བ་གླང་། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

བ་གླང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(སྲོག་ཆགས་ཁམས།)

བ་གླང་།
བ་གླང་ནི་ཀྲུང་གོའི་སྔར་ཡོད་ཀྱི་སྤྱིར་བཏང་གི་གླང་གི་གྲས་ཡིན། རྭ་ཅོ་ཐུང་ལ་སྤུ་ཡང་ཐུང་། སྤུ་མདོག་ནི་ཁམ་སེར་དང་ནག་པོ། ཁྲ་ཁྲ་སོགས་ཡོད། རྨོ་ཞིང་བྱེད་པའམ་འཁོར་ལོ་འདྲུད་པ། ཤ་ལ་མཁོ་སྤྲོད་བྱས་ཚེ་པགས་ཀོ་བཟོ་ཆོག རང་རྒྱལ་ནས་གསོ་སྤེལ་བྱེད་པ་ཆེས་མང་པའི་སྒོ་ཕྱུགས་ཆེ་གྲས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
黄牛
མིང་གཞན།
འདོད་འཇོ་མ། འོ་འཕེལ། འོ་མ་འཆིང་། འབབ་བྱེད། ཞོ་སྲུང་བྱེད། བཞོན་མ། གྲུས་མ། བ་མོ།
ཁམས།
སྲོག་ཆགས་ཁམས།
སྒོ
སྒལ་ཐག་སྲོག་ཆགས་སྒོ།
སྐོར།
འོ་འཐོང་སྐོར།
སྡེ།
རྨིག་པ་ཁ་དབྲག་སྡེ།
ཚན།
བ་གླང་ཚན།
ཁོངས།
བ་གླང་ཁོངས།
རིགས།
བ་གླང་།
ཁྱབ་ཡུལ།
ཧོ་ནན། ཧོ་པེ། ཧྲན་ཞི། ཧྲན་ཏུང་། ཀྲེ་ཅང་། ཤིན་ཅང་།
1 གཟུགས་གཞིའི་ཁྱད་ཆོས།

ཞིང་ཁུལ་དང་ཁ་སྨད་དུ་འཚམས་པའི་འོའཐུང་རྩྭ་གཟན་ཁྱིམ་ཕྱུགས་ཀྱི་གྲས་ཡིན།  སྤུ་མདོག་ཅི་རིགས་ལ་ངེས་པ་མ་མཆིས་ཤིང་། མདུན་སོ་མེད་པ། རྭ་གཉིས་ཅུང་ཐུང་བ། རྐང་ལག་བཞིའི་རྨིག་པ་ཁ་དབྲག་ཡིན་པ། རྔ་མ་ཕྲ་བ་བཅས་ཡིན་པའོ།།

2 དཔལ་འབྱོར་གྱི་རིན་ཐང་།

ཀྲུང་གོའི་སྔར་ཡོད་ཀྱི་སྤྱིར་བཏང་གི་གླང་གྲས་ཡིན་ལ། རང་རྒྱལ་གྱི་སྒོ་ཕྱུགས་ཆེ་གྲས་གསོ་སྤེལ་བྱེད་པ་ཆེས་མང་པའི་རིགས་ཡིན། རྒྱལ་ཡོངས་ནས་གསོ་སྤེལ་བྱེད་བཞིན་ཡོད། ཞིང་ལས་ས་ཁུལ་ནས་བཞོན་མ་དང་ཞིང་རྨོ་སྐྱེད་བྱེད་པ་ཡིན་ལ། འབྲོག་ཁུལ་ནས་འོ་མ་དང་ཤ་མཁོ་སྤྲོད་བྱེད་ཀྱི་ཡོད།

3 སྨན་རྒྱུ་ལས་སྣོན།

སྨན་དུ་ཤ་དང་ཁྲག མཚེར་བ། མཁལ་མ།  སྤུ་དང་འོ་མ།  མཁྲིས་པ་བཅས་དགོས། ཤ་ཁྲག་མཚེར་བ། མཁལ་མ་དང་མཁྲིས་པ་བསིལ་སར་མ་རུལ་བར་སྐམ་ནས་སྤྱོད་དགོས། རྨོངས་སྤུ་གཞོབ་བསྲེགས་བཏང་ནས་སྤྱོད་དགོས། འོ་མ་ནི་ལྷོག་ཙམ་བསྐོལ་ནས་སྐབས་ཕྲལ་སྤྱོད་རྒྱུ། 

4 རོ་ནུས།

ཤ་ཁྲག་དང་། མཚེར་བ། མཁལ་མ། མཁྲིས་པ་བཅས་ཀྱི་རོ་མངར་བ་དང་ཞུ་རྗེས་མངར་བ། ནུས་པ་བསིལ་བ། འོ་མ་རོ་མངར། ནུས་པ་ཚ་བའོ།། 

5 རྐྱང་པའི་ཕན་ཡོན།

1.ཤ་ཡིས་མཁྲིས་ཚད་སེལ། 2.གླང་ཁྲག་དང་བ་སེལ་པོའི་ཁྲག་གིས་དུག་བྱེར་བ་སྡུད། ཁྱད་པར་གླིང་ཐུག་དམར་པོའི་གསོན་ཁྲག་གིས་དུག་ནད་རྩིའི་འབྲོས་འཕྲང་སྡོམ།  3.མཚེར་བས་དུག་གི་ནད་དང་མིག་ལ་ཕན། 4.མཁལ་མས་མཁལ་ཚལ་སེལ།  5.གླང་ནག་པོའི་མཁྲིས་པས་སྦྱར་དུག་མིག་ལ་ཕོག་པར་ཕན། བ་སེར་པོའི་མཁྲིས་པས་སྨྱོ་བྱེད་ཀྱི་ནད་ལ་ཕན།   6.གླང་ནད་རྨོངས་ཁའི་སྤུ་རྨ་ལ་བཀབ་པས་རྨ་སོས། 7.འོ་མའི་ལུས་འཚོ། བཅུད་ལེན།  སྟོབས་དང་དཔལ་ཉམས་རྒྱས། ནུ་ཞོ་བསྐྱེད། གློ་རྡོལ་དང་གློ་གཅོང་ལ་ཕན།  ཁྲག་མཁྲིས་དང་། རིམས་རྙིང་། གཅིན་སྙི།  དབུགས་མི་བདེ་བ། ལུད་པ། བཀྲེས་སྐོམ་མགོ་འཁོར།  མྱོས་འཐིབ་ལ་སོགས་སེལ། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-02-09

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།