ཕག ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ཕག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(སྲོག་ཆགས་ཤིག)

ཕག
ཕག་ནི་ཕག་རྒོད་མིས་འདུལ་གསོ་བྱས་པ་ཡིན་ལ། དེའི་གཟུགས་གཞིའི་ཆེ་ཆུང་ལ་ངེས་པ་མེད། རོང་ཁུལ་གྱི་སྒོ་ཕྱུགས་ཀྱི་ཁོངས་སུ་གཏོགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
ཕྱི་ཡིགགི་མིང་།
pig
ཁམས།
སྲོག་ཆགས་ཁམས།
སྒོ།
སྒལ་ཐག་སྲོག་ཆགས་སྒོ།
སྐོར།
འོ་འཐུང་གི་སྐོར།
སྡེ།
རྨིག་པ་ཁ་དབྲག་སྡེ།
ཚན།
ཕག་ཚན།
ཁོངས།
ཕག་ཁོངས།
རིགས།
ཕག
ཁྱབ་ཡུལ།
ལྷོ་སྣེ་གླིང་མ་ཐེ་བའི་འཛམ་གླིང་གི་ཡུལ་གྲུ་སོ་སོར་ཁྱབ་ཡོད།
1 ངོ་སྤྲོད།

ཕག་ནི་ཕག་རྒོད་མིས་འདུལ་གསོ་བྱས་པ་ཡིན་ལ། རོང་ཁུལ་གྱི་སྒོ་ཕྱུགས་ཀྱི་ཁོངས་སུ་གཏོགས། དེའི་གཟུགས་གཞིའི་ཆེ་ཆུང་ལ་ངེས་པ་མེད། ཁ་དོག་གིས་དབྱེ་ན་དཀར་པོ་དང་། ནག་པོ། ཁྲ་བོ་སོགས་ཡོད། མདོག་གང་ཡིན་ཡང་སྤུ་རྩུབ་ལ་རིང་བ་དང་། སྣ་དབྱིབས་འཁོར་ལོ་འདྲ་བས་ས་སློག་པ་སོགས་བྱ་བ་ཚང་མ་སྣས་བྱེད་ཅིང་ཤུགས་ཀྱང་ཆེན་པོ་ཡོད། རྣ་བ་གཉིས་ཆེ་ཞིང་གཉའ་སྟེང་དུ་ཕག་ཟེ་ཞེས་པ་སྤུ་ཤིན་ཏུ་གྱོང་ལ་རྩུབ་པ་གྱེན་དུ་ལངས་ཏེ་སྐྱེ་བ་དང་མཇུག་མ་ཐུང་ལ་སྐད་འབྲི་ལྟར་གྲགས།

2 སྨན་རྒྱུ་ལས་སྣོན།

སྨན་ལ་ཤ་དང་། ཁྲག ཚིལ་བུ། རྐང་མར། མཁྲིས་པ། ཐོད་རུས། བྲུན་སོགས་དགོས་ཤིང་། གོང་གསལ་ཤ་ཁྲག་སོགས་སྨན་སྣ་དགུ་ཡོད་པ་ལས་ཕག་བྲུན་མ་གཏོགས་གཞན་རྣམས་ལ་ལས་སྣོན་དམིགས་བསལ་མེད་ཀྱང་། བསིལ་སར་སྐམ་ནས་ཧམ་རུལ་ངུ་སོང་བ་དང་རྙིང་པའི་རིགས་སྤྱོད་མི་རུང་། ཕག་བྲུན་དབྱར་དུས་ལོ་མ་དང་མེ་ཏོག་སོགས་རྩི་ཤིང་རིགས་ཟ་བ་དང་། སྟོན་མཚམས་སུ་རྩི་ཤིང་གི་འབྲས་བུའི་རིགས་ཟ་བའི་བྲུན་བཟང་བ་དེ་ནུས་བསྲེགས་བཏང་ནས་སྤྱོད་དགོས།

3 རོ་ནུས་ཞུ་རྗེས།

ཤ་སོགས་སྨན་རིགས་བརྒྱད་རོ་མངར་བ་དང་། ཞུ་རྗེས་མངར་བ། ནུས་པ་བསིལ་ལ་ཡང་བ། ཕག་བྲུན་རོ་ཚ་བ་དང་། ཞུ་རྗེས་ཁ་བ། ནུས་པ་དྲོ་ལ་རྣོ་བའོ། །

4 རྐྱང་པའི་ཕན་ཡོན།

(1)ཤ་ཡིས་བད་ཀན་སྨུག་པོའི་ནད་སེལ། (2)ཁྲག་གིས་དུག་ནད་དང་། འདུས་པ་སྨུག་པོའི་ནད་བྱེར་བ་བསྡུ་བར་བྱེད། (3)ཚིལ་བུར་དུག་ནད་བྱེར་བ་དང་།རུས་ཚིགས་སོགས་ལ་ཆུ་སེར་འཁོར་བ། གླང་ཤུ་དང་པགས་ནད་ཟ་འཕྲུག་སོགས་ལ་ཕན། (4)རྐང་མར་གྱི་སྐྲ་དང་སྨིན་མ་བྱི་བ་སོགས་ལ་ཕན། (5)ལྕེ་ཡིས་རུས་འཛེར་དང་། རུས་འབྲས་ལ་ཕན། (6)ཕག་ཐོད་ཀྱིས་དམུ་ཆུའི་ནད་སེལ། (7)ཕག་རུས་ཀྱིས་སྨུག་པོའི་ནད་སེལ། (8)མཁྲིས་པ་རྨ་དགུ་དང་ཚད་པ་སེལ་ཞིང་མིག་ལ་ཕན། (9)བྲུན་གྱི་མ་ཞུ་བ་འཇུ་ཞིང་མཁྲིས་སྐྲན་སེལ་བ་དང་། གཉན་རིམས་དང་གྲང་མཁྲིས་སོགས་ཀྱང་འཇོམས་པར་བྱེད་དོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-10-21

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།