ཡོངས་འཛིན་རིག་མཛོད། >རང་བྱུང་ཁམས། >སྲོག་ཆགས། >འདབ་ཆགས།

ཁྲ།

ཁྲ་ནི་བློ་རིག་རྒོད་ཅིང་གཏུམ་སྤྱོད་ཆེ་བའི་སྒྲོ་སྤུ་སྨུག་སྐྱའམ་སྨུག་ནག་ཡིན་འདབ་ཆགས་རིགས་ཤིག་ཡིན་ལ། རི་མགོ་དང་བྲག་ཁ་རུ་མཐོང་ཐུབ།

རིགས་དབྱེ།  

ཁྲུང་ཁྲུང་སྐེ་ནག

ཁྲུང་ཁྲུང་སྐེ་ནག་ལ་བོད་བྱ་ཁྲུང་ཁྲུང་དང་ལྷ་བྱ་ཁྲུང་ཁྲུང་ཟེར་ཞིང་། དམངས་ཁྲོད་དུ་གེ་སར་རྟ་རྫི་ཞེས་ཀྱང་འབོད་པ་ཡིན། མདོ་དབུས་མཐོ་སྒང་དང་སི་ཁྲོན་བྱང་རྒྱུད་ན་མ་གཏོགས་མེད།

རིགས་དབྱེ།  

འུག་པ།

འུག་པ་ནི་འདབ་ཆགས་ཀྱི་རིགས་ཤིག་ཡིན། འུག་པའི་ཁ་ཟས་གཙོ་བོ་བྱི་བའི་རིགས་ཡིན་ལ། ཞིང་ལས་དང་ཕྱུགས་ལས། ནགས་ལས་བཅས་ལ་ཕན། མི་ཉུང་སའི་ནགས་ཁྲོད་དུ་གནས་ཡོད་ལ་མཚན་མོར་འགུལ་སྤྱོད་བྱེད་པའི་རིགས་ཡིན། འཕུར་ཚད་ཅུང་དམའ་ཞིང་དལ་བ། སྒྲ་མེད་པ་ཞིག་ཡིན།

རིགས་དབྱེ།  

ཧོར་བ་དཀར་པོ།

ཧོར་བ་དཀར་པོ་ནི་རི་ཁུལ་གྱི་རྩྭ་ས་དང་སྤང་རྩྭའི་རྩྭ་ཐང་ནས་འཚོ་སྡོད་བྱས་ཡོད་པའི་འདབ་ཆགས་ཤིག་སྟེ། བར་སྣང་དུ་འཕུར་སྐབས་གཤོག་རྡེབ་བྱེད་པ་ཧ་ཅང་མགྱོགས་ཤིང་རི་དྭགས་རྔོན་སྐབས་བར་སྣང་ནས་མར་བཅུམ་ཚད་ཀྱང་ཤིན་ཏུ་མགྱོགས།

རིགས་དབྱེ།  

འོལ་བ།

བྱ་སྐད་རྣ་ལམ་དུ་ཟུག་འོང་ཞིང་ལུས་སྟོད་ཁམ་མདོག་དང་མགོ་ཡི་སྒྲོ་སྤུའི་སྤུ་མདོག་ནག་པོ་ཡིན་ལ། དེའི་སྟེང་ན་ཐིག་རིས་འཐེན་པ། བྱ་རྐང་དཀར་བོ་ཡིན་པ་དང་སྡེར་མོ་ནག་པོ་ཡིན་པའི་འདབ་ཆགས་ཤིག་ཡིན།

རིགས་དབྱེ།  

བྱ་རྒོད།

བྱ་རྒོད་ནི་ས་བབ་མཐོ་ས་ན་གནས་པའི་གཏན་སྡོད་རང་བཞིན་གྱི་འདབ་ཆགས་ཆེ་གྲས་ཤིག་ཡིན། འཕུར་ཡུན་རིང་ཞིང་འཕུར་ཚད་མཐོ་བ། འཛམ་གླིང་སྟེང་གི་འཕུར་ཚད་ཆེས་མཐོ་བའི་བྱ་རིགས་ཤིག་ཡིན། བེམ་རོ་ཟ་རྒྱུར་དགའ།

རིགས་དབྱེ།  

སེ་གོ་དིང་།

སེ་གོ་དིང་ནི་མཐོང་རྒྱ་ཆེ་སའི་ཐང་ཡངས་ན་ཁེར་འཕུར་བྱེད་པའི་འདབ་ཆགས་ཆེ་གྲས་ཤིག་ཡིན། སེ་གོ་དིང་གིས་ཤི་ཤ་ཟོས་ནས་ཁོར་ཡུག་གཙང་སྦྲ་བྱེད་པར་བྱེད་ནུས་གལ་ཆེན་འདོན་བཞིན་ཡོད།

རིགས་དབྱེ།  

བྱིའུ་ཁྲ།

བྱིའུ་ཁྲ་ནི་གླག་ཚན་གྱི་འདབ་ཆགས་ཆུང་ཤས་ཤིག་ཡིན། ལུས་ཡོངས་སྤུ་མདངས་སྐྱ་བོའི་སྟེང་སེར་ཐིག་ཡོད་པ། འཕུར་ན་མགྱོགས་ཤིང་མྱུར་བ། ལྷག་པར་ནགས་གསེང་ནས་འཕུར་ན་མྱུར་བ་ཞིག་ཡིན།

རིགས་དབྱེ།  

གོང་མོ།

གོང་མོ་ནི་འཛམ་གླིང་སྟེང་འཚོ་སྡོད་བྱེད་སའི་ས་གནས་མཐོ་ཚད་ཆེས་མཐོ་བའི་འདབ་ཆགས་ཀྱི་རིགས་ཤིག་ཡིན་ལ། གྲང་ངར་ཆེ་བ་དང་རྫ་མཐོ་ས་ན་གནས་ཡོད། བོད་ཁམས་ནས་གོང་མོ་ལ་ལྷ་བྱ་གོང་མོ་ཞེས་གནོད་པ་ཙམ་ཡང་མི་སྐྱེལ་བས་ན། གོང་མོའི་ཁྱབ་རྒྱ་ཆེ་ཞིང་གྲངས་ཀའང་ཤིན་ཏུ་མང་།

རིགས་དབྱེ།  

གླག

མདོ་དབུས་མཐོ་སྒང་སོགས་རྫ་མཐོ་ས་ནས་མ་གཏོགས་མཐོང་དཀའ་བའི་འདབ་ཆགས་ཤིག་སྟེ། གཤོག་པ་ཧ་ཅང་རིང་བས་ནམ་འཕང་སྟོད་སྐབས་གཤོག་སྣེ་གཉིས་བར་གྱི་རིང་ཚད་ལ་སྨི2ཡོད་པ་དང་། གཤོག་སྣེ་ནང་ལ་ཅུང་ཟད་བཀུག་ཡོད། ཁ་དོག་ཁམ་ནག་ཡིན་པའི་འདབ་ཆགས་རྩ་ཆེན་ཞིག་ཡིན།

རིགས་དབྱེ།  

ངང་བ།

ལུས་ཡོངས་ཀྱི་སྒྲོ་སྤུའི་མདོག་དཀར་བོ་ཡིན་ལ་མིག་ཟུང་ཇ་མདོག་དང་མཆུ་དམར་བོ་ཡིན་པའི་རི་སྐྱེས་འདབ་ཆགས་ཡག་ཤོས་ཤིག་ཡིན། བཟའ་ཚང་གཏན་འཁེལ་ཡིན་པའི་སྲོག་ཆགས་ཁྱད་མཚར་ཅན་ཞིག་ཀྱང་ཡིན།

རིགས་དབྱེ།  

ངུར་བ།

ལུས་ཡོངས་ཀྱི་སྒྲོ་མདོག་ཁམ་སེར་དང་སྐེ་མཇིང་དང་སྤྱི་གཙུག་སེར་སྐྱ་ཡིན་པའི་འདབ་ཆགས་ཤིག་སྟེ། མཚེའུ་དང་ཆུ་བོ་ཆེན་པོའི་འགྲམ་རྒྱུད་དུ་གནས་ཡོད། ལྷོ་བགྲོད་དམ་བྱང་བགྲོད་བྱེད་སྐབས་ནམ་མཁའ་ནས་ཕྲེང་ལྟར་བསྒྲིགས་ནས་འཕུར་བ་ཞིག་ཡིན།

རིགས་དབྱེ།  

དེ་ཕོ།

ཕོ་བྱའི་སྐེ་མཇིང་གི་སྒྲོ་སྤུའི་ཁ་དོག་སྨུག་ལྗང་ཡིན་པ་དང་། སྒྲོ་སྤུ་སྨུག་ལྗང་ཡིན་པའི་སྐེ་སྐོར་དུ་དཀར་ཐིག་གསལ་བོ་དཀྲི་གཅིག་ཡོད་པ། རྔ་སྒྲོ་ཧ་ཅང་རིང་། མོ་བྱའི་སྒྲོ་མདངས་དང་སྐྱེས་གཟུགས་ཕོ་བྱར་མི་དོ་བར་རག་རག་ཅིག་ཡིན་ལ། ས་ནས་རྒྱུགས་ན་ཧ་ཅང་མགྱོགས་པ་དང་ནམ་མཁའ་ནས་འཕུར་ན་འཕུར་ཡུན་མི་རིང་བའི་འདབ་ཆགས་ཤིག་ཡིན།

རིགས་དབྱེ།  

ནེ་ཙོ།

ནེ་ཙོ་ནི་སྒྲོ་མདོག་འོད་སྣང་འཚེར་བའི་སྒྲོ་ལྗང་གིས་ཁེབས་པ་དང་རྔ་སྒྲོ་ཕྲ་ཞིང་རིང་བ། སྦྱོང་བརྡར་བྱས་རྗེས་མིའི་སྐད་ཆ་ལད་མོ་བྱེད་ཤེས་པའི་བྱ་ཞིག་ཡིན། མི་རྣམས་ཀྱིས་གསོ་སྐྱོང་བྱེད་རྒྱུར་ཧ་ཅང་དགའ།

རིགས་དབྱེ།  

པུ་ཤུད།

པུ་ཤུད་ནི་མགོ་དམར་སེར་དང་མགོ་ན་དམར་སེར་ནག་ཁྲའི་ཟེ་སྒྲོ་ཡོད་པ། གཤོག་ཟུང་སྒྲོ་སྤུ་ནག་པོའི་སྟེང་ལ་དཀར་ཐིག་གམ་སེར་ཐིག་ཡོད་ལ། མཆུ་ཕྲ་ཞིང་རིང་བ། རང་ཉིད་སྲུང་སྐྱོབ་བྱེད་པར་དྲི་ངན་གཏོང་བའི་བྱ་ཞིག་ཡིན།

རིགས་དབྱེ།  

བྱ་ཝང་།

བྱ་ཝང་ནི་རང་རྒྱལ་མདོ་དབུས་མཐོ་སྒང་ན་མ་གཏོགས་མེད་པའི་འདབ་ཆགས་རྩ་ཆེན་གྱི་རིགས་ཤིག་ཡིན། སྒྲོ་མདོག་སྨུག་སྐྱ། མཆུ་ཏོ་དང་སྡེར་མོའི་མདོག་ནི་དམར་བོ་ཡིན། སྒྲོ་མདོག་དཀར་པོ་ཡིན་པའི་བྱ་ཝང་ཡང་ཡོད། ས་ཆ་སོ་སོ་ན་ཡོད་པའི་བྱ་ཝང་གི་ཁ་དོག་ཅུང་མི་འདྲ།

རིགས་དབྱེ།  

བྱ་རོག

བྱ་རོག་ནི་འཛམ་གླིང་གི་རྒྱལ་ཁབ་དང་ས་ཆ་མང་ཤོས་སུ་ཡོད་པའི་འདབ་ཆགས་ཤིག་སྟེ། ལུས་ཧྲིལ་བོ་ནག་པོ་ཡིན།

རིགས་དབྱེ།  

རྨ་བྱ།

རྨ་བྱ་ནི་མཛེས་ཤིང་ལྟ་ན་སྡུག་པའི་འདབ་ཆགས་ཀྱི་རིགས་ཤིག་ཡིན། དེ་ཕོའི་ཚན་ལས་སྒྲོ་སྤུ་ཆེས་མཛེས་བ་ཞིག་ཡིན། རྨ་བྱའི་སྒྲོ་ཡིས་མཛེས་རྒྱན་བྱས་ཆོག ས་ཆ་སོ་སོར་རིགས་མི་འདྲ་བ་དང་ཁ་དོག་མི་འདྲ་བ་སོགས་ཡོད།

རིགས་དབྱེ།  

སོ་བྱ།

སོ་བྱ་ནི་ཆུར་རྐྱལ་རྒྱུ་དང་ཉ་འཛིན་རྒྱུར་མཁས་པ་ཞིག་སྟེ། རང་རྒྱལ་གྱི་ལྷོ་ཁུལ་ས་ཆ་མང་པོ་ཞིག་ནས་སོ་བྱ་གསོས་ཏེ་སྦྱོང་བརྡར་བྱས་རྗེས་ཉ་འཛིན་གྱི་ཡོད།

རིགས་དབྱེ།  

སྲིན་བྱ།

སྲིན་བྱ་ནི་འུག་པའི་སྡེ་ཁྲོད་ཀྱི་བྱ་རིགས་ཤིག་སྟེ། མགོའི་གཡས་གཡོན་ན་རྣ་གཤོག་དང་མཚུངས་པའི་སྒྲོ་སྤུ་ཚོམ་བུ་རིང་བོ་རེ་སྐྱེས་པ། ལུས་སྤུ་མདོག ཁམ་སེར་ཡིན་ལ། ཁམ་སེར་གྱི་ནང་དུ་དཀར་བོ་དང་ནག་པོ། ཁམ་མདོག་ཡིན་པའི་ཁྲ་ཐིག་བབས་ཡོད། སྡེར་མོ་ཆེ་ཞིང་ལྕགས་ཀྱུ་བཞིན་དུ་ནང་ལ་བཀུག་ཡོད།

རིགས་དབྱེ།  

བྱ་ཆི་གོ

བྱ་ཆི་གོ་ལ་རྒྱ་མཚོའི་གྲུ་གཟིངས་སུ་འབོད་ལ། གནའ་བོའི་ཆུ་རྐྱལ་སྲོག་ཆགས་ཤིག་ཡིན། འཛམ་གླིང་སྟེང་ད་ཡོད་བྱ་ཆི་གོ་ལ་རིགས18ཡོད། བྱ་ཆི་གོ་ནི་འཕུར་རྩལ་མེད་པ་དང་ཆུ་ལ་རྐྱལ་བ་དང་འཛུལ་བའི་མཚོ་བྱ་ཞིག་ཡིན། བྱ་ཆི་གོ་གཙོ་བོར་ལྷོ་སྣེ་གླིང་དང་། དེ་མིན་ཧྥེ་གླིང་དང་མེ་གླིང་གི་ལྷོ་འདབས་ཀྱི་རྒྱ་མཚོའི་འགྲམ་རྒྱུད་དུ་འཚོ་ཞིང་གནས་ཡོད།

རིགས་དབྱེ།  

བྱ་རྔ་མོང་།

བྱ་དེ་བྱ་རྔ་མོང་ཚན་གྱི་བྱ་རྔ་མོང་སྐོར་ལས་རིགས་གཅིག་པུ་ཉིད་ཡིན་པ་དང་།ཧྥེ་གླིང་གི་མྱ་ངམ་ཐང་དུ་འཚོ་ཞིང་ད་ཡོད་འདབ་ཆགས་རིགས་ཀྱི་ལུས་བོངས་ཆེ་ཤོས་ཀྱི་བྱ་ཡིན་ལ། སྐེ་རིང་ཞིང་སྟེང་དུ་སྤུ་མེད། སུག་པ་གཉིས་ཧ་ཅང་རིང་།

རིགས་དབྱེ།  

མཆིལ་པ།

མཆིལ་པ་ནི་མིའི་རིགས་ལ་འགྲོགས་ནས་འཚོ་བའི་བྱིའུ་ཞིག་ཡིན་པ་དང་། རྟག་པར་མི་ཁྱིམ་གྱི་ཉེ་འཁོར་ཏུ་འཚོ་ཞིང་གནས་ཏེ་ཉིན་མོར་ག་ས་གང་དུ་རྒུམ་བུ་འཚོལ་དུ་རྒྱུག་གི་ཡོད།

རིགས་དབྱེ།  

ཁུག་རྟ།

བྱ་ཁུག་རྟ་ནི་བྱིའུ་སྡེ་ཁུག་རྟའི་ཚན་གྱི་རིགས74ཡོད་པའི་བྱ་རིགས་དེའི་སྤྱི་མིང་ཡིན། གཟུགས་དབྱིབས་ཆུང་ལ་གཤོག་ཟུང་ཕྲ་ཞིང་རིང་བ། རྔ་མ་ནི་འཚེམ་གྲིའི་དབྱིབས་སུ་ཡོད་པ། ནམ་མཁའ་ནས་འབུ་སྲིན་བཟུང་སྟེ་ཟ་བ་ཡིན། བྱིའུ་སྡེ་ཁྲོད་ཀྱི་ཆེས་ལྡེམ་མྱུར་ཆེ་བ་དེ་ཡིན།

རིགས་དབྱེ།  

ཁུ་བྱུག

དུས་རྒྱུན་མགོ་བྱང་ཕྱོགས་སུ་འཁོར་ནས་གྲག་པའི་བྱ་ཞིག་ཡིན་ལ། ཟླ6-7པའི་ནང་ཉིན་མཚན་མེད་པར་གྲག བྱ་ཁུ་བྱུག་ཉིད་ཚ་ཁུལ་དང་དྲོད་ཁུལ་ས་ཆར་འཚོ་སྡོད་བྱས་ཡོད། སྔོ་ཁེབས་པ་དང་ནགས་ཚལ་སྟུག་སར་འཚོ་གནས་བྱས་པས་དུས་རྒྱུན་བྱ་སྐད་གྲག་པ་ཐོས་པ་ལས་བྱ་ཉིད་མཐོང་རྒྱུ་དཀོན།

རིགས་དབྱེ།  

ཁྭ་ཏ།

ཁྭ་ཏ་ནི་བྱ་རོག་གི་ཁོངས་གཏོགས་ཀྱི་བྱིའུ་སྤྱིའི་མིང་ཡིན་ལ། བྱ་སྡེ་བྱ་རོག་གི་ཚན་ཡིན། ཡུལ་གྲོང་མང་པོ་ནས་ཆེས་རྒྱུན་མཐོང་གི་བྱ་ཞིག་ཡིན། ལུས་ཡོངས་ཀྱི་སྤུ་མདོག་ནག་པོ་ནག་རྐྱང་ཡིན། མཆུ་དང་སུག་སྡེར་སོགས་ཀྱང་ནག་པོ་ཡིན། སྐད་སྒྲ་ཡིས་མི་རྣམས་ལ་སུན་སྣང་སྟེར་བས་མི་རྣམས་བྱ་འདིར་དེ་འདྲའི་དགའ་བོ་མེད།

རིགས་དབྱེ།  

ཁྱིམ་བྱ།

ཁྱིམ་བྱ་ནི་ཆེས་ཡོངས་ཁྱབ་ཀྱི་མིའི་རིགས་ཀྱིས་གསོ་བའི་གསོ་བྱ་ཡིན། ཁྱིམ་བྱ་དེ་རི་སྐྱེས་གདོད་མའི་བྱ་དེ་འདུལ་གསོ་བྱས་པ་ཡིན། དེ་རང་འདུལ་གསོ་བྱས་པའི་ལོ་རྒྱུས་ནི་ལོ4000ལྷག་ཡོད། ཡིན་ཡང་སྤྱི་ལོ1800ལོའི་སྔ་གཞུག་ཏུ་ད་གཟོད་བྱ་ཤ་དང་བྱ་སྒོང་ཉིད་མང་པོ་ཐོན་སྐྱེད་བྱེད་པའི་ཚོང་རྫས་སུ་གྱུར། ལོ་རིས་བཅུ་གཉིས་ཀྱི་གྲས་ཡིན།

རིགས་དབྱེ།  

ཅོ་ཀ

ཅོ་ཀ་ནི་འཇོལ་མོའི་ནང་ཚན་ཅོ་ཀའི་ཁོངས་ཀྱི་བྱ་རིགས་ཡིན། རིགས་ཕལ་བ12ཡོད། ལུས་ཀྱི་རིང་ཚད་ལ་ཧ་ལམ་ལི་སྨི16ཡོད། ཆེ་ཆུང་མཆིལ་བ་ལས་ཆེ་ཙམ་ཡིན་ཞིང་ཐང་དུ་གནས་པའི་དཀར་རྒྱ་ནག་ཐིག་ཅན། མགོ་ལ་སྤུ་གཙུག་ཆུང་ཆུང་ཡོད་ཅིང་ལུས་སྟོད་ཀྱི་སྤུའམ་སག་སྒྲོ་ཕལ་ཆེ་བ་སྐྱ་བོ་ཡིན་ཞིང་དེ་ལ་ཁམ་སེར་མདོག་གི་ཐིག་ཡོད།

རིགས་དབྱེ།  

ནས་ཟན།

ནས་ཟན་ཞེས་པའི་བྱེའུ་དེ་མགོ་མ་གཏོགས་ཆེ་ཆུང་དང་དབྱིབས་སྤུ་མདོག་སོགས་མཆིལ་པ་དང་མཚུངས་ཤིང་། རྒྱུན་དུ་མི་ཁྱིམ་ནང་དང་རྩྭའི་ནང་ནས་འབྲུ་རིགས་དང་སྲན་འབུ་ཆུང་བའི་རིགས་ཟ་བ་རེད།

རིགས་དབྱེ།  

ཕུག་རོན།

ཕུག་རོན་ནི་རྒྱུན་མཐོང་གི་བྱ་ཞིག་ཡིན། འཛམ་གླིང་ཡོངས་ནས་རྒྱ་ཆེར་གསོ་སྤེལ་བྱས་ཡོད། ཕུག་རོན་ནི་ཕུག་རོན་སྡེ་ཕུག་རོན་ཚན་གྱི་བྱ་རིགས་བརྒྱ་ཕྲག་དུ་མའི་སྤྱི་མིང་ཡིན། ཕུག་རོན་གྱིས་ཞི་བདེ་མཚོན་ཡོད།

རིགས་དབྱེ།