དྲེལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དྲེལ།
དྲེལ་ནི་རྒོད་མ་དང་བོང་གསེབ་གཉིས་འབྲེལ་སྦྱོར་བྱས་པ་ལས་བྱུང་བའི་ཕྱུགས་རིགས་ཤིག་ཡིན་ཞིང་། སྤྱིའི་དབྱིབས་དང་གཟུགས་སོགས་རི་དྭགས་རྐྱང་དང་ཧ་ལམ་མཚུངས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
骡子
ལ་ཏིང་གི་སྐད།
Equus ferus x asinus
མིང་གཞན།
དྲེའུ། ཛ་མུ་ར། རྨིག་ཆུང་དྲེལ།
ཁམས།
སྲོག་ཆགས་ཁམས།
སྒོ
སྒལ་ཐག་སྲོག་ཆགས་སྒོ།
སྐོར།
འོ་འཐུང་སྐོར།
སྡེ།
རྨིག་ཟླུམ་སྡེ།
ཚན།
རྟ་ཚན།
ཁོངས།
རྟ་ཁོངས།
རིགས།
དྲེལ།
ཁྱབ་ཡུལ།
བོད་ལྗོངས་དང་མཚོ་སྔོན། ཀན་སུའུ་སོགས།
1 གཟུགས་གཞིའི་ཁྱད་ཆོས།

དྲེལ་ནི་རྒོད་མ་དང་བོང་གསེབ་གཉིས་འབྲེལ་སྦྱོར་བྱས་པ་ལས་བྱུང་བའི་ཕྱུགས་རིགས་ཤིག་ཡིན་ཞིང་། སྤྱིའི་དབྱིབས་དང་གཟུགས་སོགས་རི་དྭགས་རྐྱང་དང་ཧ་ལམ་མཚུངས་ཀྱང་དེ་ལས་ཆེ་བ་དང་ཆུང་བའམང་ཡོད་ལ་ཆུང་བའི་རྨིག་པ་རྟའི་རྨིག་པ་ལས་ཆུང་། སྤུ་མདོག་གིས་དབྱེ་ན།  དྲེའུ་མཚལ་དམར་ཞེས་སྤུ་མདོག་དམར་སེར་ཅན་དང་། དྲེའུ་རྒྱ་མོ་སྟེ་སྤུ་མདོག་ནག་ལ་ཁ་མིག་གཉིས་ཀྱི་མཐའ་དཀར་པོ་བྱས་པ་ལ་ཟེར། གཞན་ཡང་དྲེའུ་ལོ་ལོག་ཅེས་པ་མས་རྐང་རིང་ལ་གཟུགས་བོངས་ཆུང་ཞིང་ཧ་ལམ་བོང་གཟུགས་ཙམ་པ་བཅས་དྲེའུ་ཚང་མ་རྣ་བ་ཆེ་ལ་དྲང་བ་རྔ་མ་ནག་པོ་རྟའི་རྔ་མ་ལས་ཐུང་ལ་ཉུང་བ་ཡོད། རྒྱུན་དུ་མི་ཡིས་རྩྭ་ཟན་དང་འབྲུ་རིགས་སོགས་ཀྱིས་གསོ་སྐྱོང་བྱེད། གནའ་དུས་བོད་ལ་སོགས་པའི་ཡུལ་མི་ཉུང་བའི་ས་ཁུལ་དུ་གོང་དུ་བརྗོད་ཟིན་པའི་རྟ་དང་འདྲ་བར་མི་དང་དངོས་པོ་རྣམས་དབོར་འདྲེན་བྱེད་པའི་ནུས་ཤུགས་གཙོ་གྲས་ཡིན་པ་མ་ཟད། ད་ལྟ་ཡང་བོད་ལྗོངས་དང་མཚོ་སྔོན་ཀན་སུའུ་སོགས་ཞིང་ཁུལ་འགའ་ཞིག་ཏུ་སྔར་བཞིན་དགོས་མཁོ་ཆེ་བ་དང་རིན་གོང་ཡང་མཐོ།

2 འཚོ་བའི་གོམས་གཤིས།

དྲེལ་གྱི་ཚེ་ཚད་ནི་ལོ35ཡས་མས་ཡིན། གཟན་ཆས་བཟང་པོའི་གསོ་སྐྱོང་བྱས་ཚེ་ཚེ་ཚད་ལོ50ལྷག་ཡིན། དྲེལ་གྱི་གཤིས་ཀ་བོང་བུ་ལས་ཀྱོང་པོ་ཡིན་ལ་རྟ་ལས་གཡུང་། དྲེལ་ཕྲུག་ལ་ཀུན་དང་མཐུན་པའི་རང་བཞིན་ལྡན་ལ་ལྷག་པར་ཁྱུ་ཚོགས་ཀྱི་རང་བཞིན་ཆེན་པོ་ལྡན་པས་མཚན་མོའི་དུས་དུས་རྒྱུན་རྟ་ཁྱུའི་ཁྲོད་འཚོ་སྡོད་བྱེད་པ་ཡིན།

3 སྨན་རྒྱུ་ལས་སྣོན།

སྨན་ལ་རྒྱུངས་པ་དགོས་ཤིང་མ་རུལ་བར་གཙང་མར་སྐམ་སྟེ་གསར་པ་སྤྱོད་རྒྱུ།

4 རོ་ནུས།

རྒྱུངས་པ་རོ་མངར་བ་དང་། ཞུ་རྗེས་མངར་བ། ནུས་པ་བསིལ་བའོ།།

5 རྐྱང་པའི་ཕན་ཡོན།  

རྒྱུངས་པས་སྐྱེ་རྒྱུན་གཅོད་པར་བྱེད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-12

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།