ལུང་གཞུང་བོད་ལུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལུང་གཞུང་བོད་ལུག་ཁྱབ་པར་འཁོད་པའི་ས་ཆ་ནི། མཚོ་སྔོན་ལྷོ་རྒྱུད་ཀྱི་པད་མ་རྫོང་། ནང་ཆེན་རྫོང་གི་ས་ཆ་འགལ། རྨ་ཆེན་རྫོང་གི་ར་རྒྱ་དང་དགྱེ་མགོ། ཡང་ན་ཤར་རྒྱུད་ཀྱི་རྨ་ཆུ་དང་ཙོང་ཆུ་འབབ་ཡུལ་གྱི་རྫོང་དང་ཡུལ་ཚོ་མང་པོར་ཁྱབ་ཡོད་ཅིང་། ཞིང་ཆེན་ཡོངས་ཀྱི་བོད་ལུག་སྤྱིའི་བརྒྱ་ཆའི8ཙམ་ཟིན་འདུག་གོ།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ལུང་གཞུང་བོད་ལུག
ཁོངས་གཏོགས།
ཕྱུགས་རིགས།
1 ​ངོ་སྤྲོད།

ལུང་གཞུང་བོད་ལུག་ཁྱབ་པར་འཁོད་པའི་ས་ཆ་ནི། མཚོ་སྔོན་ལྷོ་རྒྱུད་ཀྱི་པད་མ་རྫོང་། ནང་ཆེན་རྫོང་གི་ས་ཆ་འགལ། རྨ་ཆེན་རྫོང་གི་ར་རྒྱ་དང་དགྱེ་མགོ། ཡང་ན་ཤར་རྒྱུད་ཀྱི་རྨ་ཆུ་དང་ཙོང་ཆུ་འབབ་ཡུལ་གྱི་རྫོང་དང་ཡུལ་ཚོ་མང་པོར་ཁྱབ་ཡོད་ཅིང་། ཞིང་ཆེན་ཡོངས་ཀྱི་བོད་ལུག་སྤྱིའི་བརྒྱ་ཆའི8ཙམ་ཟིན་འདུག་གོ།

2 ཁྱབ་འཁོད་གནས་ཚུལ།

ལུང་གཞུང་བོད་ལུག་ཁྱབ་པར་འཁོད་པའི་ས་ཆ་ནི། མཚོ་སྔོན་ལྷོ་རྒྱུད་ཀྱི་པད་མ་རྫོང་། ནང་ཆེན་རྫོང་གི་ས་ཆ་འགལ། རྨ་ཆེན་རྫོང་གི་ར་རྒྱ་དང་དགྱེ་མགོ། ཡང་ན་ཤར་རྒྱུད་ཀྱི་རྨ་ཆུ་དང་ཙོང་ཆུ་འབབ་ཡུལ་གྱི་རྫོང་དང་ཡུལ་ཚོ་མང་པོར་ཁྱབ་ཡོད་ཅིང་། ཞིང་ཆེན་ཡོངས་ཀྱི་བོད་ལུག་སྤྱིའི་བརྒྱ་ཆའི8ཙམ་ཟིན་འདུག་གོ།

མཚོ་སྔོན་གྱི་ལྷོ་ཤར་རྒྱུད་ནི་རི་རྒྱུད་ལུང་བས་བཅད་པས། གནམ་གཤིས་ཀྱང་ས་དབྱིབས་ཀྱི་གྱེན་ཐུར་དབང་དུ་འགྱུར་ལྡོག་ཆེ། དྲོད་ཚད་ལྟོས་བཅས་སུ་དམའ་བ་སྟེ། ལོ་རེར་ཆ་མཉམ་དྲོད་ཚད་ཏུའུ2.4~3.7ཡིན་པ། ཆ་མཉམ་ཆར་ཆུ་འབབ་ཚོད531~638㎜བར་ཏུ་གནས་ཤིང་། རྩྭ་སའི་རིགས་ཁྱད་ནི་སྤང་རྩྭའི་རྩ་ས་དང་ལྗོན་ཕྲན་ནགས་ཚལ་སྤང་རྩྭའི་རྩྭ་ས་གཙོ་སྟེ། ས་མུའུ་རེར་གཟན་རྩྭ་སྔོན་པོ153~196㎏ཙམ་ཐོན་ནོ།།

རྨ་ཙོང་ལུང་གཞུང་ཞེས་པ་ལ་ཞིང་ཆེན་ཤར་རྒྱུད་ཀྱི་སྟོང་འཁོར་དང་། ཧོང་ཀྲུང་། ཧྲུའུ་ཀྲུའུ། ལྡེ་གདུང་། ལུང་མདོ། མེན་ཧི། ཕེན་ཨང་། ཞུན་ཧྭ། བར་ལུང་སོགས་རྫོང་ཁག་འདུས་ཤིང་། ས་བབས་དམའ་ལ་དྲོ་གྲང་འཚམ་པ། ལོ་རེར་ཆར་ཆུ་འབབ་ཚོད259.3~459㎜བར་ཙམ་ཡིན་ལ། རྩྭ་སའི་མང་ཤོས་ནི་རི་འདབས་རི་ཤོད་ཚུལ་དུ་གཞི་ཁྱོན་ཆུང་གྲས་ཡིན་པ་དང་། འབྲས་རྩྭའི་ཁག་ལ་གཏོགས་ཏེ། ས་མུའུ་རེར་གཟན་རྩྭ་སྔོན་པོ140㎏ཡས་མས་ཐོན་ནོ།།

3 ལུག་རྒྱུད་ཀྱི་ཁྱད་ཆོས།
3_1 ལུས་དབྱིབས་སྐྱེས་གཟུགས།

ལུང་གཞུང་བོད་ལུགས་གི་ལུས་བོངས་ལྟོས་བཅས་སུ་ཆུང་ལ། རྒྱབ་གཞུང་དྲང་བ། རྩིབ་རུས་བསྐྱེད་ཡངས་པ། འཕོངས་རྐུབ་ཟླུམ་ཞིང་ཕྱི་ལ་གསེག་པར་སྣང་ངོ་།། ཚེས་རུ་ཚུལ་གྱི་རྭ་ཅོ་ཆུང་ངུ་ཡོད་ཅིང་། མོ་ལུག་ལ་རྭ་ཅོ་མེད་པའམ་རྒྱས་ཞན་པའི་རུ་ཙེ་ཙམ་ཡོད་པའོ།།

3_2 ལུས་ཚད་དང་ལུས་ལྗིད།

ལུང་གཞུང་བོད་ལུག་ལས། དར་ལ་བབས་པའི་ཕོ་ལུག་གི་ལུས་པོའི་ཆ་མཉམ་ལྗིད་ཚད་ནི39.35±7.18㎏ཡིན་ལ། ཆ་མཉམ་མཐོ་ཚད68±2.65㎝ཡིན་པ་དང་། ཆ་མཉམ་ལུས་གསེག་རིང་ཚད75.30±3.44㎝ཡིན་པ། ཆ་མཉམ་བྲང་དཀྲིས91.1±5.24㎝ཡིན་ནོ།། དར་ལ་བབས་པའི་མོ་ལུག་གི་ལུས་པོའི་ཆ་མཉམ་ལྗིད་ཚད32.69±3.06㎏ཡིན་ལ། ཆ་མཉམ་མཐོ་ཚད61±3.64cmཡིན་པ་དང་། ཆ་མཉམ་ལུས་གསེག་རིང་ཚད65.00±7.45㎝ཡིན་པ། ཆ་མཉམ་བྲང་དཀྲིས82.47±11.33㎝ཡིན་ནོ།།

4 ཐོན་སྐྱེད་གཤིས་ནུས།
4_1 བལ་ཐོན་པའི་གཤིས་ནུས།

གཅིག བལ་གྱི་རྒྱུ་སྤུས་ཏེ། ལུས་བལ་གྱི་མང་ཤས་མདོག་དཀར་ལ་མདངས་དང་ལྡན་ཞིང་། ཞིབ་རྩུབ་གཉིས་འདྲེས་ཅན་ལ་ངོས་འཛིན་རུང་བ་དང་། འཇིལ་ལི་ཐུང་བ། བལ་ཉག་ལས་ཚོམ་བུ་ཆགས་པའམ་འཇིལ་ལི་ཐུང་ངུ་ཚུལ་དུ་གྲུབ་བོ།། འཇིལ་ལིའི་རིང་ཚད་10~15㎝ཚོད་ཡིན་པ་དང་། རྟིང་ཁུལ་གྱི་རིང་ཚད8㎝ཡན་ཙམ་ཡིན་པ། ལུས་སྨད་ཀྱི་བལ་དེ་ཅུང་ཟད་སྤོམ་པ། མགོ་དང་ཡན་ལག་ལ་ནི་ནག་ཁྲ་ཁམ་ཁྲ་ལྟ་བུ་འདྲེས་པ། ཉུང་ཤས་ཀྱི་ལུས་པོ་ཡོངས་ལ་མདོག་ནག་པོའམ་ཁམ་མདོག་འདྲེས་པའང་ཡོད་དོ།། རྨ་ཙོང་འབབ་ཡུལ་ལུང་གཞུང་གི་བོད་ལུག་དག་ནི། སྤྱིར་ལོ་རེར་ཐེངས་གཉིས་ལ་བལ་འབྲེག་མོད། བྲེགས་ཐོབ་བྱུང་ཚོད་ཉུང་ངོ་།། མཚོ་སྔོན་ལྷོ་རྒྱུད་ཀྱི་ལུང་གཞུང་བོད་ལུག་ལྟ་ན། ལུས་བབ་ནང་ན་ཡོངས་སུ་བལ་རྙིང་པོ་ཡོད་པས། བལ་གྱི་སྤུས་ཀ་ལྟོས་བཅས་སུ་ཞན་པའོ།།

གཉིས བལ་གྱི་ཐོན་ཚོད་དེ། ལུང་གཞུང་བོད་ལུག་གི་ཕོ་ལུག་དར་མའི་བལ་ཐོན་ཚད་ནི་ཕལ་ཆེར1.5㎏ཡིན་པ་དང་། མོ་ལུག་དར་མའི་བལ་ཐོན་ཚོད་ནི་ཕལ་ཆེར10㎏ཙམ་ཡིན། བལ་སྤུས་དག་གི་ཐོན་ཚད་ནི་བརྒྱ་ཆའི60ཙམ་དུ་ངེས་སོ།།

4_2 གཟན་ཤའི་ཐོན་ཚོད།

རང་བྱུང་ཆ་རྐྱེན་ལྟར་འཚོ་སྐྱོང་བྱས་ན། ལུང་གཞུང་རིགས་དབྱིབས་བོད་ལུག་ལས་ཕོ་ལུག་དར་མའི་ཆ་མཉམ་ལྟོ་སྟོང་ལུས་ལྗིད39.43.37㎏ཡིན་ལ། ཤ་ཁོག་གི་ལྗིད་ཚད17.77±2.60㎏ཡིན་པ་དང་། ཤན་བཤས་ཐོབ་ཚད45.6±.46㎏ཡིན་ནོ།། མོ་ལུག་དར་མའི་ཆ་མཉམ་ལྟོ་སྟོང་ལུས་ལྗིད38.4±2.22㎏ཡིན་ལ། ཤ་ཁོག་གི་ལྗིད་ཚད16.3±10.3㎏ཡིན་པ་དང་། ཤན་བཤས་ཐོབ་ཚད43.24%±1.84%ཡིན་ནོ།།

4_3 རྒྱུད་སྤེལ་གཤིས་ནུས།

ལུང་གཞུང་བོད་ལུག་གི་ཕོ་མོ་གང་ཡིན་ཡང་། ན་ཚོད་ལོ1.5ནས2ཙམ་ལོངས་ཚེ། དར་ལ་བབས་ཡོད་པས་སྦྱོར་སྡེབ་བྱེད་རུང་མོད། མངལ་འཛིན་དུས་ཡུན་ཉིན150ཡིན་ལ། ལོ་རེར་མངལ་ཆགས་ཐེངས་གཅིག་རེ་དང་། ཆགས་ཐེངས་རེར་ལུ་གུ་གཅིག་རེ་བཙལ་བ་ཡིན་ནོ།། ལོ་རེའི་སྤྱི་ཟླ7-8དབར་དུ་ཚང་ལ་རྒྱུག་ཅིང་སྦྱོར་སྡེབ་བྱས་ཆོག ལོ་དེའི་སྤྱི་ཟླ12པའམ་ཕྱི་ལོའི་ཟླ1པའི་ནང་ལུ་གུ་བཙའ་བའོ།།

4_4 དཔལ་འབྱོར་ཐང་དཔྱོད།

ལུང་གཞུང་བོད་ལུག་ནི་བོད་ལུག་ཁྱབ་འཁོད་ཀྱི་མཐའ་འགྲམ་ས་ཁུལ་དུ་གནས་ཤིང་། ཁོར་ཡུག་གི་ཆ་རྐྱེན་དང་ཕྱུགས་རྒྱུད་རང་གི་འཕེལ་འགྲིབ་དབང་དུ་གྱུར་པས། དཔེར་ཅོའ་ལུང་གཞུང་བོད་ལུག་གི་ཁ་གྲངས་ཧ་ཅང་ཉུང་བའི་ཚུལ་དུ་སྣང་ལ། གཟན་ཤ་ལ་སྤྱོད་པ་གཙོ་འོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-09

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།