ཡོངས་འཛིན་རིག་མཛོད། >རང་བྱུང་ཁམས། >སྲོག་ཆགས། >རི་དྭགས།

འབྲོང་།

འབྲོང་ནི་མདོ་དབུས་མཐོ་སྒང་གི་ཁྱད་འཕགས་སྲོག་ཆགས་ཤིག་ཡིན་ཞིང་། མངོན་གསལ་ལྡན་པའི་མཐོ་སྒང་གྲང་ངར་ཆེ་སའི་སྲོག་ཆགས་ཡིན། གཟུགས་གཞི་ཆེ་ཞིང་སུག་བཞི་ཐུང་བ་དང་། ནོར་ནག་ལས་ལྡབ2ནས3གྱིས་ཆེ་བ་ཡིན། འབྲོང་མང་ཤོས་ཀྱི་སྤུ་ཁ་ནག་པོ་ཡིན་མོད། འོན་ཀྱང་སྤུ་ཁ་སེར་པོ་ཡིན་པའི་འབྲོང་ཡང་ཡོད།

རིགས་དབྱེ།  

གནའ།

གནའ་ནི་རྫ་མགོ་ན་གནས་པའི་རི་སྐྱེས་སྲོག་ཆགས་ཀྱི་རིགས་ཤིག་ཡིན། ཕོ་གནའ་མོ་གནའ་གང་ཡིན་ཡང་རྭ་ཅོ་སྐྱེས་ཡོད་ལ་སྤུ་མདངས་ཁམ་སེར་རམ་སྔོ་སྐྱ་ཡིན་པ། དགུན་ཐོག་སྤུ་མདངས་ནག་སེར་རམ་ནག་སྐྱར་འགྱུར་བ། རི་མགོ་དང་རྫ་མགོར་འགོ་བར་ཤིན་ཏུ་མཁས་པའི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཡིན།

རིགས་དབྱེ།  

གཙོད།

གཙོད་ནི་མདོ་དབུ་མཐོ་སྒང་ནས་ཡོད་པའི་རི་སྐྱེས་སྲོག་ཆགས་ཀྱི་རིགས་ཤིག་ཡིན། ཕོ་གཙོད་ལ་རྭ་ཅོ་ཡོད་པ་དང་མོ་གཙོད་ལ་རྭ་ཅོ་མེད། རྒྱབ་གཞུང་ནག་སེར་དང་གསུས་ངོས་དཀར་བོ་ཡིན་པ། བརྒྱུགས་ན་ཧ་ཅང་མགྱོགས་པའི་རི་དྭགས་ཤིག་ཡིན། གཙོ་བོ་ཨ་ཆེན་གངས་རྒྱབ་ན་ཡོད་པས་ཨ་ཆེན་གངས་རྒྱབ་ཀྱི་རྒྱན་དུ་གྱུར་ཡོད།

རིགས་དབྱེ།  

རྒོ་དམར།

མདོ་དབུས་མཐོ་སྒང་ན་མ་གཏོགས་མེད་པའི་རི་སྐྱེས་སྲོག་ཆགས་ཤིག་སྟེ། སྤུ་མདངས་སྐྱ་སེར་ཡིན་ཞིང་། དབྱར་ཐོག་སེར་ཞད་ཆེ་བ་དང་དགུན་ཐོག་སྐྱ་ཞད་ཆེ་བ། ཨོང་དོ་དང་གསུས་ངོས་ཀྱི་སྤུ་མདངས་དཀར་བོ་ཡིན་པ། ཕོ་རྒོར་རྭ་ཅོ་ཐེམ་འབུར་ཅན་ཡོད་པའི་རི་དྭགས་གཙོད་དང་ཆ་འདྲ་བོ་ཡོད།

རིགས་དབྱེ།  

རྩེབ་གཉག

རྩེབ་གཉག་ལ་ཡུལ་སྐད་དུ་ར་རྒྱ་ཡང་ཟེར། བ་ལང་དང་ར་མའི་བར་ན་གནས། རང་རྒྱལ་ནས་ཁྱབ་རྒྱ་ཧ་ཅང་ཆེ། སུག་བཞི་སྦོམ་ཞིང་བཀན་ལ། སོག་མགོ་མཐོ་ཞིང་རྔ་མ་ཐུང་། སྣ་མདོ་བ་ལང་དང་མཚུངས་ཤིང་ཡ་ཐོད་འབུར་འདུག ཕོ་མོ་གང་ཡིན་རུང་ཡར་སྐྱེས་ཏེ་ལྟག་རྒྱབ་ལ་འཁྱིལ་འདུག་པའི་རྭ་ཅོ་ཡོད། ལུས་ཡོངས་ཀྱི་སྤུ་མདངས་ཁམ་སེར་རམ་ཁམ་སྐྱ་ཡིན།

རིགས་དབྱེ།  

ཤ་བ་མཆུ་སྐྱ།

ཤ་བ་མཆུ་སྐྱ་ནི་མཚོ་ངོས་ལས་སྨི3000-5000ཡན་གྱི་མཐོ་སྒང་ཁབ་དབྱིབས་ནགས་ཚལ་ན་གནས་ཡོད། ཤ་བ་དེའི་རིགས་སྤུ་མདོག་སེར་སྐྱ་ཡིན་ལ་སྣ་མགོ་དང་མཆུ་སྒྲོས། མ་འགལ་བཅས་ཀྱི་སྤུ་མདོག་དཀར་བོ་ཡིན་པ་དང་། སྤུ་ཉག་རགས་མོ་ཡིན། ཤ་བའི་ཤ་རྭ་ལ་ཡལ་ག5ནས6ཡོད།

རིགས་དབྱེ།  

གླ་བ།

གླ་བ་ནི་གཙོར་མདོ་དབུས་མཐོ་སྒང་ན་ཡོད་པའི་རི་སྐྱེས་སྲོག་ཆགས་ཤིག་སྟེ། གླ་བའི་སྤུའི་ཁ་དོག་ནི་ཁམ་ནག་གམ་ཁམ་སེར་ཡིན་ལ་དེའི་སྟེང་ན་སེར་ཞད་འདྲེས་པའི་ཐིག་ལེ4ནས་ཐིག་ལེ6ཉིས་གཤར་བྱས་ནས་བསྟར་འདུག ཕོ་གླར་ཕྱིར་མངོན་པའི་མཆེ་བ་སྐྱེས་ཡོད་པ་དང་གསུས་ཁུགས་ན་གླ་རྩི་ཡོད།

རིགས་དབྱེ།  

འཕྱི་བ།

འཕྱི་བ་ནི་འོ་འཐུང་སྲོག་ཆགས་ཀྱི་སོ་མི་བརྗེ་བའི་སྡེའི་ནགས་བྱིའི་ཚན་ལས་གཟུགས་གཞི་ཆེས་ཆེ་བ་དེ་ཡིན། ས་སྐམ་སར་འཕྱི་ཁུང་སློག་པ་དང་ དགུན་ཉལ་སྟེག ལུས་རྒྱབ་དམར་སེར་ཡིན་ལ་གྲ་སྤུ་ནག་པོ་ཙམ་འདྲེས་འདུག གསུས་ངོས་སེར་སྐྱ་ཡིན་ལ། རྔ་མའི་སྣེ་མོ་ནག་སེར་ཡིན། མདོ་དབུ་མཐོ་སྒང་གི་རང་བྱུང་ལ་གཏོར་བརླག་བྱས་མེད་པའི་ས་ཆ་ནས་མཐོང་རྒྱུ་མང་།

རིགས་དབྱེ།  

གཉན།

གཉན་ནི་གཟུགས་གཞི་རྒྱགས་པ། རིང་ཚད་ལ་ལི་སྨི150-180ཡོད། སོག་མགོའི་མཐོ་ཚད་ལ་ལི་སྨི50-70 ལྗིད་ཚད་ལ་སྤྱི་རྒྱ110ཡོད་པ་རེད། ལུས་སྤུ་རགས་ཤིང་རྩུབ་ལ་ཐུང་ཐུང་ཞིག་ཡིན། སྐེ་མཇིང་གི་སྤུ་ཅུང་རིང་། སྤུ་མདངས་ཁམ་ནག་གམ་ཁམ་སྐྱ་ཡིན། གཙོ་བོ་ཡ་གླིང་གི་བར་རྒྱུད་ཀྱི་ས་ཁོད་ཡངས་སའི་གནས་ནས་འཚོ་སྡོད་བྱས་ཡོད་ལ་ཚར་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཀྱི་ཁོངས་སུ་གཏོགས།

རིགས་དབྱེ།  

རི་བོང་།

རི་བོང་ནི་རྣ་གཤོག་རྐང་སུག་ལས་ཀྱང་རིང་བ་རེད། མཆུ་ཞེང་ཆེ་ལ་རྔ་མ་ཧ་ཅང་ཐུང་། དབྱར་ཐོག་རྒྱབ་གཞུང་གི་སྤུ་མདོག་ནི་སེར་སྐྱ་ཞིག་ཡིན་ལ། དགུན་ཐོག་རྒྱབ་གཞུང་གི་སྤུ་མདོག་ལ་སྐྱ་ཤས་ཆེ་བའི་རི་དྭགས་ཤིག་ཡིན། འཛམ་གླིང་ཡོངས་ལ་ཁྱབ་ཡོད།

རིགས་དབྱེ།  

རྐྱང་།

རྐྱང་ནི་མདོ་དབུས་མཐོ་སྒང་གི་ཁྱད་འཕགས་སྲོག་ཆགས་ཤིག་ཡིན་ལ། རྒྱལ་ཁབ་ཀྱི་སྲུང་སྐྱོབ་སྲོག་ཆགས་རིམ་པ་དང་པོ་ཡིན། གཟུགས་བྱད་ནི་བོང་བུ་དང་རྟ་གཉིས་ལས་བྱུང་བའི་དྲེལ་དང་མཚུངས་པ་དང་རྔ་མ་ནི་རྟའི་རྔ་མ་དང་འདྲ། འདིའི་རིགས་ནི་མཐོ་སྒང་རང་བཞིན་གྱི་སྲོག་ཆགས་ཡིན་པ་དང་། མཚོ་ངོས་མཐོ་ཚད་ལ་སྨི3600ནས་སྨི5400ཡི་ས་ཁུལ་དུ་ཁྱུ་ཚོགས་བྱས་ཏེ་འཚོ་གནས་བྱེད་ཅིང་། གྲང་ངར་དང་ཉི་ལྡེ། ཆར་རླུང་སོགས་ལ་བཟོད་པའི་ནུས་ཤུགས་དྲགས་པོ་ལྡན། མང་ཆེ་བ་ནི་རྐྱང5ནས6རེ་ཁྱུ་བྱ་བ་དང་། ཁྱུ་ཚོགས་ཅུང་ཆེ་བ་ནི་རྐྱང10རེ་ཡོད་པ་དང་། ཆེས་ཆེ་བའི་ཁྱུ་ཚོགས་ནི་རྐྱང100ཡས་མས་ཡོད། ཁྱུ་ཚོགས་ཆུང་བ་ནི་རྐྱང་གཅིག་གིས་མགོ་ཁྲིད་པ་ཡིན་ལ། གནས་གང་སར་བརྒྱུད་དེ་འཚོ་བ་ཡིན།

རིགས་དབྱེ།  

ཁུག་བྱི།

ཁུག་བྱི་ནི་ཁུག་བྱི་སྡེ་ཡི་གསུས་ངོས་སུ་ཁུག་མ་ཡོད་པའི་སྲོག་ཆགས་ཤིག་ཡིན། གཙོ་བོ་ཨོ་སི་ཁྲུ་ལི་ཡ་དང་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པར་འཚོ་སྡོད་བྱས་ཡོད། ཁུག་བྱི་ནི་ལག་ཟུང་ཐུང་ཞིང་ཆུང་ལ་རྐང་ཟུང་ཆེ་ཞིང་རིང་བ་དང་། མཆོངས་ལྡིང་བྱེད་མཁས་པོ་ཡོད།

རིགས་དབྱེ།  

འོ་འཐུང་སྲོག་ཆགས།

འོ་འཐུང་སྲོག་ཆགས་ནི་སྒལ་ཚིགས་སྲོག་ཆགས་ཁྲོད་ཀྱི་ལུས་ཕུང་གི་གྲུབ་ཚུལ་ཞིབ་ཕྲ་ཆེ་ཤོས་དང་རིམ་པ་མཐོ་ཤོས་ཀྱི་རིགས་ཚོགས་ཤིག་ཡིན་ལ། སྤྱི་མིང་ལ་རི་དྭགས་ཟེར། དེ་དག་ནི་གོག་འགྲོ་སྲོག་ཆགས་ལས་འཕེལ་འགྱུར་བྱས་ཏེ་བྱུང་བ་ཡིན། ས་འོག་དང་ས་སྟེང་། ནམ་མཁའ། ཆུའི་ཁྲོད་ནས་འཚོ་སྡོད་བྱས་ཡོད་པ་དང་རྩྭ་ཟ་བ་དང་ཤ་ཟ་བ། གཉིས་ཀ་ཟ་བ་སོགས་རིགས་གསུམ་ཡོད།

རིགས་དབྱེ།  

སྒལ་ཚིགས་སྲོག་ཆགས།

སྲོག་ཆགས་ལ་སྒལ་ཚིགས་ཡོད་མེད་ཀྱི་སྒོ་ནས་རིགས་གཉིས་སུ་དབྱེ་སྟེ་སྒལ་ཚིགས་སྲོག་ཆགས་དང་སྒལ་ཚིགས་མེད་པའི་སྲོག་ཆགས། སྒལ་ཚིགས་སྲོག་ཆགས་ནི་སྒལ་པར་ཚིགས་ཡོད་པའི་སྲོག་ཆགས་ལ་ཟེར།

རིགས་དབྱེ།  

རྐྱང་ཁྲ།

རྐྱང་ཁྲ་ནི་རྨིག་ཟླུམ་ཁག་གི་རྟའི་ཚན་གྱི་རྐྱང་ཁྲའི་སྐོར་ལ་གཏོགས་པའི་རི་དྭགས་རིགས3གྱི་སྤྱི་མིང་ཡིན་ལ། ལུས་སྟེང་དུ་རང་སྲུང་ལ་གོ་ཆོད་པའི་ནག་ཐིག་ཡོད་པར་བརྟེན་མིང་དེ་ལྟར་ཐོགས་པ་རེད། རྐྱང་ཁྲ་ནི་ཨ་ཧྥེ་རི་ཁ་གླིང་ཁོ་ནར་འཚོ་བའི་སྲོག་ཆགས་ཡིན།

རིགས་དབྱེ།  

བོང་བུ།

བོང་བུ་ནི་རྩྭ་གཟན་སྒོ་ཕྱུགས་ཡིན་པ་དང་དེ་འོ་འཐུང་སྡེའི་རྨིག་པ་ཟླུམ་པོའི་ཁག་ལ་གཏོགས། དྲེལ་གྱི་སྐྱེ་དབྱིབས་དང་ཕྱོགས་མཚུངས་ཤིང་། གཟུགས་དྲེལ་ལས་ཅུང་ཆུང་།

རིགས་དབྱེ།  

གླང་ཆེན།

གླང་ཆེན་ནི་ད་ལྟའི་སའི་གོ་ལའི་སྟེང་གི་སྐམ་སྐྱེས་སྒལ་ཚིགས་སྲོག་ཆགས་ཆེ་ཤོས་ཡིན་པ་དང་། འོ་འཐུང་སྲོག་ཆགས་ལས་སྣ་བ་རིང་བའི་རིགས་ཡིན། གླང་ཆེན་ལ་སྣ་རིང་པོ་ཡོད་པ་ཕལ་ཆེར་རང་ཉིད་ཀྱི་ལུས་པོའི་རིང་ཐུང་དང་མཉམ་ལ། པགས་པ་མཐུག་པོ་ཡོད་པ་དང་བ་སྤུ་ཉུང་ལ་མགོ་དང་རྣ་གཤོག་ཆེན་པོ་ཡོད། སུག་བཞི་ཀ་བ་ལྟར་སྦོམ་ཞིང་ཆེ་ལ། སུག་མཐིལ་དུ་ལྡེམ་ཤས་ཅན་གྱི་ཤ་སྟན་ཡོད། ཡ་སོ་རྒྱས་པོ་ཡོད་པ་མཆུ་ཕྱིར་རིང་དུ་སྐྱེས་ཡོད་པ་ནི་བ་སོ་ཟེར་བའི་རིན་པོ་ཆེ་དེ་ཡིན།

རིགས་དབྱེ།  

རྒྱ།

རྒྱ་ནི་གཟུགས་ཆེ་ཆུང་གླང་ཆུང་ཙམ་པའི་དབྱིབས་ཀྱང་གླང་དང་འདྲ་བ་དང་། མགོ་བོ་ཅུང་ཆུང་ལ་སྐེ་ཐུང་ཞིང་སྦོམ་པ་དང་རྣ་བ་གཉིས་ཆེ་ལ་སུག་བཞི་ཐུང་བ་ཡོད། མཇུག་མ་ཕྲ་ལ་ཐུང་བ་དང་སུག་མཐིལ་ཡང་གླང་གི་སུག་མཐིལ་འདྲ། རྭ་ནག་པོ་གཉེར་མ་ཅན་གྱི་དབྱིབས་དགོ་བའི་རྭ་འདྲ་ལ་དེ་ལས་རྣོ་བའི་རྩེ་ལ་གཉེར་མ་མེད་པ་འཇམ་པོ་ཡིན།

རིགས་དབྱེ།  

ཤྭ་བ།

ཤྭ་བ་ནི་རི་གཉན་དུ་གནས་པའི་གླང་གི་རིགས་ཏེ་གཟུགས་གླང་ལས་ཆེ་ཞིང་སྤུ་མདོག་ཁམ་ནག་ཡིན་པ་དང་། སོག་པའི་མགོ་དང་འཕོངས་གཉིས་ཀྱི་མཐོ་དམའ་མཉམ་ཞིང་སུག་བཞི་དྲང་ལ་རིང་བའི་རྨིག་པ་ཆེན་པོ་ཡོད། རྣ་བ་གཉིས་ཆེ་ཞིང་དབྱིབས་སྔོ་སྒ་ཞེས་པའི་ལོ་མ་འདྲ་བའི་ནང་གི་སྤུ་མདོག་དཀར་པོ་ཡིན།

རིགས་དབྱེ།  

ཁ་ཤ

ཁ་ཤ་ནི་ཤྭ་བའི་རིགས་ཡིན་ལ་གཟུགས་ཤྭ་བ་ལས་ཆུང་། གཟུགས་དང་མགོ་དབྱིབས་ལེགས་ཤིང་སུག་བཞི་ཕྲ་ལ་རྨིག་པ་ཆུང་བ། སྐེ་ཕྲ་ལ་རིང་ཞིང་མིག་སྒོར་བ། རྣ་བ་གཉིས་ཀྱང་ཅུང་ཆེ་བ་ཡོད། སོག་མགོ་དང་འཕོངས་མགོའི་མཐོ་དམའ་མཉམ། ལུས་སྤྱིའི་སྤུ་འཇམ་ཞིང་ཁམ་མདོག་ལ་དམར་མདངས་ཡོད། རྒྱབ་གཞུང་གི་སྤུ་མདོག་ནག་པ་དང་བྲང་འོག་གི་སྤུ་དང་གྲོད་གཞུང་གི་སྤུ་སེར་སྐྱ་ཡིན་ལ་མཇུག་མ་ཡང་སེར་སྐྱ་ཐུང་བ་ནི་སྤུ་གསེབ་ཏུ་ནུབ་ནས་མངོན་དཀའ་བ་ཡིན།

རིགས་དབྱེ།  

གནའ་བ།

རི་ལ་གནས་པའི་ལུག་རིགས་ཤིག་གོ། །

རིགས་དབྱེ།  

གླང་བོ་ཆེ།

གླང་བོ་ཆེ་ནི་ལོ་ངོ་ཁྲི་ཕྲག་མང་བོའི་སྔོན་ནས་ས་སྒང་རིལ་བོ་འདི་རུ་འཚོ་ཞིང་གནས་པའི་ཁྱུ་ཚོགས་གཞན་དྲིང་མི་འཇོག་མཁན་ཞིག་ཡིན། དུས་ཀྱི་བགྲོད་པ་ཉེར་གཅིག་པར། གླང་བོ་ཆེ་ནི་སྲོག་ཆགས་ཀུན་ཀྱི་གཟུགས་གཞི་ཆེས་ཆེ་བའི་སྐམ་སར་གནས་པའི་འོ་འཐུང་སྲོག་ཆགས་ཤིག་ཡིན་ཞིང་། རྟག་པར་ཁྱུ་ཚོགས་ལ་བརྟེན་ནས་འཚོ་བ་རོལ་བཞིན་གདའ། གླང་བོ་ཆེའི་ཀོ་བ་ཤིན་ཏུ་མཐུག་ཀྱང་ཀོ་གཉེར་བར་གྱི་ཀོ་བ་ཤིན་ཏུ་སྲབ་པས་རྒྱུན་དུ་འདམ་རྫོབ་ཏུ་ཉལ་ནས་འབུའི་གནོད་པ་ལ་གཡོལ་ཐབས་བྱེད་པ་དང་། གླང་བོ་ཆེའི་མཆེ་བ་ནི་དགྲ་བོའི་ཕས་ཀྱི་རྒོལ་བ་འཇོམས་པའི་མཚོན་ཆ་གལ་ཆེན་ཞིག་ཡིན་ནོ། །

རིགས་དབྱེ།  

ཕོ་ཡུ་མོ་ཡུ་གསུམ།

《དུང་དཀར་ཚིག་མཛོད་ཆེན་མོ》ལས་བྱུང་བའི་ཕོ་ཡུ་མོ་ཡུ་གསུམ་ལ་གོ་བ་ཡིན།

རིགས་དབྱེ།  

ཕོ་ར་མོ་ར་གསུམ།

《དུང་དཀར་ཚིག་མཛོད་ཆེན་མོ》ལས་བྱུང་བའི་ཕོ་ར་མོ་ར་གསུམ་ལ་གོ་བ་ཡིན།

རིགས་དབྱེ།  

ཤྭ་དམར།

ཤྭ་དམར་གྱི་བྱད་སྣའི་རིང་ཚད་ལ་ལི་སྨི165-265བར་དང་། ལག་སྒྱིང་གི་མཐོ་ཚད་ལ་ལི་སྨི100-150བར། རྔ་མའི་རིང་ཚད་ལ་ལི་སྨི10-22བར། ངོ་གདོང་གི་རིང་ཚད་ལ་ལི་སྨི40-45བར། ལུས་ཀྱི་ལྗིད་ཚད་ལ་སྤྱི་རྒྱ75-240བར་ཡོད་པས། ལུས་བོངས་ཆེས་ཆེ་བའི་ཤྭ་རིགས་ཡིན།

རིགས་དབྱེ།  

ཤྭ་སྐྱ།

ཤྭ་སྐྱའི་ལུས་ཀྱི་བྱད་སྣའི་རིང་ཚད་ལ་ལི་སྨི155-210བར་ཡོད་ཅིང་། ཤྭ་ཕོའི་ལག་སྒྱིང་གི་མཐོ་ཚད་ལ་ལི་སྨི120-140བར་དང་། ཡུ་མོའི་ལག་སྒྱིང་གི་མཐོ་ཚད་ལ་ལི་སྨི115ཙམ་ཡོད། རྔ་མའི་རིང་ཚད་ལ་ལི་སྨི100-130བར་དང་། རྐང་བའི་རིང་ཚད་ལ་ལི་སྨི33-52བར། རྣ་བའི་རིང་ཚད་ལ་ལི་སྨི21-28བར། ངོ་གདོང་གི་རིང་ཚད་ལ་ལི་སྨི340-404བར་ཡོད། གཞན་ལུས་ཀྱི་ལྗིད་ཚད་ལ་སྤྱི་རྒྱ180-230བར་དང་། ཡུ་མོའི་ལྗིད་ཚད་ལ་སྤྱི་རྒྱ180བཅས་ཡོད། ཤྭ་སྐྱ་ནི་ལུས་བོངས་ཆེ་ཞིང་གཟི་བརྗིད་ལྡན་པའི་ཤྭ་རིགས་ཤིག་ཡིན།

རིགས་དབྱེ།  

ཁ་ཤྭ།

ཁ་ཤྭ་ཡི་ལུས་ཀྱི་བྱད་སྣའི་རིང་ཚད་ལ་ལི་སྨི95-140བར་ཡོད་ཅིང་། ལག་སྒྱིང་གི་མཐོ་ཚད་ལ་ལི་སྨི65-95བར་དང་། རྔ་མའི་རིང་ཚད་ལ་ལི་སྨི20-40བར། རྣ་བའི་རིང་ཚད་ལ་ལི་སྨི128-140བར། ངོ་གདོང་གི་རིང་ཚད་ལ་ལི་སྨི210-250བར་ཡོད་ལ། ལུས་ཀྱི་ལྗིད་ཚད་ལ་སྤྱི་རྒྱ20-40བར་ཡོད། ལུས་བོངས་ཆུང་ཞིང་སྟོབས་དང་ལྡན་པ། རྒྱབ་གཞོང་སྙོམས་ཤིང་སྐེ་དྲང་བ། རྭ་ཅོ་ལ་རྭ་ལག་གསུམ་ཡོད་ཅིང་དྲང་མོར་སྐྱེས་པ། དགུན་ཁར་སྤུ་མདོག་ཁམ་སྐྱ་དང་དབྱར་དུས་ཁམ་དམར་དུ་འགྱུར་འགྲོ། ཕོ་བ་སེར་པོ་ཡིན་ཞིང་། ཨོལ་བ་དཀར་པོ་དང་སྣ་བ་ནག་པོ་ཡིན། འཕོངས་ཚོས་དང་རྔ་ཞབས་དཀར་པོ་ཡིན་ལ། ཉེན་ཁ་དང་སྐྲག་སྣང་བྱུང་དུས་རྔ་མ་ཡར་འགྲེང་བ་ཡིན།

རིགས་དབྱེ།  

རྦད།

རྦད་ནི་ལུས་ཚད་ཆུང་བའི་རིགས་ཤིག་ཡིན།

རིགས་དབྱེ།  

གླ་སྐྱ།

གླ་སྐྱ་ནི་མཐོ་སྒང་གི་རི་དྭགས་རིགས་ཤིག་ཡིན། སྨི3000ཡན་ཟིན།

རིགས་དབྱེ།  

ར་སྤྲེལ།

ར་སྤྲེལ་གྱི་ལུས་ཀྱི་བྱད་སྣའི་རིང་ཚད་ལ་ལི་སྨི430-00བར་ཡོད་ཅིང་། རྔ་མའི་རིང་ཚད་ལ་ལི་སྨི150-320བར་དང་། རྐང་བའི་རིང་ཚད་ལ་ལི་སྨི140-167བར། ངོ་གདོང་གི་རིང་ཚད་ལ་ལི་སྨི95-122བར། ཕོའི་ལུས་ཀྱི་ལྗིད་ཚད་ལ་སྤྱི་རྒྱ7-10དང་མོའི་ལྗིད་ཚད་ལ་སྤྱི་རྒྱ 5-6བར་ཡོད། ལུས་ཚད་འབྲིང་རིམ་པ་དང་མདོག་ཁམ་པ། མགོ་དང་ཁོག་སྨད་རྔ་གཞུང་བཅས་དམར་སེར་ཡིན།

རིགས་དབྱེ།