དུག་སྦྲུལ་གདེངས་ཀ་ཅན།

དུག་སྦྲུལ་གདེངས་ཀ་ཅན་ནི་ལུས་སྟོད་ཡར་ལང་ཐུབ་པ་དང་མགོ་སྐེའི་གཡས་གཡོན་ན་གདེངས་ཀ་ཡོད། དུག་སྦྲུལ་གདེངས་ཀ་ཅན་གཞན་དག་དང་སྡུར་ན་འབྱུང་འགྱུར་མྱུར་ལ་དུག་ཡང་ཤིན་ཏུ་ཆེ། འཛམ་གླིང་སྟེང་ཆེས་ཉེན་ཁ་ཆེ་བའི་དུག་སྦྲུལ་ཞིག་ཡིན།

རིགས་དབྱེ།  

སྦྲུལ་ཆེན།

སྦྲུལ་ཆེན་ནི་དེང་སྐབས་འཛམ་གླིང་ན་ཡོད་པའི་གདོད་མའི་དུས་ཀྱི་ཁྱད་ཆོས་ལྡན་པའི་སྦྲུལ་གྱི་རིགས་ཤིག་ཡིན། སུག་པ་ཕྱི་མ་ཞན་འགྱུར་བྱུང་སྟབས་འོག་སྒོའི་འགྲམ་གཉིས་ན་སྡེར་མོ་ཆུང་ཆུང་དབྱིབས་ཀྱི་ཤུལ་རེ་ཡོད། རྒྱབ་གཞུང་ན་སེར་ཐིག་རིང་བོ་ཞིག་ཡོད་ཅིང་། གསུས་ངོས་སེར་བོ་ཡིན། ལུས་ཀྱི་གཡས་གཡོན་ན་ཐིག་རིས་སེར་བོ་རེ་འཐེན་འདུག

རིགས་དབྱེ།  

གོག་འགྲོའི་སྲོག་ཆགས།

ལྟོ་འགྲོའི་སྲོག་ཆགས་ནི་གློ་བས་དབུགས་ལེན་པ་དང་ཁྲག་འདྲེས་མར་འཁོར་རྒྱུག་བྱེད་པའི་དྲོད་འགྱུར་སྲོག་ཆགས་ཡིན། དེ་དག་སྐམ་ཆུ་གཉིས་སྐྱེས་སྲོག་ཆགས་ཀྱི་རྨང་གཞིའི་སྟེང་དུ་རང་ཉིད་སྐམ་སའི་ཁོར་ཡུག་ལ་འཕྲོད་པའི་ནུས་པ་འཐུས་སྒོ་ཇེ་ཚང་དུ་སོང་པས། མཐའ་གཅིག་ཏུ་ཆུ་སྐྱེས་ཁོར་ཡུག་ལ་བརྟེན་མི་དགོས་པར་གྱུར་པ་དང་། རྒྱུ་འགུལ་བྱེད་པའི་ཁྱབ་ཁོངས་དེ་བས་རྒྱ་ཆེ་རུ་ཕྱིན་པ་དང་། འགུལ་སྤྱོད་བྱེད་སྟངས་གཙོ་བོ་ནི་གོག་ནས་བགྲོད་པ་དེ་ཡིན།

རིགས་དབྱེ།  

ཏ་ཉི།

འཛམ་གླིང་སྟེང་ནས་ད་ལྟ་འཚོ་སྡོད་བྱས་ཡོད་པའི་ཆེས་ཆེ་བ་དང་ཆེས་དཀོན་པའི་སྐམ་ཆུ་གཉིས་སྐྱེས་ཀྱི་སྲོག་ཆགས་ཡིན། ཏ་ཉི་ཡི་སྐད་སྒྲ་ཁྱེའུའི་ངུ་སྒྲ་དང་འདྲ་བས་སྲོག་ཆགས་དེའི་མིང་ལ་ཁྱེའུ་ཉ་ཡང་ཟེར། རང་རྒྱལ་གྱི་སྲུང་སྐྱོབ་སྲོག་ཆགས་རིམ་པ་གཉིས་པ་ཡིན།

རིགས་དབྱེ།  

སྐམ་ཆུ་གཉིས་སྐྱེས་ཀྱི་སྲོག་ཆགས།

སྐམ་ཆུ་གཉིས་སྐྱེས་ཀྱི་སྲོག་ཆགས་ནི་ཆུ་སྐྱེས་སྲོག་ཆགས་ནས་བར་བརྒལ་བྱས་ཏེ་སྐམ་སྐྱེས་སྲོག་ཆགས་སུ་གྱུར་བའི་སྒལ་ཚིགས་སྲོག་ཆགས་ལ་ཟེར། ཆུ་སྐྱེས་སྒལ་ཚིགས་སྲོག་ཆགས་ཀྱི་ཁྱད་ཆོས་དང་སྐམ་སྐྱེས་སྒལ་ཚིགས་སྲོག་ཆགས་ཀྱི་ཁྱད་ཆོས་གཉིས་ཀ་འཛོམས།

རིགས་དབྱེ།  

རྨིགས་པ།

མིང་གཞན་ལ་རྐང་ལག་བཞི་ཅན་གྱི་སྦྲུལ་ལམ་སྦྲུལ་ཞང་ལྕམ་ཡང་ཟེར། འཛམ་གླིང་གི་ཡུལ་གྲུ་སོ་སོར་ཁྱབ་ཡོད། གོག་འགྲོ་སྲོག་ཆགས་ཀྱི་སྐོར་ཡིན་ལ་རིགས་ཅུང་ཙམ་མང་། འཛམ་གླིང་སྟེང་རིགས3000ལྷག་ཡོད་པ་དང་རང་རྒྱལ་ནས་རིགས150ལྷག་ཡོད། རྨིགས་པ་སྒོང་སྐྱེས་སམ་སྒོང་མ་མངལ་སྐྱེས་ཀྱི་སྲོག་ཆགས་ཡིན།

རིགས་དབྱེ།  

ཧྥེ་གླིང་ཤིང་སྦྲུལ།

ཧྥེ་གླིང་ཤིང་སྦྲུལ་ནི་སྦྲུལ་ཚན་ཁྲོད་ཀྱི་མིའི་རིགས་ལ་གནོད་འཚེ་གཏོང་བའི་དུག་སྦྲུལ་གྱི་གྲས་ཤིག་ཡིན་པ་དང་། དེའི་རིག་གཞུང་གི་མིང་ལDispholidus typusཟེར་ཞིང་། ཨ་ཧྥེ་རི་ཁའི་ས་ཧ་ར་བྱེ་ཐང་ལྷོ་ཕྱོགས་ཀྱི་སྡོང་བོ་ཐར་ཐོར་དུ་སྐྱེས་པའི་རྩྭ་ཐང་དུ་ཁྱབ་ཡོད། དེའི་ལུས་ཕུང་དང་མིག་གི་ཁ་དོག་ལ་འགྱུར་བག་ཆེ་ཞིང་རྫུན་བཟོ་ལ་མཁས་ཤིང་། དུག་སོ་ཧ་ཅང་རིང་ལ་ཁ་སྦུག་གི་རྒྱབ་ལོགས་སུ་སྐྱེས་ཡོད་ལ་ཁ་སྦུག་གི་མདུན་སྣེ་རུ་བསྲིངས་ཡོད། དེའི་དུག་སོ་ཡིས་སོ་བཏབ་རྗེས་ཁྲག་བཞུར་ནས་ཤི་འགྲོ་བ་རེད། སྦྲུལ་འདི་ནའེ་ཅི་ཨེར·མཱ་ཝུན་གྱི་ཧྥེ་གླིང་ལྷོ་མའི་སྲོག་གི་གཤེད་མར་གྱུར་བའི་དུག་སྦྲུལ་ཆེ་གྲས་བཅུའི་མིང་ཐོའི་ཁྲོད་ཀྱི་ཨང་དགུ་པར་བགྲང་ཡོད།

རིགས་དབྱེ།  

མདོག་འགྱུར་ད་བྱིད།

མདོག་འགྱུར་ད་བྱིད་ནི་རྩངས་པའི་རིགས་ལས་ཉེན་བྱོལ་གོག་བགྲོད་རིགས་ཀྱི་སྲོག་ཆགས་ཤིག་ཡིན་ལ། མང་ཤོས་ཀྱི་ལུས་ཀྱི་རིང་ཚད་ལ་ལི་སྨི15~25(7~10 ཚུན)ཡོད། གཟུགས་དབྱིབས་ནི་སྦུག་དབྱིབས་དང་། མགོ་ནི་ཟུར་གསུམ་དབྱིབས། རྔ་མ་རྒྱུན་པར་འཁྱིལ་ནས་ཡོད། དེ་ལ་ནུས་རྩལ་གསུམ་ཡོད་ལ། འཚོ་གནས་བྱེད་ས་ཤིང་སྡོང་སྟེང་ཡིན།

རིགས་དབྱེ།  

ཨ་རུ་རྭ།

འབུ་ཨ་རུ་རྭ་ནི་སྙི་ལུས་སྲོག་ཆགས་དུང་སྐོགས་ཅན་ཞིག་སྟེ། ཁོ་ལ་རྭ་བཞི་ཡོད་རྭ་རིང་པོ་གཉིས་ཀྱི་རྩེར་མིག་ཡོད་པ་དང་། རྭ་ཐུང་ངུ་གཉིས་ཀྱི་བར་གྱི་གདོང་ཞབས་སུ་བུ་ག་ཆུང་ངུ་ཞིག་ཡོད་པ་དེ་ཁ་ཡིན་ལ་དེའི་ནང་དུ་སོ2600ཡོད་པས་འབུ་འདི་ནི་སོ་ཆེས་མང་བའི་སྲོག་ཆགས་རེད།

རིགས་དབྱེ།  

ཀྲུང་གོའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་མཐུན་ཚོགས།

རྒྱལ་ཡོངས་རང་བཞིན་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་རྩ་འཛུགས། ཀྲུང་གོའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་མཐུན་ཚོགསCWCAནི་རྒྱ་ཆེ་ལ་ཚབ་མཚོན་རང་བཞིན་ལྡན་པའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་རྩ་འཛུགས་ཤིག་ཡིན་པ་དང་། སྤྱི་ལོ1983ལོའི་ཟླ12པར་པེ་ཅིང་དུ་བཙུགས་པ་དང་། དེ་ནི་ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི་ཁོངས་གཏོགས་ཏེ་རྒྱལ་ཡོངས་རང་བཞིན་གྱི་སྤྱི་ཚོགས་ཚོགས་པ་ཞིག་ཡིན། རྒྱུན་ཚུགས་དོན་གཅོད་སྒྲིག་གཞི་དེ་དྲུང་ཡིག་ཁྲུའུ་ཡིན་པ་དང་། སྲིད་འཛིན་ཐད་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་མགོ་ཁྲིད་བྱེད་ཀྱིན་ཡིན། སྤྱི་ལོ2010ལོའི་ལོ་མཇུག་ཏུ་སླེབས་དུས། ཀྲུང་གོར་ཞིང་ཆེན་དང་། ས་ཁུལ། གྲོང་ཁྱེར། རྫོང་རིམ་པ་བཅས་ཀྱི་མཐུན་ཚོགས773ཡོད་པ་དང་། ཚོགས་མི་ཁྲི36ལྷག་ཡོད། དེ་ནི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དོ་དམ་དང་། ཚན་རིག་ཞིབ་འཇུག་སློབ་གསོ། འདུལ་གསོ་རྒྱུད་སྤེལ་། རང་བྱུང་ཁམས་སྲུང་སྐྱོབ་ཁུལ་གྱི་ལས་ཀ་བྱེད་མཁན་དང་རྒྱ་ཆེའི་རི་སྐྱེས་སྲོག་ཆགས་ལ་དགའ་པོ་བྱེད་མཁན་བཅས་ལས་གྲུབ་པའི་མང་ཚོགས་ཀྱི་ཚོགས་པ་ཞིག་ཡིན། དེའི་དམིགས་ཡུལ་ནི་ཀྲུང་གོའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱ་གཞག་འཕེལ་རྒྱས་སུ་གཏོང་བ་དང་། སྟོངས་ཉེའི་སྲོག་ཆགས་དང་རྩ་ཆེའི་སྲོག་ཆགས་སྲུང་སྐྱོབ་ཀྱི་ཆེད་དུ་བྱས་རྗེས་འཇོག་རྒྱུ་དེ་ཡིན། དེའི་ལས་འགན་གཙོ་བོ་ནི། ཚོགས་མི་རྩ་འཛུགས་བྱས་ཏེ་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་བྱེད་ཕྱོགས་དང་བཀའ་ཁྲིམས་ལག་བསྟར་བྱེད་པ་དང་། རི་སྐྱེས་སྲོག་ཆགས་རྩ་ཆེན་མྱུར་སྐྱོབ་དང་སྲུང་སྐྱོབ་བྱེད་པའི་དྲིལ་བསྒྲགས་སློབ་གསོ་སྤེལ་བ། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་ཚན་རིག་ཞིབ་འཇུག་དང་ལག་རྩལ་བརྗེ་རེས་བྱེད་པ། རི་སྐྱེས་སྲོག་ཆགས་ཐོན་ཁུངས་བདག་གཉེར་དོ་དམ་བྱེད་པའི་ལག་རྩལ་ལས་སྒོའི་བློ་འདྲི་བྱེད་པ། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་མ་དངུལ་བསྡུ་རུབ་བྱེད་པ། རྒྱལ་ཁབ་སོ་སོའི་རང་བྱུང་ཁམས་སྲུང་སྐྱོབ་རྩ་འཛུགས་དང་ལས་ཁུངས་ལ་འབྲེལ་བ་འཛུགས་པ། འབྲེལ་ཡོད་ཀྱི་རྒྱལ་སྤྱིའི་མཉམ་ལས་དང་བརྗེ་རེས་ནང་ཞུགས་པ་བཅས་ཡིན།

རིགས་དབྱེ།