ཁྱི། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ཁྱི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(སྲོག་ཆགས།)

ཁྱི།
ཁྱི་ནི་སྒོ་ཕྱུགས་སུ་བཏུལ་ནས་གསོ་སྔ་ཤོས་ཀྱི་སྲོག་ཆགས་ཡིན་པ་དང་། དེ་འོ་འཐུང་སྲོག་ཆགས་ཀྱི་དངོས་གཞིའི་རིགས་ཀྱི་ཤ་གཟན་སྡེ་རུ་གཏོགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
ལ་ཏིང་གི་སྐད།
Canis lupus familiaris
ཕྱི་ཡིག་གི་མིང་།
dog
ཁམས།
སྲོག་ཆགས་ཁམས།
སྒོ།
སྒལ་ཐག་སྲོག་ཆགས་སྒོ།
སྐོར།
འོ་འཐུང་སྐོར།
སྡེ།
ཤ་གཟན་སྡེ།
ཚན།
ཁྱི་ཚན།
རིགས།
སྤྱང་ཀི་རིགས།
ཁྱབ་ཡུལ།
ལྷོ་སྣེ་གླིང་མ་ཐེ་བའི་འཛམ་གླིང་གི་ཡུལ་གྲུ་སོ་སོར་ཁྱབ་ཡོད།
1 ངོ་སྤྲོད།

ཁྱི་ནི་སྒོ་ཕྱུགས་སུ་བཏུལ་ནས་གསོ་སྔ་ཤོས་ཀྱི་སྲོག་ཆགས་ཡིན་པ་དང་། དེ་འོ་འཐུང་སྲོག་ཆགས་ཀྱི་དངོས་གཞིའི་རིགས་ཀྱི་ཤ་གཟན་སྡེ་རུ་གཏོགས། སྤྱིར་བཏང་གི་ལྟ་ཚུལ་ལྟར་ནི་ཁྱི་ནི་ཡོ་རོབ་ཀྱི་སྤྱང་ཀི་དང་། ཨ་ཧྥེ་རི་ཁ་བྱང་མའི་འཕར་བ། མེ་གླིང་བྱང་མའི་འཕར་སྤྱང་སོགས་གཅན་གཟན་གཡུང་ཕབ་ནས་བྱུང་བའི་རིགས་འདྲེས་རྒྱུད་པ་ཞིག་ཡིན་པར་འདོད།

ཁྱིའི་རྣ་ཤེས་ཤིན་ཏུ་གསལ་བ་མིའི་རིགས་ཀྱི་རྣ་ཤེས་ལས་ལྡབ4ཡིས་མཐོ་བ་དང་། སྣ་ཤེས་ཀྱང་ཤིན་ཏུ་གསལ་བ་སྟེ། ཚན་རིག་པས་ཚོད་དཔག་བྱས་པ་ལྟར་ན་དྲི་མ་མི་འདྲ་བ་རིགས200ལྷག་སྣོམ་ཐུབ་རེད་ཟེར། རེད་དེ་ཁྱིའི་ལྕེ་ཤེས་ནི་རྟུལ་བོ་ཡོད་ལ། ལྟོ་ཟ་དུས་ལྡད་མུར་ཙམ་ཡང་མི་བྱེད་པར་འཁྱུར་མིད་བཏང་འགྲོ་བ་རེད། ཁྱིའི་པགས་པའི་སྟེང་དུ་རྔུལ་ཆུའི་གཤེར་རྨེན་མེད་པར་མཆིལ་མའི་གཤེར་ཆ་ཕུད་དེ་ལུས་དྲོད་སྙོམ་དགོས་ཀྱི་ཡོད་ཙ་ན། དབྱར་ཁ་དང་སྐོར་རྒྱུགས་བྱས་རྗེས་སུ་ལྕེ་ནར་རིང་བརྐྱངས་ནས་ཚ་དྲོད་འབུད་ཀྱི་ཡོད། ཁྱི་ལ་རྔ་མ་རིང་པོ་ཞིག་ཡོད་པ་དེ་ནི་རྒྱུག་དུས་དོ་མཉམ་ཡོང་སྤྱད་ཡིན།

2 རིགས་དབྱེ།

ཉིན་རྒྱུན་གྱི་འཚོ་བའི་ནང་དུ་ཁྱིས་ཐོན་པའི་བྱེད་ལས་ལྟར་དེ་ཉིད་སྒོ་ཁྱི་དང་། ཤ་ཁྱི། རྫི་ཁྱི། གཅེས་ཁྱི། ཉེན་རྟོག་ཁྱི་སོགས་སུ་དབྱེ་བ་རེད། ཁྱི་ལ་དམིགས་བསལ་གྱི་སྦྱོང་བརྡར་བྱས་ན་ཉེན་རྟོག་ཁྱི་དང་སྲོག་སྐྱོབ་ཁྱི། ལོང་བའི་མིག་བུ་སོགས་བྱེད་ཐུབ་ཀྱི་ཡོད། ཀྲུང་གོར་པགས་ལུག་ཁྱི་དང་། བོད་ཁྱི། པེ་ཅིང་ཁྱི། བོད་ཀྱི་སེང་ཁྱི། ཧ་པ་ཁྱིའུ། པེ་ཅིང་ཧ་པ་ཁྱིའུ་སོགས་ཡོད་པ་དང་། གྲགས་རྒྱུན་ལ་བོད་ན་གོ་ཁྱི་ཟེར་བའི་བྱ་གོ་བོའི་ཚང་ལས་སྐྱེ་བའི་ཁྱིའུ་ཞིག་ཡོད་པ་རེད་ཟེར། ཕྱི་རྒྱལ་གྱི་ཁྱི་རིགས་གྲགས་ཅན་ལ་འཇར་མན་གྱི་རྫི་ཁྱི་དང་། ཨེ་སི་ཅི་མོ་ཁྱི། དབྱིན་ཇིའི་ཨིན་ཏ་ཁྱི་དང་ཞུའེ་ཏ་ཁྱི། ལྗར་པན་ཁྱི། བུད་ཤིང་ཁྱི་སོགས་མང་པོ་ཡོད།

3 འཚོ་བའི་གོམས་གཤིས།

ཁྱིས་རྔ་མ་གཡུགས་ནས་སེམས་བག་མཚོན་གྱི་ཡོད། ཁྱིའི་སྣ་ཤེས་ཧ་ཅང་རྣོ་བས། དྲི་མར་བརྟེན་ནས་དངོས་པོ་འཚོལ་བ་ཡིན། ཁྱི་ཕྱི་རོལ་ལ་འགྲོ་དུས་སྲོག་ཆགས་གཞན་དག་ལ་མེད་པའི་གོམས་གཤིས་ཤིག་ཡོད་པ་ནི་ལམ་འགྲམ་ལ་གཅིན་པ་གཏོང་བ་དང་། ཕྱིར་ཡོངས་དུས་རང་གི་གཅིན་དྲི་ལ་སྣོམ་ཞོར་ཡོང་བས། སྤྱིར་བཏང་དུ་ལམ་སྣེ་མི་ནོར་བ་ཡིན།

འཛམ་གླིང་ཡོངས་ནས་ཁྱི་དུང་ཕྱུར6ལྷག་ཡོད། དེ་ལས་ཀྲུང་གོ་ནས་དུང་ཕྱུར2ལྷག་ཡོད། མིས་སྒོ་ཕྱུགས་སུ་བཏུལ་བའི་ཆེས་སྔ་བའི་སྲོག་ཆགས་ཡིན། ཁྱིའི་ལོ་ག་ཙམ་ཡིན་པ་ཁྱིའི་སོ་སྐྱེས་པའི་གནས་ཚུལ་ཏེ་སོ་རྩེ་དང་སོ་བརྡར་ཚད། སོའི་ཁ་དོག་སོགས་ལས་ཤེས་ཐུབ། ཁྱིའི་ཚེ་ཚད་ནི་ལོ10-20བར་ཡིན། ཆེས་རིང་བའི་ཚེ་ཚད་ནི་ལོ20ཡས་མས་ཡིན། གཟུགས་གཞི་ཆུང་བའི་ཁྱིའི་ཚེ་ཚད་ཅུང་རིང་།

4 རིག་གནས།

ཀྲུང་གོའི་རྒྱའི་རིག་གནས་དང་བོད་ཀྱི་རིག་གནས་ཁྲོད་ནས་ཁྱི་དེ་ལོ་རེས་བཅུ་གཉིས་ཁྲོད་ཀྱི་ཨང་བཅུ་གཅིག་པ་ཡིན་ལ།  ཁྱིའི་སྣང་བརྙན་དེ་ནི་དེ་འདྲའི་ཡག་པོ་ཞིག་མ་ཡིན་ཏེ། དཔེར་ན་མི་གཤིས་མི་བཟང་བར་མི་ཁྱི་ལྟ་བུ་ཞེས་སྨོད་པ་གཏོང་བ། ནང་རུལ་པར་ཡང་ཁྱིའི་དཔེ་རུ་འཇོག་པ་ལྟ་བུའོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-27

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།