མཇུག་མ་ཐུང་བ། མགོ་ཞེང་ཆེ་བ། ལག་པའི་སྡེར་མོ་ཡང་དྲེད་མོང་གི་སྡེར་མོ་ལས་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན།

རིགས་དབྱེ།  

དྲེད།

དྲེད་ནི་འོ་འཐུང་སྲོག་ཆགས་ལས་གཅན་གཟན་གཏུམ་པོའི་རིགས་ཤིག་ཡིན།

རིགས་དབྱེ།  

རྩྭ་གཡི།

རྩྭ་གཡི་ནི་ཆེས་མཐོང་དཀོན་པའི་གཅན་གཟན་གྱི་རིགས་ཤིག་ཡིན།

རིགས་དབྱེ།  

ཁྲི་ལེ།

ཁྲི་ལེ་ནི་རྐང་ལག་ཐུང་ཞིང་ལུས་དབྱིབས་བྱི་ལ་དང་མཚུངས། སྤུ་རྫོང་མཐུག་ཅིང་རྔ་སྤུའང་སྦོམ། དཔྲལ་བའི་དབྱེས་ཆེ་ཞིང་ནག་ཐིག་བབས་པ། རྒྱབ་གཞོང་དུ་སྟག་ཤ་སེར་པོ་དྲུག་བདུན་ཙམ་སྦོམ་ཕྲ་སྣ་ཚོགས་ཀྱི་སྒོ་ནས་ཤར་མར་འཐེན་པ། རྣ་བར་ཡངས་པ། སྤུ་མདོག་སྐྱ་ཤས་ཆེ་ཞིང་སྤུ་རྩེ་དཀར་པ། སྤུའི་རིང་ཚད་ནི་བྱི་ལའི་རིགས་ལས་ཆེས་རིང་བའི་སྐོར་ཡིན། མིག་མཐར་དཀར་ཤ་གོར་གོར་དུ་ཡོད་ཅིང་། འགྲམ་པའི་ངོས་ནས་ནག་ཤ་གཉིས་ཙམ་མིག་མཐའ་དང་གཅིག་རྣ་ལྟག་ཏུ་འཐེན་པ། འཕོངས་སུ་གོ་རིམ་བཞིན་ནག་ཤ་གསུམ་དང་རྔ་མའི་སྟེང་དུ་ནག་ཤ་བཞི་ཡོད་ཅིང་རྔ་སྣེ་ནག་པོ་ཡིན།

རིགས་དབྱེ།