མཛོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཛོ།
མཛོ་ནི་གླང་དང་འབྲི་གཉིས་སྦྱོར་བ་བྱས་པ་ལས་བྱུང་བའི་ཕྱུགས་རིགས་སྟོབས་ཆེན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
犏牛
ཁམས།
སྲོག་ཆགས་ཁམས།
སྒོ།
སྒལ་ཐག་སྲོག་ཆགས་སྒོ།
སྐོར།
འོ་འཐུང་གི་སྐོར།
སྡེ།
རྨིག་པ་ཁ་དབྲག་སྡེ།
ཚན།
གླང་ཚན།
ཁོངས།
གླང་ཁོངས།
རིགས།
མཛོ།
ཁྱབ་ཡུལ།
མདོ་དབུས་མཐོ་སྒང་།
1 ​ངོ་སྤྲོད།

མཛོ་ནི་གླང་དང་འབྲི་གཉིས་སྦྱོར་བ་ལས་བྱུང་བའི་ཕྱུགས་རིགས་སྟོབས་ཆེན་ཞིག་ཡིན། དེའང་ཕོ་མཛོ་དང་། མོ་ལ་མཛོ་མོ་ཞེས་བརྗོད་ཅིང་། མཛོ་མོ་དང་གླང་སྦྱོར་བ་ལས་སྐོམ་སྟེ་རྟོལ་ཟེར་བ་དེ་བྱུང་བ་ཡིན། མཛོ་ཡི་གཟུགས་སྟོབས་ཧ་ཅང་ཆེ་ཞིང་རྭ་སྦོམ་ལ་དཀར་ནག་གཉིས་ཡོད། སྤུ་མདོག་ནག་པོ་དང་དཀར་པོ་ཡིན་པ་དང་། རྔ་མ་གཡག་གི་རྔ་མ་འདྲ་ལ་དེ་ལས་རིང་ཞིང་མཛོ་དཀར་པོའི་རྔ་མ་དཀར་པོ་ཡིན། རེ་འགའ་རྔ་མ་ནག་པོ་ཡིན་ཡང་ནང་དཀྱིལ་དཀར་པོ་བྱས་པའང་ཡོད། མཛོ་ནི་གཙོ་བོ་ཞིང་ལས་ཐོན་སྐྱེད་དང་འཚོ་བར་མཁོ་གནད་ཆེ་བའི་ཕྱུགས་རིགས་ཤིག་ཡིན་པར་བརྟེན། དབྱར་དུས་རི་དང་འབྲོག་སར་འབྲི་གཡག་དང་མཉམ་དུ་མིས་འཚོ་ཉར་བྱེད་པ་རེད། དགུན་དུས་ཁྱིམ་དུ་ཉར་ནས་རྩྭ་རིགས་དང་འབྲུ་རིགས་སོགས་ཀྱིས་གསོས་ཏེ། སྟོན་དཔྱིད་གཉིས་ལ་ས་ཞིང་རྨོ་བྱེད་ཀྱི་ནུས་ཤུགས་གཙོ་བོ་ཡིན་པས་ཕྱུགས་རིགས་གཞན་ལས་རིན་ཐང་ཆེ་བ་ཡོད།

2 སྨན་རྒྱུ་ལས་སྣོན།

སྨན་ལ་རྭ་དང་། རྒྱུངས་པ་སྟེ་སྒལ་ཚིགས་ཀྱི་སྦུབས་སུ་གནས་པའི་སྒལ་ཀླད་ཀྱང་ཟེར་བ་དེ་གཉིས་དགོས་ཤིང་། རྭ་ནི་རིགས་གཞན་ལྟར་རྩི་ཧྲོག་བསྲེགས་ནས་སྤྱོད་རྒྱུ། རྒྱུངས་པ་མ་རུལ་བར་བསིལ་སྐམ་བྱས་ནས་སྤྱོད་རྒྱུ།།

3 རོ་ནུས་ཞུ་རྗེས།

རྭ་རོ་ལན་ཚྭ་བ་དང་། ཞུ་རྗེས་མངར་བ། ནུས་པ་དྲོ་ལ་རྣོ་བ། རྒྱུངས་པ་རོ་མངར་བ་དང་། ཞུ་རྗེས་མངར་བ། ནུས་པ་སྙོམས་པའོ།།

4 རྐྱང་པའི་ཕན་ཡོན། 

(1) རྭ་ཡིས་ཟས་དུག་སེལ་བ་དང་། (2) རྒྱུངས་པས་སྐྱེ་རྒྱུན་གཅོད་པར་བྱེད།།



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-20

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།