ཡོངས་འཛིན་རིག་མཛོད། >རང་བྱུང་ཁམས། >སྲོག་ཆགས།

ཧོར་བ་དཀར་པོ།

ཧོར་བ་དཀར་པོ་ནི་རི་ཁུལ་གྱི་རྩྭ་ས་དང་སྤང་རྩྭའི་རྩྭ་ཐང་ནས་འཚོ་སྡོད་བྱས་ཡོད་པའི་འདབ་ཆགས་ཤིག་སྟེ། བར་སྣང་དུ་འཕུར་སྐབས་གཤོག་རྡེབ་བྱེད་པ་ཧ་ཅང་མགྱོགས་ཤིང་རི་དྭགས་རྔོན་སྐབས་བར་སྣང་ནས་མར་བཅུམ་ཚད་ཀྱང་ཤིན་ཏུ་མགྱོགས། རྒྱ་ཡིག་གི་མིང་། 白尾鹞 ཕྱི་ཡིག་གི་མིང་། Hen Harrier ལ་ཏིང་གི་སྐད། Circus cyaneus ཁམས། སྲོག་ཆགས་ཁམས། སྒོ། སྒལ་ཐག་སྲོག་ཆགས་སྒོ། སྐོར། བྱ་སྐོར། སྡེ། ཁྲ་གླག་སྡེ། ཚན། གླག་ཚན། ཁོངས། ཧོར་བ་ཁོངས། རིགས། ཧོར་བ་དཀར་བོ། སྲུང་སྐྱོབ་རིམ་པ།

རིགས་དབྱེ།   རང་བྱུང་ཁམས།སྲོག་ཆགས།

ཆུ་སྲམ།

ཆུ་སྲམ་ནི་ཆུ་དང་སྐམ་ས་གཉིས་ཀར་གནས་པའི་རི་སྐྱེས་སྲོག་ཆགས་ཀྱི་རིགས་ཡིན། དེའི་ལུས་གཟུགས་ལེབ་སྒོར་ནར་མོ་ཞིག་ཡིན་པ་དང་། མགོ་བོ་ལེབ་ཅིང་རྣ་འབྱོག་ཆུང་། སུག་བཞི་ཐུང་བ་དང་། སྡེར་མོ་དག་སྐྱི་མོས་སྦྲེལ་འདུག སྤུ་མདངས་ཁམ་ནག་གམ་ཁམ་སེར་ཡིན་ལ་སྤུའི་གྲ་ཁ་མཉམ་ཞིང་གྲ་རྟིང་མཐུག འཛམ་གླིང་གི་ས་ཆ་ཡོངས་ལ་ཁྱབ་ཡོད། རྒྱ་ཡིག་གི་མིང་། 水獭 ཕྱི་རྒྱལ་གྱི་མིང་། European Otter ལ་ཏིང་གི་སྐད། Lutra lutra ཁམས། སྲོག་ཆགས་ཁམས། སྒོ། སྒལ་ཐག་སྲོག་ཆགས་སྒོ།

རིགས་དབྱེ།   རང་བྱུང་ཁམས།སྲོག་ཆགས།

སྦྲུལ་ཆེན།

སྦྲུལ་ཆེན་ནི་དེང་སྐབས་འཛམ་གླིང་ན་ཡོད་པའི་གདོད་མའི་དུས་ཀྱི་ཁྱད་ཆོས་ལྡན་པའི་སྦྲུལ་གྱི་རིགས་ཤིག་ཡིན། སུག་པ་ཕྱི་མ་ཞན་འགྱུར་བྱུང་སྟབས་འོག་སྒོའི་འགྲམ་གཉིས་ན་སྡེར་མོ་ཆུང་ཆུང་དབྱིབས་ཀྱི་ཤུལ་རེ་ཡོད། རྒྱབ་གཞུང་ན་སེར་ཐིག་རིང་བོ་ཞིག་ཡོད་ཅིང་། གསུས་ངོས་སེར་བོ་ཡིན། ལུས་ཀྱི་གཡས་གཡོན་ན་ཐིག་རིས་སེར་བོ་རེ་འཐེན་འདུག རྒྱ་ཡིག་གི་མིང་། 蟒蛇 ཕྱི་ཡིག་གི་མིང་། Reticulated Python ལ་ཏིང་གི་སྐད། Python molurus ཁམས། སྲོག་ཆགས་ཁམས། སྒོ། སྒལ་ཐག་སྲོག་ཆགས་སྒོ། སྐོར། ལྟོ་འགྲོ་སྐོར། སྡེ། ཁྲབ་ཡོད་སྡེ། ཚན། སྦྲུལ་ཆེན་ཚན། ཁོངས། སྦྲུལ་ཆེན་ཁོངས།

རིགས་དབྱེ།   རང་བྱུང་ཁམས།སྲོག་ཆགས།

ཏེ་ལོ།

ཏེ་ལོ་ནི་སྲེ་མོང་ཚན་གྱི་མཚན་མོར་རྒྱུ་བའི་སྲོག་ཆགས་ཤིག་ཡིན། སྐེ་རིང་ཞིང་སྦོམ་པ་དང་སྐེ་རྒྱབ་དང་རྒྱབ་སྟོད་ལ་ཐར་ཐོར་ཡིན་པའི་གྲ་སྤུ་ནག་རིང་སྐྱེས་ཡོད། རྒྱབ་གཞུང་དུ་སྤུ་མདངས་དམར་སེར་གྱིས་ཁེབས་འདུག རྐང་ལག་དང་རྔ་མའི་སྤུ་མདོག་ནག་པོ་ཡིན། ཨ་བྲ་སོགས་ཀྱི་གཉན་པོ་ཡིན་པས། ཞིང་ཕྱུགས་ལས་དང་ནགས་ལས་ཐད་ཀྱི་བྱི་གནོད་འགོག་ཐུབ་པར་མ་ཟད། སྐྱེ་ཁམས་དོ་མཉམ་ཡོང་བར་ཡང་བྱེད་ནུས་གལ་ཆེན་འདོན་བཞིན་ཡོད། རྒྱ་ཡིག་གི་མིང་། 艾虎 ཕྱི་རྒྱལ་གྱི་མིང་། Steppe Polecat ལ་ཏིང་གི་སྐད། Mustela eversmanii ཁམས། སྲོག་ཆགས་ཁམས།

རིགས་དབྱེ།   རང་བྱུང་ཁམས།སྲོག་ཆགས།

བྱ་རྒོད།

བྱ་རྒོད་ནི་ས་བབ་མཐོ་ས་ན་གནས་པའི་གཏན་སྡོད་རང་བཞིན་གྱི་འདབ་ཆགས་ཆེ་གྲས་ཤིག་ཡིན། འཕུར་ཡུན་རིང་ཞིང་འཕུར་ཚད་མཐོ་བ། འཛམ་གླིང་སྟེང་གི་འཕུར་ཚད་ཆེས་མཐོ་བའི་བྱ་རིགས་ཤིག་ཡིན། བེམ་རོ་ཟ་རྒྱུར་དགའ། རྒྱ་ཡིག་གི་མིང་། 高山兀鹫 ཕྱི་ཡིག་གི་མིང་། Himalayan Griffon ལ་ཏིང་གི་སྐད། Gyps himalayensis ཁམས། སྲོག་ཆགས་ཁམས། སྒོ། སྒལ་ཐག་སྲོག་ཆགས་སྒོ། སྐོར། བྱ་སྐོར། སྡེ། ཁྲ་གླག་སྡེ། ཚན། གླག་ཚན། ཁོངས། རྒོད་ཁོངས། རིགས། བྱ་རྒོད། སྲུང་སྐྱོབ་རིམ་པ། རྒྱལ་ཁབ་ཀྱི་སྲུང་སྐྱོབ་སྲོག་ཆགས་རིམ་པ་གཉིས་པ།

རིགས་དབྱེ།   རང་བྱུང་ཁམས།སྲོག་ཆགས།

གཡི་དཀར།

གཡི་དཀར་ནི་འོ་འཐུང་སྐོར་གྱི་ཤ་གཟན་སྡེ་ཡིན་ལ། ངོ་གདོང་བྱི་ལ་དང་མཚུངས་ཏེ། རྣ་རྩེ་གཉིས་ཀྱི་སྟེང་ན་སྤུ་རིང་ཚོམ་བུ་རེ་སྐྱེས་ཡོད། རྔ་མ་སྦོམ་ཞིང་ཐུང་བ་དང་རྔ་རྩེ་ཟླུམ་ཟླུམ་ཞིག་ཡིན་པའི་མདོ་དབུས་མཐོ་སྒང་ན་རིགས་གཉིས་ཡོད་པའི་ཞི་ལི་ཚན་གྱི་གཅན་གཟན་ཞིག་ཡིན། རྒྱ་ཡིག་གི་མིང་། 猞猁 ལ་ཏིང་གི་སྐད། Felis lynx , Lynx ཕྱི་རྒྱལ་གྱི་མིང་། Eurasian lynx ཁམས། སྲོག་ཆགས་ཁམས། སྒོ། སྒལ་ཐག་སྲོག་ཆགས་སྒོ། སྐོར། འོ་འཐུང་སྐོར། སྡེ། ཤ་གཟན་སྡེ། ཚན། ཞི་ལའི་ཚན། ཁོངས། གཡི་དཀར་ཁོངས། རིགས།

རིགས་དབྱེ།   རང་བྱུང་ཁམས།སྲོག་ཆགས།

སེང་གེ

རི་དྭགས་ཀྱི་རྒྱལ་པོ་ཞེས་སུ་འབོད་པའི་སེང་གེ་ནི་འོ་འཐུང་སྐོར་གྱི་ཤ་གཟན་སྡེ། སྡེར་མོ་ཅན་གྱི་ཁོངས་སུ་གཏོགས། དེའི་གཟུགས་སྟོབས་ཆེ་ཞིང་མགོ་བོ་ཆེ། ལུས་ཡོངས་ཀྱི་སྤུ་མདོག་སེར་སྐྱ་ཡིན་པ་དང་ཕོའི་མགོ་ནས་སྐེ་བར་རལ་བ་ཡོད། རྒྱ་ཡིག་གི་མིང་། 狮子 ཕྱི་ཡིག་གི་མིང་། Panthera leo ལ་ཏིང་གི་སྐད། Panthera leo ཁམས། སྲོག་ཆགས་ཁམས། སྒོ། སྒལ་ཐག་སྲོག་ཆགས་སྒོ། སྐོར། འོ་འཐུང་གི་སྐོར། སྡེ། ཤ་གཟན་གྱི་སྡེ། ཚན། ཞི་ལའི་ཚན། ཁོངས། གཟིག་གི་ཁོངས། རིགས། སེང་གེ ཁྱབ་ཡུལ།

རིགས་དབྱེ།   རང་བྱུང་ཁམས།སྲོག་ཆགས།

སྟག

སྟག་ནི་འཛམ་གླིང་སྟེང་གི་གཅན་གཟན་ཡག་ཤོས་ཤིག་ཡིན་པར་མ་ཟད། སྐྱེ་ཁམས་ཟས་རིགས་ཕྲེང་ཐག་གི་ཐག་མགོར་གནས་པའི་གཅན་གཟན་ཞིག་ཀྱང་ཡིན། སྟག་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་བརྗོད་བྱ་གཙོ་བོ་ཞིག་ཡིན་ཏེ། དཔེར་ན། དཔའ་བོར་བསྟོད་ན་སྟག་དང་སྡར་མར་སྨད་ན་ཝ་མོ་དཔེ་རུ་འཇོག་པ་ལྟ་བུ་དང་། རླུང་རྟ་རུ་སྟག་སེང་ཁྱུང་འབྲུག་རླུང་རྟ་ཡར་ལ་རྒྱས་ཞེས་པར་མཚོན་ན་སྟག་ནི་རླུང་རྟ་སྡེ་བཞིའི་མགོ་ན་བཞག་ཡོད། རྒྱ་ཡིག་གི་མིང་། 虎 ལ་ཏིང་གི་སྐད། Panthera tigris ཕྱི་ཡིག་གི་མིང་། Tiger ཁམས། སྲོག་ཆགས་ཁམས། སྒོ། སྒལ་ཐག་སྲོག་ཆགས་སྒོ། སྐོར། འོ་འཐུང་གི་སྐོར། སྡེ། ཤ་གཟན་གྱི་སྡེ། ཚན། ཞི་ལའི་ཚན། ཁོངས། གཟིག་གི་ཁོངས། རིགས། སྟག སྲུང་སྐྱོབ་རིམ་པ།

རིགས་དབྱེ།   རང་བྱུང་ཁམས།སྲོག་ཆགས།

དོམ་ཁྲ་དམར་ཆུང༌།

དོམ་ཁྲ་དམར་ཆུང་ནི་མཚོ་ངོས་ལས་མཐོ་ཚད་སྨི2000-3000བར་གྱི་རི་འགོ་ནག་ཚལ་དང་སྨྱུག་མའི་ནག་ཚལ་ཁྲོད་འཚོ་སྡོད་བྱས་ཡོད། གདོང་ནི་ཞི་ལ་དང་ཆ་འདྲ་བོ་ཡོད་པ་དང་ལུས་པོ་དོམ་ཁྲ་དང་མཚུངས། རྣ་འབྱོག་དང་མཆུའི་སྤུ་མདོག་དཀར་པོ་ཡིན་པ་དང་། མིག་གི་གོང་རོལ་ནཡང་དཀར་ཐིག་ཅིག་ཡོད། ལུས་ཡོངས་གྱི་སྤུ་མདོག་ནི་ཁམ་ནག་ཡིན། རིང་ཞིང་སྦོམ་པའི་རྔ་མ་རིང་བོ་ཞིག་ཡོད། ཉིན་གོང་སོགས་ལ་རྔ་མའི་ངོ་གདོང་བཀབ་ནས་གཉིད་ཡོད། རྒྱ་ཡིག་གི་མིང་། 小熊猫 ཕྱི་ཡིག་གི་མིང་། Lesser Panda,Red Pamda ལ་ཏིང་གི་སྐད། Ailurus fulgens ཁམས།

རིགས་དབྱེ།   རང་བྱུང་ཁམས།སྲོག་ཆགས།

གོང་མོ།

གོང་མོ་ནི་འཛམ་གླིང་སྟེང་འཚོ་སྡོད་བྱེད་སའི་ས་གནས་མཐོ་ཚད་ཆེས་མཐོ་བའི་འདབ་ཆགས་ཀྱི་རིགས་ཤིག་ཡིན་ལ། གྲང་ངར་ཆེ་བ་དང་རྫ་མཐོ་ས་ན་གནས་ཡོད། བོད་ཁམས་ནས་གོང་མོ་ལ་ལྷ་བྱ་གོང་མོ་ཞེས་གནོད་པ་ཙམ་ཡང་མི་སྐྱེལ་བས་ན། གོང་མོའི་ཁྱབ་རྒྱ་ཆེ་ཞིང་གྲངས་ཀའང་ཤིན་ཏུ་མང་། རྒྱ་ཡིག་གི་མིང་། 雪鸡 ཕྱི་ཡིག་གི་མིང་། Tetraogallus ལ་ཏིང་གི་སྐད། Tetraogallus ཁམས། སྲོག་ཆགས་ཁམས། སྒོ། སྒལ་ཐག་སྲོག་ཆགས་སྒོ། སྐོར། བྱ་སྐོར། སྡེ། བྱ་དེ་སྡེ། ཚན། དེ་ཕོའི་ཚན།

རིགས་དབྱེ།   རང་བྱུང་ཁམས།སྲོག་ཆགས།

རྟ།

རྟ་ནི་རྩྭ་གཟན་རིགས་ཀྱི་སྲོག་ཆགས་ཡིན་པ་དང་། ལོ་ངོ4000སྔོན་ལ་མིས་སྒོ་ཕྱུགས་སུ་བཏུལ་ནས་ཞོན་པ་སོགས་འགྲིམ་འགྲུལ་སུ་བཀོལ་སྤྱོད་བྱེད། འཛམ་གླིང་སྟེང་རྟའི་རིགས200ལྷག་ཡོད། སྔོན་ཆད་འབྲོག་པའི་ལམ་ཐག་རིང་བོ་བགྲོད་བྱེད་ཀྱི་ཞོན་པ་མེད་དུ་མི་རུང་བ་ཞིག་ཡིན། རྟའི་ཁ་ཟས་གཙོ་བོ་རྩྭ་ཡིན་པ་དང་། ཚེ་ཚད་ལོ30-35བར་ཡིན་ལ་ཆེས་རིང་པོའི་ཚེ་ཚད་ལོ60ཡིན། རྒྱ་ཡིག་གི་མིང་། 马 ཕྱི་ཡིག་གི་མིང་། horse,steed ཁམས། སྲོག་ཆགས་ཁམས། སྒོ། སྒལ་ཐག་སྲོག་ཆགས་སྒོ། སྐོར། འོ་འཐུང་སྐོར། སྡེ། རྨིག་ཟླུམ་སྡེ།

རིགས་དབྱེ།   རང་བྱུང་ཁམས།སྲོག་ཆགས།

ཉ་སཱར་ཏིན།

ཉ་སཱར་ཏིན་ནི་རུས་མཁྲེགས་ཉ་རིགས་སྡེའི་ཧྥེ་དབྱིབས་ཚན་གྱི་སཱར་ཏིན་སྐོར་དང་སཱར་ཏིན་ཆུང་བའི་སྐོར། སཱར་ཏིན་ལྟར་སྣང་སྐོར་གྱི་ཉ་རིགས་ཁག་གི་སྤྱི་མིང་ཡིན། རྒྱ་ཡིག་གི་མིང་། 沙丁鱼 ཕྱི་ཡིག་གི་མིང་། Sardine ཁམས། སྒལ་ཐག་སྲོག་ཆགས་ཁམས། སྒོ། སྒལ་ཐག་སྲོག་ཆགས་སྒོ། སྐོར། རུས་མཁྲེགས་ཉ་རིགས་སྐོར། སྡེ། ཧྥེ་ཉ་སྡེ། ཚན། ཧྥེ་ཉ་ཚན། ཁོངས། ཉ་སཱར་ཏིན་ཁོངས། རིགས་དབྱེ། དུག་ལྡན་པ། ཟོས་ཆོག་པ། ཁྱབ་ཡུལ། ལྷོ་བྱང་འཕྲེད་ཚད་ཏུའུ6-20ཡིན་པའི་དྲོད་ཁུལ་རྒྱ་མཚོར་ཁྱབ་ཡོད།

རིགས་དབྱེ།   རང་བྱུང་ཁམས།སྲོག་ཆགས།

གོག་འགྲོའི་སྲོག་ཆགས།

ལྟོ་འགྲོའི་སྲོག་ཆགས་ནི་གློ་བས་དབུགས་ལེན་པ་དང་ཁྲག་འདྲེས་མར་འཁོར་རྒྱུག་བྱེད་པའི་དྲོད་འགྱུར་སྲོག་ཆགས་ཡིན། དེ་དག་སྐམ་ཆུ་གཉིས་སྐྱེས་སྲོག་ཆགས་ཀྱི་རྨང་གཞིའི་སྟེང་དུ་རང་ཉིད་སྐམ་སའི་ཁོར་ཡུག་ལ་འཕྲོད་པའི་ནུས་པ་འཐུས་སྒོ་ཇེ་ཚང་དུ་སོང་པས། མཐའ་གཅིག་ཏུ་ཆུ་སྐྱེས་ཁོར་ཡུག་ལ་བརྟེན་མི་དགོས་པར་གྱུར་པ་དང་། རྒྱུ་འགུལ་བྱེད་པའི་ཁྱབ་ཁོངས་དེ་བས་རྒྱ་ཆེ་རུ་ཕྱིན་པ་དང་། འགུལ་སྤྱོད་བྱེད་སྟངས་གཙོ་བོ་ནི་གོག་ནས་བགྲོད་པ་དེ་ཡིན། རྒྱ་ཡིག་གི་མིང་། 爬行纲,爬行动物

རིགས་དབྱེ།   རང་བྱུང་ཁམས།སྲོག་ཆགས།

ཉ་རྡོ་གཟན།

ཉ་རྡོ་གཟན་ནི་རྒྱ་མཚོའི་ནང་གི་ཆེས་གཏུམ་རྒོད་ཆེ་བའི་ཉ་རིགས་ཡིན། ལོ་དུང་ཕྱུར་གསུམ་གྱི་སྔོན་ཏེ་གཏུམ་འབྲུག་བྱུང་བའི་སྔོན་ནས་འཚོ་སྡོད་བྱས་ཡོད། ད་ལྟའི་བར་ལོ་དུང་ཕྱུར་ལྔ་ལྷག་སོང་ཡོད། ཉེ་བའི་ལོ་དུང་ཕྱུར་གཅིག་གི་ནང་དུ་དེ་ཚོར་འགྱུར་བ་ཅི་ཡང་བྱུང་མེད། རྒྱ་མཚོའི་ནང་གི་ཆེས་ཆེ་བའི་ཉ་རིགས་ཡིན་རྐྱེན་དེར་རྒྱ་མཚོའི་ནང་གི་སྤྱང་ཀི་ཞེས་པའི་མིང་བཏགས་ཡོད། རྒྱ་ཡིག་གི་མིང་། 鲨鱼 ལ་ཏིང་གི་སྐད། Shark(s) ཁམས། སྲོག་ཆགས་ཁམས། སྒོ། སྒལ་ཐག་སྲོག་ཆགས་སྒོ། སྐོར། རུས་མཉེན་ཉ་རིགས་སྐོར།

རིགས་དབྱེ།   རང་བྱུང་ཁམས།སྲོག་ཆགས།

དགུན་ཉལ།

དགུན་ཉལ་རྒྱག་པ་ནི་སྲོག་ཆགས་ཁག་ཅིག་གིས་ཕྱི་རོལ་ཡུལ་གྱི་ཁོར་ཡུག་མི་སྲུན་པ་སྟེ། དཔེར་ན་གྲང་ངར་ཆེ་བ་དང་གཟན་མི་འདང་བ་སོགས་ལ་བསྟུན་པའི་ཐབས་ཤེས་ཤིག་ཡིན། ཐབས་ཤེས་དེ་ནི་སྲོག་ཆགས་མང་པོ་ཞིག་གི་དགུན་སྐྱེལ་སྟངས་ཡིན། རྒྱ་ཡིག་གི་མིང་། 冬眠 ཕྱི་ཡིག་གི་མིང་། Hibernation མིང་གཞན། དགུན་གཉིད། ཁམས། སྲོག་ཆགས་ཁམས། ངོ་སྤྲོད། དགུན་ཉལ་རྒྱག་པ་ནི་སྲོག་ཆགས་ཁག་ཅིག་གིས་ཕྱི་རོལ་ཡུལ་གྱི་ཁོར་ཡུག་མི་སྲུན་པ་སྟེ། དཔེར་ན་གྲང་ངར་ཆེ་བ་དང་གཟན་མི་འདང་བ་སོགས་ལ་བསྟུན་པའི་ཐབས་ཤེས་ཤིག་ཡིན། ཐབས་ཤེས་དེ་ནི་སྲོག་ཆགས་མང་པོ་ཞིག་གི་དགུན་སྐྱེལ་སྟངས་ཡིན་པ་དང་།

རིགས་དབྱེ།   རང་བྱུང་ཁམས།སྲོག་ཆགས།

སྐུད་གཟུགས་སྲོག་ཆགས།

སྐུད་གཟུགས་སྲོག་ཆགས་ནི་བྱང་ཁོག་ལྟར་སྣང་ཅན་གྱི་ཕྲ་ཕུང་མང་བའི་སྲོག་ཡིན་པ་དང་། འཕེལ་འགྱུར་གྱི་སྟེང་དུ་ལེབ་གཟུགས་སྲོག་ཆགས་ལས་མཐོ་བ་དང་སྒོར་ཚིགས་སྲོག་ཆགས་ལས་དམའ་བ་རེད། མི་དང་སྲོག་ཆགས་ཀྱི་ལུས་ཕུང་ནང་གི་གཞན་བརྟེན་འབུ་སྲིན་ཡིན། རྒྱ་ཡིག་གི་མིང་། 线形动物 ཕྱི་ཡིག་གི་མིང་། Nematomorpha ཁམས། སྲོག་ཆགས་ཁམས། སྒོ། སྐུད་གཟུགས་སྲོག་ཆགས་སྒོ། སྐོར། ལྕགས་སྐུད་སྲོག་ཆགས་སྐོར། ཁྱབ་ཡུལ། ཞིང་ས། ཚྭ་མེད་ཆུ། རྒྱ་མཚོ་ཡང་ན་གཞན་བརྟེན་འཚོ་བ། ངོ་སྤྲོད།

རིགས་དབྱེ།   རང་བྱུང་ཁམས།སྲོག་ཆགས།

མཚོ་རྟ།

མཚོ་རྟ་ནི་ཚེར་ཉ་སྡེ་མཚོ་འབྲུག་ཚན་གྱི་དྲོད་མཚོ་ལས་སྐྱེ་པའི་ཉ་རིགས་ཆུང་ཆུང་སྤྱིའི་མིང་ཡིན་ལ། གཟུགས་གཞི་ཆུང་བའི་རྒྱ་མཚོའི་སྲོག་ཆགས་ཤིག་ཡིན། རྒྱ་ཡིག་གི་མིང་། 海马 ལ་ཏིང་གི་སྐད། Hippocampus ཁམས། སྲོག་ཆགས་ཁམས། སྒོ། སྒལ་ཐག་སྲོག་ཆགས་སྒོ། སྐོར། རུས་མཁྲེགས་ཉ་རིགས་སྐོར། ཚན། མཚོ་འབྲུག་ཚན། ཁོངས། མཚོ་རྟ་ཁོངས། ཁྱབ་ཡུལ། ནུབ་ཀྱི་རྒྱ་མཚོ་ཆེན་པོ་དང་ཞི་བདེ་རྒྱ་མཚོ་ཆེན་པོ། ཨོའུ་གླིང་། ཨོ་སི་ཁྲུ་ལི་ཡ།

རིགས་དབྱེ།   རང་བྱུང་ཁམས།སྲོག་ཆགས།

གཟིག

གཟིག་ནི་ཞི་ལའི་ཚན་གྱི་གཅན་གཟན་ཞིག་ཡིན་ལ། ལུས་ཀྱི་སྤུ་མདོག་སེར་སྐྱ་དང་དེའི་སྟེང་ཐིག་རིས་ནག་པོ་ཡོད། བྲང་གཞུང་དང་ལྟོ་བའི་ངོས་སུ་ཐིག་རིས་མེད་པས་སྤུ་མདོག་ཅུང་དཀར་ཙམ་ཡིན། གཅན་གཟན་རིགས་ཀྱི་ནང་ནས་ཆེས་མགྱོགས་ཤོས་ཡིན་པས་ཕལ་ཆེར་ཆུ་ཚོད་རེར་སྤྱི་ལེ60ལྷག་རྒྱུག་ཐུབ་ཀྱི་ཡོད། མཆོང་རྩལ་དང་ལྡེམ་མྱུར་ཡང་ཆེས་ཆེན་པོ་ཡོད། རི་དྭགས་རྔོན་རྒྱུར་མཁས་པའི་གཅན་གཟན་ཞིག་ཡིན། རྒྱ་ཡིག་གི་མིང་། 豹子 ཕྱི་ཡིག་གི་མིང་། Leopard ལ་ཏིང་གི་སྐད། Leopard ཁམས། སྲོག་ཆགས་ཁམས། སྒོ། སྒལ་ཐག་སྲོག་ཆགས་སྒོ།

རིགས་དབྱེ།   རང་བྱུང་ཁམས།སྲོག་ཆགས།

རྐྱང་ཁྲ།

རྐྱང་ཁྲ་ནི་རྨིག་ཟླུམ་ཁག་གི་རྟའི་ཚན་གྱི་རྐྱང་ཁྲའི་སྐོར་ལ་གཏོགས་པའི་རི་དྭགས་རིགས3གྱི་སྤྱི་མིང་ཡིན་ལ། ལུས་སྟེང་དུ་རང་སྲུང་ལ་གོ་ཆོད་པའི་ནག་ཐིག་ཡོད་པར་བརྟེན་མིང་དེ་ལྟར་ཐོགས་པ་རེད། རྐྱང་ཁྲ་ནི་ཨ་ཧྥེ་རི་ཁ་གླིང་ཁོ་ནར་འཚོ་བའི་སྲོག་ཆགས་ཡིན། རྒྱ་ཡིག་གི་མིང་། 斑马 ལ་ཏིང་གི་སྐད། Equus quagga;Equus zebra;Equus grevyi ཁམས། སྲོག་ཆགས་ཁམས། སྒོ། སྒལ་ཚིགས་སྲོག་ཆགས་སྒོ། སྐོར། འོ་འཐུང་སྐོར། སྡེ། རྨིག་ཟླུམ་སྲོག་ཆགས་སྡེ། ཚན། རྟ་ཚན། ཁོངས། རྟ་ཁོངས། རིགས།

རིགས་དབྱེ།   རང་བྱུང་ཁམས།སྲོག་ཆགས།

སུག་ཚིགས་སྲོག་ཆགས།

སུག་ཚིགས་སྲོག་ཆགས་ནི་སྲོག་ཆགས་ཁམས་ཀྱི་ཆེས་ཆེ་བའི་སྒོ་ཡིན། འཛམ་གླིང་ཡོངས་ནས་ད་ལྟ་ཡོད་པ་རིགས120ལྷག་དང་སྐྱེ་ཁམས་རིགས་དབྱེ་ཡི80%ཟིན། འཚོ་སྡོད་བྱེད་སའི་གནས་ཁྱབ་རྒྱ་ཆེ། རྒྱ་མཚོ་དང་ཚྭ་མེད་ཆུ། ས་ཐོག ནམ་མཁའ་སོགས་ནས་ཀྱང་མཐོང་ཐུབ། ད་དུང་རིགས་འགའ་ནི་སྐྱེ་དངོས་གཞན་པའི་ལུས་སྟེང་ནས་འཚོ་སྡོད་བྱས་ཡོད། རྒྱ་ཡིག་གི་མིང་། 节肢动物门 ལ་ཏིང་གི་སྐད། Arthropoda ཁམས། སྲོག་ཆགས་ཁམས། སྒོ། སུག་ཚིགས་སྲོག་ཆགས་སྒོ། རིགས། རིགས་ཁྲི110-120ལྷག་ཡོད། ཁྱབ་ཡུལ།

རིགས་དབྱེ།   རང་བྱུང་ཁམས།སྲོག་ཆགས།

མཆིལ་པ།

མཆིལ་པ་ནི་མིའི་རིགས་ལ་འགྲོགས་ནས་འཚོ་བའི་བྱིའུ་ཞིག་ཡིན་པ་དང་། རྟག་པར་མི་ཁྱིམ་གྱི་ཉེ་འཁོར་ཏུ་འཚོ་ཞིང་གནས་ཏེ་ཉིན་མོར་ག་ས་གང་དུ་རྒུམ་བུ་འཚོལ་དུ་རྒྱུག་གི་ཡོད། རྒྱ་ཡིག་གི་མིང་། 麻雀 ལ་ཏིང་གི་སྐད། Passer montanus ཕྱི་ཡིག་གི་མིང་། Eurasian Tree Sparrow མིང་གཞན། ཡུལ་བྱིའུ། ཁམས། སྲོག་ཆགས་ཁམས། སྡེ། བྱིའུ་སྡེ། སྐོར། བྱིའུ་སྐོར། ཚན། བྱིའུ་ཚན། ཁོངས། བྱིའུ་ཁོངས། ཁྱབ་ཡུལ། ཡ་གླིང་དང་ཨོའུ་གླིང་གི་སྐམ་ས་ཆེན་མོར་ཁྱབ་ཡོད། ངོ་སྤྲོད།

རིགས་དབྱེ།   རང་བྱུང་ཁམས།སྲོག་ཆགས།

བྱ་རྔ་མོང་།

བྱ་དེ་བྱ་རྔ་མོང་ཚན་གྱི་བྱ་རྔ་མོང་སྐོར་ལས་རིགས་གཅིག་པུ་ཉིད་ཡིན་པ་དང་།ཧྥེ་གླིང་གི་མྱ་ངམ་ཐང་དུ་འཚོ་ཞིང་ད་ཡོད་འདབ་ཆགས་རིགས་ཀྱི་ལུས་བོངས་ཆེ་ཤོས་ཀྱི་བྱ་ཡིན་ལ། སྐེ་རིང་ཞིང་སྟེང་དུ་སྤུ་མེད། སུག་པ་གཉིས་ཧ་ཅང་རིང་། རྒྱ་ཡིག་གི་མིང་། 鸵鸟 ལ་ཏིང་གི་སྐད། Struthio camelus ཁམས། སྲོག་ཆགས་ཁམས། སྒོ། སྒལ་ཐག་སྲོག་ཆགས་སྒོ། སྐོར། བྱ་སྐོར། སྡེ། བྱ་རྔ་མོང་སྡེ། ཚན། བྱ་རྔ་མོང་ཚན། ཁོངས། བྱ་རྔ་མོང་ཁོངས། རིགས། བྱ་རྔ་མོང་རིགས།

རིགས་དབྱེ།   རང་བྱུང་ཁམས།སྲོག་ཆགས།

བྱ་མ་བྱི།

བྱ་མ་བྱི་ནི་སྡེར་མོ་ལ་བརྟེན་ནས་སྡོང་མགོར་འགོ་མཁས་པ་དང་སྐྱི་མོ་ལ་བརྟེན་ནས་སྡོང་བོ་གཅིག་ནས་སྡོང་བོ་གཞན་ཞིག་གི་སྟེང་ལ་འཕུར་མཁས་པ་ཞིག་ཡིན། བྱི་བ་འདིའི་རིགས་ནི་རང་རྒྱལ་གྱི་ཧྲའན་ཞི་དང་ཀན་སུའུ། མཚོ་སྔོན་ན་མ་གཏོགས་མེད། ཤིང་འབྲས་སོགས་ཟ། རྒྱ་ཡིག་གི་མིང་། 灰鼯鼠 ཕྱི་ཡིག་གི་མིང་། Grey Flying Squirrel ལ་ཏིང་གི་སྐད། Petaurista xanthotis ཁམས། སྲོག་ཆགས་ཁམས། སྒོ། སྒལ་ཐག་སྲོག་ཆགས་སྒོ། སྐོར། བྱི་བ་སྐོར།

རིགས་དབྱེ།   རང་བྱུང་ཁམས།སྲོག་ཆགས།

འུག་པ།

འུག་པ་ནི་འདབ་ཆགས་ཀྱི་རིགས་ཤིག་ཡིན། འུག་པའི་ཁ་ཟས་གཙོ་བོ་བྱི་བའི་རིགས་ཡིན་ལ། ཞིང་ལས་དང་ཕྱུགས་ལས། ནགས་ལས་བཅས་ལ་ཕན། མི་ཉུང་སའི་ནགས་ཁྲོད་དུ་གནས་ཡོད་ལ་མཚན་མོར་འགུལ་སྤྱོད་བྱེད་པའི་རིགས་ཡིན། འཕུར་ཚད་ཅུང་དམའ་ཞིང་དལ་བ། སྒྲ་མེད་པ་ཞིག་ཡིན། རྒྱ་ཡིག་གི་མིང་། 雕鸮 ཕྱི་ཡིག་གི་མིང་། Eagle Owl ལ་ཏིང་གི་སྐད། Bubo bubo ཁམས། སྲོག་ཆགས་ཁམས། སྒོ། སྒལ་ཐག་སྲོག་ཆགས་སྒོ། སྐོར། བྱ་སྐོར། སྡེ། འུག་པ་སྡེ། ཚན། འུག་པ་ཚན། ཁོངས། འུག་པ་ཁོངས། རིགས།

རིགས་དབྱེ།   རང་བྱུང་ཁམས།སྲོག་ཆགས།

དེ་ཕོ།

ཕོ་བྱའི་སྐེ་མཇིང་གི་སྒྲོ་སྤུའི་ཁ་དོག་སྨུག་ལྗང་ཡིན་པ་དང་། སྒྲོ་སྤུ་སྨུག་ལྗང་ཡིན་པའི་སྐེ་སྐོར་དུ་དཀར་ཐིག་གསལ་བོ་དཀྲི་གཅིག་ཡོད་པ། རྔ་སྒྲོ་ཧ་ཅང་རིང་། མོ་བྱའི་སྒྲོ་མདངས་དང་སྐྱེས་གཟུགས་ཕོ་བྱར་མི་དོ་བར་རག་རག་ཅིག་ཡིན་ལ། ས་ནས་རྒྱུགས་ན་ཧ་ཅང་མགྱོགས་པ་དང་ནམ་མཁའ་ནས་འཕུར་ན་འཕུར་ཡུན་མི་རིང་བའི་འདབ་ཆགས་ཤིག་ཡིན། རྒྱ་ཡིག་གི་མིང་། 雉鸡 ཕྱི་ཡིག་གི་མིང་། Common Pheasant ལ་ཏིང་གི་སྐད། Phasianus colchicus ཁམས། སྲོག་ཆགས་ཁམས། སྒོ། སྒལ་ཐག་སྲོག་ཆགས་སྒོ།

རིགས་དབྱེ།   རང་བྱུང་ཁམས།སྲོག་ཆགས།

མཛོ།

མཛོ་ནི་གླང་དང་འབྲི་གཉིས་སྦྱོར་བ་བྱས་པ་ལས་བྱུང་བའི་ཕྱུགས་རིགས་སྟོབས་ཆེན་ཞིག་ཡིན། རྒྱ་ཡིག་གི་མིང་། 犏牛 ཁམས། སྲོག་ཆགས་ཁམས། སྒོ། སྒལ་ཐག་སྲོག་ཆགས་སྒོ། སྐོར། འོ་འཐུང་གི་སྐོར། སྡེ། རྨིག་པ་ཁ་དབྲག་སྡེ། ཚན། གླང་ཚན། ཁོངས། གླང་ཁོངས། རིགས། མཛོ། ཁྱབ་ཡུལ། མདོ་དབུས་མཐོ་སྒང་། ངོ་སྤྲོད། མཛོ་ནི་གླང་དང་འབྲི་གཉིས་སྦྱོར་བ་ལས་བྱུང་བའི་ཕྱུགས་རིགས་སྟོབས་ཆེན་ཞིག་ཡིན། དེའང་ཕོ་མཛོ་དང་། མོ་ལ་མཛོ་མོ་ཞེས་བརྗོད་ཅིང་། མཛོ་མོ་དང་གླང་སྦྱོར་བ་ལས་སྐོམ་སྟེ་རྟོལ་ཟེར་བ་དེ་བྱུང་བ་ཡིན།

རིགས་དབྱེ།   རང་བྱུང་ཁམས།སྲོག་ཆགས།

དོམ།

དོམ་ནི་མཆུ་ཐུང་ཞིང་མགོ་ཟླུམ་སྒོར་ཡིན་ལ། སྣ་ནག་ཅིང་མིག་ཟུང་ཆུང་ནའང་རྣ་གཤོག་ཅུང་ཆེ། སྤུ་མདོག་ནག་པོ་ཡིན་ཞིང་། བྲང་ངོས་ན་ཟླ་དཀར་ཚེས་འདྲའི་དཀར་ཐིག་ཅིག་ཡོད་པའི་གཅན་གཟན་ཞིག་ཡིན། དོམ་གྱི་སྡེར་ཁྱིམ་ནི་རྒྱ་ཟས་མཆོག་ཏུ་གྱུར་བ་ཞིག་ཡིན་པར་མ་ཟད། དོམ་མཁྲིས་སྨན་དུ་འགྲོ ཨོའུ་གླིང་དང་ཡ་གླིང་གི་སྐམ་ས་ཆེན་མོའི་བྱང་ཁུལ་དང་ཐེ་ཝན། ལྗར་པན་སོགས་ཀྱི་ནགས་ཚལ་ན་གནས་ཡོད། རྒྱ་ཡིག་གི་མིང་། 黑熊 ཕྱི་ཡིག་གི་མིང་། Asiatic-black Bear ལ་ཏིང་གི་སྐད། Ursus thibetanus

རིགས་དབྱེ།   རང་བྱུང་ཁམས།སྲོག་ཆགས།

སྐྱུང་ཀ

བྱ་རོག་གི་རིགས་ཆེ་གྲས། ལུས་ཀྱི་རིང་ཚད་ལ་ལི་སྨི36-48ཡོད། མཆུ་དང་སུག་པ་དམར་པོ་ཡིན། ལུས་ཡོངས་ཀྱི་ཁ་དོག་ནི་ནག་པོ་ཡིན་ལ་འོད་མདངས་སྔོ་སྨུག་ཅིག་འཚེར་གྱིན་འདུག ཕོ་མོའི་སྒྲོ་མདོག་འདྲ་མཚུངས་ཡིན། རྒྱ་ཡིག་གི་མིང་། 红嘴山鸦 ལ་ཏིང་གི་སྐད། Pyrrhocorax pyrrhocorax ཕྱི་ཡིག་གི་མིང་། Red-billed Chough མིང་གཞན། དཔྱིད་འབོད། བདུད་བྱ། ཁམས། སྲོག་ཆགས་ཁམས། སྒོ སྒལ་ཐག་སྲོག་ཆགས་སྒོ། སྐོར། བྱ་སྐོར། སྡེ། བྱིའུ་སྡེ། ཚན། བྱ་རོག་གི་ཚན། ཁོངས། སྐྱུང་ཀ

རིགས་དབྱེ།   རང་བྱུང་ཁམས།སྲོག་ཆགས།

དུང་དཀར་བུ་ཁྲིད།

དུང་དཀར་བུ་ཁྲིད་ནི་ལུས་མཉེན་སྲོག་ཆགས་ཁོངས་ཀྱི་གསུས་སུག་ཡོད་པའི་སྐོར་ཡིན། བཟའ་བཅའ་ནི་རྩི་ཤིང་ཡིན། སྒོ་ང་སྡོང་པོའི་སྟེང་དང་ས་ནང་དུ་གཏོང་བ་ཡིན། ཚ་ཁུལ་གླིང་ཕྲན་ནས་རྒྱུན་ཏུ་མཐོང་ཐུབ། འོན་ཀྱང་གྲང་ངེར་ཆེ་བའི་ས་ཁུལ་ནས་འཚོ་སྡོད་བྱས་ཡོད་པའང་ཡོད། སྡོང་མགོར་ཡོད་པའི་དུང་དཀར་བུ་ཁྲིད་ཀྱི་ཁ་དོག་ཅུང་བཀྲག་མདངས་ལྡན་ལ་ས་སྟེང་ནས་འཚོ་སྡོད་བྱས་ཡོད་པའི་དུང་དཀར་བུ་ཁྲིད་ཀྱི་ལུས་སྟེང་དུ་ཁྲ་ཐིག་ཡོད། རྒྱ་ཡིག་གི་མིང་། 蜗牛 ལ་ཏིང་གི་སྐད། Fruticicolidae

རིགས་དབྱེ།   རང་བྱུང་ཁམས།སྲོག་ཆགས།

དྲེལ།

དྲེལ་ནི་རྒོད་མ་དང་བོང་གསེབ་གཉིས་འབྲེལ་སྦྱོར་བྱས་པ་ལས་བྱུང་བའི་ཕྱུགས་རིགས་ཤིག་ཡིན་ཞིང་། སྤྱིའི་དབྱིབས་དང་གཟུགས་སོགས་རི་དྭགས་རྐྱང་དང་ཧ་ལམ་མཚུངས། རྒྱ་ཡིག་གི་མིང་། 骡子 ལ་ཏིང་གི་སྐད། Equus ferus x asinus མིང་གཞན། དྲེའུ། ཛ་མུ་ར། རྨིག་ཆུང་དྲེལ། ཁམས། སྲོག་ཆགས་ཁམས། སྒོ སྒལ་ཐག་སྲོག་ཆགས་སྒོ། སྐོར། འོ་འཐུང་སྐོར། སྡེ། རྨིག་ཟླུམ་སྡེ། ཚན། རྟ་ཚན། ཁོངས། རྟ་ཁོངས། རིགས། དྲེལ། ཁྱབ་ཡུལ། བོད་ལྗོངས་དང་མཚོ་སྔོན།

རིགས་དབྱེ།   རང་བྱུང་ཁམས།སྲོག་ཆགས།