བོད་རིགས་ལ་བསྡོམས་པས་མི་གྲངས་ཁྲི640ལྷག་ཡོད་ཅིང་། དེ་དག་གཙོ་བོ་བོད་རང་སྐྱོང་ལྗོངས་དང་མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན་སོགས་འདབས་འབྲེལ་ཞིང་ཆེན་དུ་འདུས་སྡོད་བྱས་ཡོད་པ་དང་། ཕྱུགས་ལས་གཙོ་བོ་ཡིན་ལ། ཞོར་དུ་ཞིང་ལས་ཀྱང་གཉེར་བཞིན་ཡོད་པ་རེད། བོད་རིགས་ལ་རང་གི་སྐད་དང་ཡི་གེ་ཡོད། དུས་རབས་བཅུ་བ་ནས་བཅུ་དྲུག་བར་ནི། བོད་ཀྱི་རིག་གནས་དར་རྒྱས་ཆེས་ཆེ་བའི་དུས་སྐབས་ཡིན་ཞིང་། ལོ་བརྒྱ་ཕྲག་གི་རིང་ལ་བོད་ཀྱི་རིག་གནས་ལ་འཕེལ་རྒྱས་ཀྱི་གཟི་འོད་རབ་ཏུ་འབར་བ་དང་།
རིགས་དབྱེ། སྤྱི་ཚོགས། • མི་རིགས།
པའོ་ཨན་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན་ལ། གཙོ་བོ་ཀན་སུའུ་ཞིང་ཆེན་དུ་འདུས་སྡོད་བྱས་ཡོད་ཅིང་། མང་ཆེ་ཤས་པའོ་ཨན་རིགས་ཏུང་ཞང་རིགས་རང་སྐྱོང་རྫོང་ནང་ཁུལ་དུ་འཚོ་སྡོད་བྱས་ཡོད་ལ། ཉུང་ཤས་ཤིག་ཀ་ཅི་ཧོས་རིགས་རང་སྐྱོང་ཁུལ་གྱི་རྫོང་སོ་སོ་དང་མཚོ་སྔོན་ཞིང་ཆེན་གྱི་ཞོན་ཧ་རྫོང་དུ་འཚོ་སྡོད་བྱས་ཡོད། རྒྱ་ཡིག་གི་མིང་། 保安族 ཕྱི་ཡིག་གི་མིང་། The Baoan ethnicity སྐད་ཡིག པའོ་ཨན་སྐད་དང་རྒྱ་ཡིག ཆོས་ལུགས་དད་མོས། དབྱི་སི་ལན་ཆོས་ལུགས། མི་གྲངས། 20074(2010ལོར་སྡོམ་རྩིས་བྱས་པ) སྡོད་གནས་གཙོ་ཆེ་བ།
རིགས་དབྱེ། སྤྱི་ཚོགས། • མི་རིགས།
པུའུ་ལང་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན། གཙོ་བོ་ཡུན་ནན་ཞིང་ཆེན་གྱི་ཞི་ཧྲོང་པན་ནཱ་དང་རྫ་ཆུ། ཧྲོང་ཅང་། ཀྲིན་ཁང་སོགས་ས་ཁུལ་དུ་ཁྱབ་ཡོད། རྒྱ་ཡིག་གི་མིང་། 布朗族 ཕྱི་ཡིག་གི་མིང་། Blang ethnic group སྐད་ཡིག པུའུ་ལང་སྐད་དང་ཏའེ་སྐད། ཆོས་ལུགས་དད་མོས། ནང་བསྟན་ཐེག་ཆུང་། མི་གྲངས། 119639(2010ལོར་སྡོམ་རྩིས་བྱས་པ) སྡོད་གནས་གཙོ་ཆེ་བ། ཡུན་ནན་ཞིང་ཆེན། ངོ་སྤྲོད། པུའུ་ལང་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན། གཙོ་བོ་ཡུན་ནན་ཞིང་ཆེན་གྱི་ཞི་ཧྲོང་པན་ནཱ་དང་རྫ་ཆུ།
རིགས་དབྱེ། སྤྱི་ཚོགས། • མི་རིགས།
ཨ་ཁྲང་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན་ལ། གཙོ་བོ་ཡུན་ནན་ཞིང་ཆེན་གྱི་ཏེ་ཧོང་ཏའེ་རིགས་དང་ཅིང་ཕོ་རིགས་རང་སྐྱོང་ཁུལ་གྱི་ལུང་ཁྲོན་དང་ལིང་ཧི་སོགས་རྫོང་ཁག་ཏུ་འདུས་སྡོད་བྱས་ཡོད། རྒྱ་ཡིག་གི་མིང་། 阿昌族 ཕྱི་ཡིག་གི་མིང་། Achang people སྐད་ཡིག ཨ་ཁྲང་སྐད་དང་ཡི་གེ་མེད། མི་གྲངས། 39555(2010ལོར་སྡོམ་རྩིས་བྱས་པ) ཆོས་ལུགས། གདོད་མ་དང་མེས་པོ། ནང་བསྟན་ཐེག་ཆུང་། སྡོད་གནས། ཡུན་ནན་ཞིང་ཆེན་གྱི་ཏེ་ཧོང་ཏའེ་རིགས་དང་ཅིང་ཕོ་རིགས་རང་སྐྱོང་ཁུལ་གྱི་ལུང་ཁྲོན་དང་ལིང་ཧི་སོགས་རྫོང་ཁག་ཏུ་འདུས་སྡོད་བྱས་ཡོད།
རིགས་དབྱེ། སྤྱི་ཚོགས། • མི་རིགས།
ཁྲའོ་ཞན་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན། གཙོ་བོ་ཅི་ལིན་དང་ཧེ་ལུང་ཅང་། ལིའོ་ཉིང་སོགས་ཞིང་ཆེན་དང་ས་ཁུལ་དུ་གནས་ཤིང་། བསྡོམས་པས་མི་གྲངས1830929ལྷག་ཡོད་ལ། ཅི་ལིན་ཞིང་ཆེན་གྱི་ཡན་པན་ཁྲའོ་ཞན་རིགས་རང་སྐྱོང་ཁུལ་ནི་ཁྲའོ་ཞན་རིགས་འདུས་སྡོད་བྱེད་གནས་གཙོ་བོ་ཡིན། རྒྱ་ཡིག་གི་མིང་། 朝鲜族 ཕྱི་ཡིག་གི་མིང་། Korean སྐད་ཡིག ཁྲའོ་ཞན་གྱི་སྐད་ཡིག མི་གྲངས། 1830929(2010ལོར་སྡོམ་རྩིས་བྱས་པ) སྡོད་གནས་གཙོ་ཆེ་བ། ཅི་ལིན་ཞིང་ཆེན་དང་། ཧེ་ལུང་ཅང་ཞིང་ཆེན། ལིའོ་ཉིང་ཞིང་ཆེན།
རིགས་དབྱེ། སྤྱི་ཚོགས། • མི་རིགས།
ཏ་ཝོར་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན་ལ། གཙོ་བོ་ནང་སོག་རང་སྐྱོང་ལྗོངས་དང་ཧེ་ལུང་ཅང་ཞིང་ཆེན་སོགས་སུ་འདུས་སྡོད་བྱས་ཡོད་ལ་ཞིན་ཅང་གི་ཐ་ཁྲིན་རྫོང་དུའང་ཐར་ཐོར་དུ་གནས་ཡོད། རྒྱ་ཡིག་གི་མིང་། 达翰尔族 ཕྱི་ཡིག་གི་མིང་། Daur སྐད་ཡིག ཏ་ཝོར་སྐད་དང་རྒྱ་ཡིག མི་གྲངས། 131992(2010ལོར་སྡོམ་རྩིས་བྱས་པ) སྡོད་གནས་གཙོ་ཆེ་བ། ནང་སོག་རང་སྐྱོང་ལྗོངས་དང་། ཧེ་ལུང་ཅང་ཞིང་ཆེན། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས།
རིགས་དབྱེ། སྤྱི་ཚོགས། • མི་རིགས།
ཏེ་ཨང་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན་ལ། རང་ཉིད་ལ“ཏ་ཨང”ཞེས་འབོད་པ་དང་། སྔོན་ཆད་མི་རིགས་དེར“པའེ་ལུང་རིགས”ཞེས་འབོད་མོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས1985ལོའི་ཟླ་དགུ་བར་ཆོག་མཆན་བཀོད་ནས“ཏེ་ཨང་རིགས”ཞེས་པར་མིང་བསྒྱུར། མི་རིགས་དེ་ཡུན་ནན་ཞིང་ཆེན་གྱི་ཏེ་ཧུང་ཏེ་རིགས་ཅིང་ཕོ་རིགས་རང་སྐྱོང་ཁུལ་དུ་གནས་ཡོད། རྒྱ་ཡིག་གི་མིང་། 德昂族 ཕྱི་ཡིག་གི་མིང་། Deang ethnicity སྐད་ཡིག ཏེ་ཨང་སྐད་དང་རྒྱ་ཡིག མི་གྲངས། 20556(2010ལོར་སྡོམ་རྩིས་བྱས་པ) ཆོས་ལུགས་དད་མོས།
རིགས་དབྱེ། སྤྱི་ཚོགས། • མི་རིགས།
ཨུ་རུ་སུའི་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན། གཙོ་བོ་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་དབྱི་ལིས་དང་ཐ་ཁྲེང་། ཨ་ལེ་ཐའེ། ཝུའུ་ལུའུ་མུའུ་ཆི་སོགས་ས་ཁུལ་དུ་གསན་ཡོད་ཅིང་། ཧེ་ལུང་ཅང་ཞིང་ཆེན་དང་ནང་སོག་རང་སྐྱོང་ལྗོངས་སོགས་སུའང་ཐར་ཐོར་དུ་གནས་ཡོད། རྒྱ་སྐད་ཀྱི་མིང་། 俄罗斯族 ཕྱི་ཡིག་གི་མིང་། Russian ethnic minority group སྐད་ཡིག ཨུ་རུ་སུའི་སྐད་ཡིག མི་གྲངས། 15393(2010ལོར་སྡོམ་རྩིས་བྱས་པ) ཆོས་ལུགས་དད་མོས། ཏུང་ཀྲེང་ཆོས་ལུགས། སྡོད་གནས་གཙོ་ཆེ་བ།
རིགས་དབྱེ། སྤྱི་ཚོགས། • མི་རིགས།
ཁོར་ཁེ་ཙི་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ཁོར་ཁེ་ཙི་རིགས་རང་སྐྱོང་ཁུལ་དུ་འདུས་སྡོད་བྱས་ཡོད་ལ། སྤྱིར་བཏང་དུ་རིགས་དེའི་དོན་ལ“གཞོན་ནུ་མ་བཞི་བཅུ”ཡང་ན“རྩྭ་ཐང་གི་མི”ཞེས་འགྲེལ་རྒྱག་བཞིན་ཡོད། བསྡོམས་པས་མི་གྲངས186000ལྷག་ཡོད། རྒྱ་ཡིག་གི་མིང་། 柯尔克孜族 ཕྱི་ཡིག་གི་མིང་། Kyrgyz སྐད་ཡིག ཁེར་ཁེ་ཙིའི་སྐད་ཡིག་དང་ཡུ་གུར་ཡི་གེ། མི་གྲངས། 186708(2010ལོར་སྡོམ་རྩིས་བྱས་པ) ཆོས་ལུགས་དད་མོས།
རིགས་དབྱེ། སྤྱི་ཚོགས། • མི་རིགས།
ལ་ཧུའུ་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན། གཙོ་བོ་ཡུན་ནན་ཞིང་ཆེན་གྱི་ལན་ཚང་དང་མིན་ལེན་རྫོང་དུ་འདུས་སྡོད་བྱས་ཡོད་ཅིང་། ཡུན་ནན་ནུབ་ལྷོའི་མཐའ་མཚམས་ཀྱི་རྫོང་ཁག་འགའ་རེར་འདུས་སྡོད་བྱས་ཡོད་པའང་ཡོད། མི་རིགས་ནང་ཁུལ་དུ་ལ་ཧུའུ་ན་དང་ལ་ཧུའུ་ཞི་ཞེས་ཡན་ལག་གཉིས་སུ་བགོས་ནས་སོ་སོར་ཡུལ་སྐད་དང་རྒྱན་ཆ། གོམས་གཤིས་སོགས་མི་མཐུན་པ་ཡོད། བསྡོམས་པས་མི་གྲངས485966ལྷག་ཡོད། རྒྱ་ཡིག་གི་མིང་། 拉祜族 སྐད་ཡིག ལ་ཧུའུའི་སྐད་ཡིག མི་གྲངས། 485966(2010ལོར་སྡོམ་རྩིས་བྱས་པ) སྡོད་གནས་གཙོ་ཆེ་བ། ཡུན་ནན་ཞིང་ཆེན།
རིགས་དབྱེ། སྤྱི་ཚོགས། • མི་རིགས།
རྒྱ་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ཁྲོད་ཀྱི་མི་རིགས་གཙོ་ཤོས་ཤིག་ཡིན། རྒྱ་ཡིག་གི“汉”ཞེས་པའི་གོ་དོན་དངོས་ནི་དགུ་ཚིགས་ཀྱི་དོན་ཡིན་ཏེ། རྒྱའི་སྙན་ངག་གི་གཞུང་དུ་ཡང་། 汉ནི་གནམ་གྱི་དགུ་ཚིགས་སོ་ཞེས་འཁོད་ཡོད། འཛམ་གླིང་སྟེང་གི་མི་གྲངས་ཆེས་མང་བའི་མི་རིགས་ཤིག་ཀྱང་ཡིན། རྒྱ་ཡིག་གི་མིང་། 汉族 ཕྱི་ཡིག་གི་མིང་། the Han nationality སྐད་ཡིག རྒྱ་སྐད་དང་རྒྱ་ཡིག མི་གྲངས། 1220844520(2010ལོར་སྡོམ་རྩིས་བྱས་པ) སྡོད་གནས་གཙོ་ཆེ་བ། རྒྱལ་ཡོངས་ཀྱི་ས་གནས་ཁག་དང་། ཨེ་ཤ་ཡ་ཤར་ལྷོ། མེ་གླིང་བྱང་མ་སོགས་ཀྱི་ས་ཁུལ།
རིགས་དབྱེ། སྤྱི་ཚོགས། • མི་རིགས།
ལྷོ་པ”ཞེས་པ་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན་ལ། བོད་སྐད་ལས་ལྷོ་ཕྱོགས་ཀྱི་མི་ཞེས་པའི་དོན་ཡིན་ལ། བོད་རང་སྐྱོང་ལྗོངས་ཀྱི་ཤར་ལྷོའི་ས་ཁུལ་དང་ལྷུན་རྩེ་རྫོང་། སྨན་གླིང་རྫོང་། མེ་ཏོག་རྫོང་། རྫ་ཡུལ་རྫོང་སོགས་ཀྱི་མཐའ་མཚམས་སུ་གནས་ཡོད། བསྡོམས་པས་མི་གྲངས3682ཡོད། རྒྱ་ཡིག་གི་མིང་། 珞巴族 སྐད་ཡིག ལྷོ་པའི་སྐད་དང་། བོད་ཀྱི་སྐད་ཡིག མི་གྲངས། 3682(2010ལོར་སྡོམ་རྩིས་བྱས་པ) སྡོད་གནས་གཙོ་ཆེ་བ། བོད་རང་སྐྱོང་ལྗོངས། ངོ་སྤྲོད།
རིགས་དབྱེ། སྤྱི་ཚོགས། • མི་རིགས།
ལི་སུའུ་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན། ཡུན་ནན་ཞིང་ཆེན་ནུའུ་ཅང་ལི་སུའུ་རིགས་རང་སྐྱོང་ཁུལ་དུ་འདུས་སྡོད་བྱས་ཡོད་པ་ལས་གཞན་ལིས་ཅང་དང་ཏ་ལི། བདེ་ཆེན་སོགས་ཁལ་དང་རྫོང་། སི་ཁྲོན་ཞིང་ཆེན་གྱི་ཡན་ཡོན་དང་མུའུ་ལིས་རྫོང་བཅས་སུའང་ཐོར་སྡོད་བྱས་ཡོད། བསྡོམས་པས་མི་གྲངས 702000ལྷག་ཡོད། རྒྱ་ཡིག་གི་མིང་། 傈僳族 ཕྱི་ཡིག་གི་མིང་། LiSu སྐད་ཡིག ལི་སུའུ་སྐད་ཡིག མི་གྲངས། 702839(2010ལོར་སྡོམ་རྩིས་བྱས་པ) ོས་ལུགས་དད་མོས། ཁག་གཅིག་ཡེ་ལུའི་ཆོས་ལུགས་དང་གནམ་བདག་ཆོས་ལུགས་ལ་དད།
རིགས་དབྱེ། སྤྱི་ཚོགས། • མི་རིགས།
དབྱིས་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན། སི་ཁྲོན་དང་ཡུན་ནན། ཀུའེ་ཀྲོའུ་བྱང་ཕྱོགས། ཀོང་ཏུང་གི་ནུབ་བྱང་ཕྱོགས་སུ་གནས་ཡོད་ལ། ལིང་ཧྲན་ཆེ་ཆུང་གཉིས་ནི་དབྱིས་རིགས་མང་བོ་འདུས་སྡོད་བྱེད་སའི་གནས་ཡིན། བསྡོམས་པས་མི་གྲངས8714393ལྷག་ཡོད། རྒྱ་ཡིག་གི་མིང་། 彝族 ཕྱི་ཡིག་གི་མིང་། Yi Ethnicity སྐད་ཡིག དབྱིས་རིགས་ཀྱི་སྐད་ཡིག མི་གྲངས། 8714393(2010ལོར་སྡོམ་རྩིས་བྱས་པ) སྡོད་གནས་གཙོ་ཆེ་བ། ཡུན་ནན་ཞིང་ཆེནདང་། སི་ཁྲོན་ཞིང་ཆེན། ཀུའེ་ཀྲོའུ་ཞིང་ཆེན།
རིགས་དབྱེ། སྤྱི་ཚོགས། • མི་རིགས།
ཕུའུ་སྨི་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན་ལ། རང་ལ“ཐུའུ་ཡུན་སྨི”དང“ཕུའུ་རི་སྨི”སོགས་འབོད་ཚུལ་མི་འདྲ་བ་དུ་མ་ཡོད་ཅིང་། དེ་རིགས་ཀྱི་ནང་དོན་ནི་མི་དཀར་བོ་ཞེས་པའི་དོན་ཡིན། མི་རིགས་དེ་གཙོ་བོ་ཡུན་ནན་དང་སི་ཁྲོན་ས་ཁུལ་དུ་ཁྱབ་ཡོད་ལ། བསྡོམས་པས་མི་གྲངས 42000ལྷག་ཡོད། རྒྱ་ཡིག་གི་མིང་། 普米族 ཕྱི་ཡིག་གི་མིང་། Pumi ethnic group སྐད་ཡིག ཕུའུ་སྨིའི་སྐད་དང་རྒྱ་སྐད་རྒྱ་ཡིག མི་གྲངས། 42861(2010ལོར་སྡོམ་རྩིས་བྱས་པ) སྡོད་གནས་གཙོ་ཆེ་བ།
རིགས་དབྱེ། སྤྱི་ཚོགས། • མི་རིགས།
ཞི་པོ་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན་ལ། གཙོ་བོ་ལིའོ་ཉིང་དང་ཅི་ལིན། ཧེ་ལུང་ཅང་ཞིང་ཆེན་བཅས་སུ་འདུས་སྡོད་བྱས་ཡོད་པ་དང་། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སུའང་ཐར་ཐོར་དུ་གནས་ཡོད། བསྡོམས་པས་མི་གྲངས190000ལྷག་ཡོད། རྒྱ་ཡིག་གི་མིང་། 锡伯族 ཕྱི་ཡིག་གི་མིང་། Sibe people སྐད་ཡིག ཞི་པོའི་སྐད་ཡིག མི་གྲངས། 190481(2010ལོར་སྡོམ་རྩིས་བྱས་པ) སྡོད་གནས་གཙོ་ཆེ་བ། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དང་། ལིའོ་ཉིང་ཞིང་ཆེན།
རིགས་དབྱེ། སྤྱི་ཚོགས། • མི་རིགས།
ཐུའུ་ཅ་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན་ལ། རང་ལ“པུས་ཚི་ཁ”ཞེས་ཟེར་ཞིང་། རྒྱ་ཡིག་ཏུ“ཐུའུ་ཅ”ཟེར་བ་ནི་ཆིང་རྒྱལ་རབས་ཀྱི་དུས་མཇུག་ནས་བཟུང་དཔེ་གཞུང་དུ་བྱུང་། ཁོ་ཚོ་ནི་གཙོ་བོ་ཧུའུ་ནན་ཞིང་ཆེན་གྱི་བྱང་ཕྱོགས་དང་ཧུའུ་པེ་ཞིང་ཆེན་གྱི་ཨུན་ཧྲི་ས་ཁུལ། སི་ཁྲོན་ཞིང་ཆེན་གྱི་ཤར་ཕྱོགས་སུ་འདུས་སྡོད་བྱས་ཡོད། བསྡོམས་པས་མི་གྲངས8353912ལྷག་ཡོད། རྒྱ་ཡིག་གི་མིང་། 土家族 ཕྱི་ཡིག་གི་མིང་། Tujia Minority སྐད་ཡིག ཐུའུ་ཅའི་སྐད་དང་རྒྱ་སྐད་རྒྱ་ཡིག མི་གྲངས། 8353912(2010ལོར་སྡོམ་རྩིས་བྱས་པ) སྡོད་གནས་གཙོ་ཆེ་བ།
རིགས་དབྱེ། སྤྱི་ཚོགས། • མི་རིགས།
སོག་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུང་ནང་གི་གཅིག་ཡིན་ལ། གཙོ་བོ་ནང་སོག་རང་སྐྱོང་ལྗོངས་དང་ཞིན་ཅང་། མཚོ་སྔོན། ཀན་སུའུ། ཧེ་ལུང་ཅང་། ཅི་ལིན། ལིའོ་ཉིང་སོགས་ཞིང་ཆེན་གྱི་སོག་རིགས་རང་སྐྱོང་ཁུལ་དང་རྫོང་སོགས་སུ་འདུས་སྡོད་བྱས་ཡོད་ཅིང་། ཉིན་ཞ་དང་ཧོ་པེ། སི་ཁྲོན་དང་ཡུན་ནན། པེ་ཅིན་སོགས་ས་ཁུལ་དུའང་ཐོར་སྡོད་བྱས་ཡོད་པ་དང་། བསྡོམས་པས་མི་གྲངས5980000ལྷག་ཡོད། རྒྱ་ཡིག་གི་མིང་། 蒙古族 ཕྱི་ཡིག་གི་མིང་། Mongols སྐད་ཡིག སོག་སྐད་དང་སོག་ཡིག ཆོས་ལུགས། ནང་བསྟན་ཆོས་ལུགས།
རིགས་དབྱེ། སྤྱི་ཚོགས། • མི་རིགས།
ཧ་སག་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན། འབྱུང་ཁུངས་ནི་སྤྱི་ལོ་སྔོན་གྱི་དུས་རབས་དང་པོའི་དབྱི་ལིས་གཙང་བོའི་འབབ་རྒྱུད་ཀྱི“ཝུ་ཨུང”ཞེས་པ་དེ་ཡིན། དུས་ཡུན་རིང་བོར་མི་རིགས་གཞན་དག་གི་ཚོ་བ་དང་མཉམ་བསྲེས་བྱས་ནས་གྲུབ་པ་ཞིག་ཡིན། རྒྱ་ཡིག་གི་མིང་། 哈萨克族 ཕྱི་ཡིག་གི་མིང་། Kazakh སྐད་ཡིག ཧ་སག་སྐད་ཡིག མི་གྲངས། 1462588(2010ལོར་སྡོམ་རྩིས་བྱས་པ) ཆོས་ལུགས། དབྱི་སི་ལན་ཆོས་ལུགས། སྡོད་གནས་གཙོ་ཆེ་བ། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དང་ཀན་སུའུ་ཞིང་ཆེན།
རིགས་དབྱེ། སྤྱི་ཚོགས། • མི་རིགས།
མོན་པ་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན་ལ། “མོན་པ”ནི་མོན་ཡུལ་དུ་སྡོད་པའི་མི་ཞེས་པའི་དོན་ཡིན། གཙོ་བོ་བོད་ལྗོངས་ཀྱི་མེ་ཏོག་རྫོང་དང་མཚོ་སྣ་རྫོང་དུ་འདུས་སྡོད་བྱས་ཡོད་ཅིང་། ཉིང་ཁྲི་དང་རྫ་ཡུལ་སོགས་སུའང་གནས་ཡོད། བསྡོམས་པས་མི་གྲངས10561ལྷག་ཡོད། རྒྱ་ཡིག་གི་མིང་། 门巴族 སྐད་ཡིག མོན་པའི་སྐད་དང་། བོད་ཀྱི་སྐད་ཡིག ཆོས་ལུགས། ནང་བསྟན། མི་གྲངས། 10561(2010ལོར་སྡོམ་རྩིས་བྱས་པ) སྡོད་གནས་གཙོ་ཆེ་བ། བོད་རང་སྐྱོང་ལྗོངས། ངོ་སྤྲོད། མོན་པ་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན་ལ།
རིགས་དབྱེ། སྤྱི་ཚོགས། • མི་རིགས།
ཧྲུའེ་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན། གཙོ་བོ་ཀུའེ་ཀྲོའུ་སེན་ཏུའུ་ཧྲུའེ་རིགས་རང་སྐྱོང་རྫོང་དུ་འདུས་སྡོད་བྱས་ཡོད་ཅིང་། ཀུའེ་ཀྲོའུ་ཞིང་ཆེན་གྱི་ལི་པོ་དང་ཏུའུ་ཧྲན། ཏུའུ་ཡུན། ཚུང་ཅང་རྫོང་དང་ཀོང་ཞིའི་རོང་ཨན་དང་ནན་ཏན། ཧི་ཁྲི་རྫོང་སོགས་སུའང་ཐོར་སྡོད་བྱས་ཡོད། བསྡོམས་པས་མི་གྲངས411847ལྷག་ཡོད། རྒྱ་ཡིག་གི་མིང་། 水族 སྐད་ཡིག ཧྲུའེ་སྐད་དང་རྒྱ་ཡིག མི་གྲངས། 411847(2010ལོར་སྡོམ་རྩིས་བྱས་པ) ཆོས་ལུགས། ལྷ་མང་ལ་དད་པ་བྱེད་པ།
རིགས་དབྱེ། སྤྱི་ཚོགས། • མི་རིགས།
བོད་མིས་དོན་གང་ཞིག་ལ་ཡག་གཙོག་གི་རྣམ་འགྱུར་མཚོན་དགོས་པ་དང་། དོན་གང་ཞིག་ལ་འུ་ཐུག་གི་ཞུ་བ་འཐེན་དགོས་པ་བཅས་ལ་མཐེ་བོང་དང་མཛུབ་ཆུང་ཀེར་བའི་སྲོལ་ཞིག་ཡོད་པའོ།། རིགས་དབྱེ། ཡུལ་སྲོལ། ངོ་སྤྲོད། བོད་མིས་དོན་གང་ཞིག་ལ་ཡག་གཙོག་གི་རྣམ་འགྱུར་མཚོན་དགོས་པ་དང་། དོན་གང་ཞིག་ལ་འུ་ཐུག་གི་ཞུ་བ་འཐེན་དགོས་པ་བཅས་ལ་མཐེ་བོང་དང་མཛུབ་ཆུང་ཀེར་བའི་སྲོལ་ཞིག་ཡོད་པ་སྟེ། དོན་གང་ཞིག་འགྲིག་འདུག་ཅེས་བསྔགས་བརྗོད་བྱ་དགོས་ན། མཐེ་བོང་ཀེར་ནས་བསྔགས་བརྗོད་ཀྱི་རྣམ་འགྱུར་མཚོན་པར་བྱེད་ལ། ཡང་དོན་གང་ཞིག་མ་འགྲིག་པ་དང་སྡུག་པ་ཞིག་ཡིན་ཕྱིན་མཛུབ་ཆུང་ཀེར་ནས་ཡག་པོ་མིན་པའི་རྣམ་འགྱུར་མཚོན་པར་བྱེད་ཅིང་། འུ་ཐུག་ནས་ཞུ་འབོད་བྱེད་དགོས་པའི་དོན་ཞིག་ཡིན་ཕྱིན་མཐེ་བོང་གཉིས་ཀ་ཀེར་ཏེ་ཞུ་བ་འཐེན་པའི་རྣམ་འགྱུར་མཚོན་པར་བྱེད་ཀྱི་ཡོད།
རིགས་དབྱེ། སྤྱི་ཚོགས། • མི་རིགས།
སྤྱིར་བཏང་བོད་མི་རྣམས་འདྲིས་ཟིན་པའི་རྗེས་སུ་ཡིད་བརྟན་ཆོག་པའི་གྲོགས་པོར་འགྱུར་བ་ནི་བོད་མིའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་རེད། འོན་ཀྱང་བོད་མིའི་གྲོགས་པོ་ཞེས་པ་དེ་ཕན་ཚུན་ངོ་ཤེས་པའམ་ཡུན་དུ་འདྲིས་པ་ཙམ་གྱིས་མི་ཆོག་ཅིང་། བོད་མི་དག་གིས་མནའ་འཇོག་ཅེས་བྱ་བའི་གྲོགས་པོ་ཐུན་མོང་མ་ཡིན་པ་ཞིག་བྱེད་སྲོལ་ཡོད་པ་རེད། དེ་ཡང་མི་སྡེ་དང་མི་སྡེའི་བར་གྱི་མནའ་འཇོག་གལ་ཆེའི་རིགས་བྱེད་དགོས་པའི་ཚེ། ཀོ་དམར་ཁྲག་བརྫིས་ཞེས་བྱ་བའི་མནའ་འཇོག་སྲོལ་ཡོད་འདུག་ཅིང་། དེའི་སྤྱོད་ཚུལ་ནི་ཡུལ་སྡེའམ་ཤོག་ཁག་ཕན་ཚུན་གྱི་རྒན་པོ་རྣམས་གནས་ཤིག་ཏུ་ལྷན་དུ་འདུས་ཤིང་།
རིགས་དབྱེ། སྤྱི་ཚོགས། • མི་རིགས།
འབྲོག་པ་རྣམས་ལ་དབྱར་དགུན་སྟོན་དཔྱིད་ཀྱི་དུས་སོ་སོར་མཚེར་ས་སོ་སོར་ཡོད་འདུག་ཅིང་། དེ་ཡང་དབྱར་དུས་སུ་འབྲོག་སྡེ་རུ་ཤོག་སོ་སོས་རུ་བསྐོར་ཆེ་ཆུང་སྣ་ཚོགས་བྱས་ཏེ་སྤང་ཐང་དང་། རིའི་སྒང་སོགས་རྩྭ་ཁ་གང་བཟང་གནས་རྣམས་སུ་སྤོ་སྡོད་བྱེད་ཅིང་། དེ་ནི་སྤྱིར་བཏང་ཡུལ་ཁག་སོ་སོའི་ཁོངས་གཏོགས་ཀྱི་ས་མཚམས་སམ། འགའ་ཤས་ལ་རུ་ཤོག་སོ་སོར་སྒེར་དབང་གི་ས་མཚམས་ཡོད་འདུག་པ་ཙམ་ལས་མི་ཚང་སོ་སོར་སྒེར་དབང་གི་ས་ཆ་ཡོད་སྲོལ་མི་འདུག སྟོན་དུས་ནི་འབྲོག་མིའི་ཁ་དཔེར་སྟོན་འོ་ཕྱེད་མར་ཕྱེད་ཅེས་སུ་གྲགས་པ་བཞིན་འབྲོག་པ་ཚོས་ཤེད་གསོག་འཇོག་བྱེད་པའི་དུས་ཚིགས་ཁྱད་པར་ཅན་ཞིག་ཡིན་པར་བརྟེན།
རིགས་དབྱེ། སྤྱི་ཚོགས། • མི་རིགས།
ཆབ་འགག་ཡུལ་འདིར་ཡང་དུས་རྒྱུན་གྱི་འཚོ་བའི་ནང་འཛེམ་བྱའི་རིགས་ཧ་ཅང་མང་སྟེ་དཔེར་ན་བཟའ་བཏུང་སྐོར་གྱི་འཛེམ་བྱ། གྲངས་ཀའི་སྐོར་གྱི་འཛེམ་བྱ། སྐད་ཆའི་སྐོར་གྱི་འཛེམ་བྱ། སྤྱོད་ལམ་སྐོར་གྱི་འཛེམ་བྱ་བཅས་ཡོད་པ་ལས། ཆབ་འགག་ཡུལ་གྱི་བཟའ་བཏུང་གི་སྐོར་ཡང་བོད་ཁམས་སྤྱིའི་བཟའ་བཏུང་གི་སྲོལ་དང་གཅིག་མཚུངས་ཡིན་ཏེ་གཙོ་བོ་ཤ་ཁྲག་ཚིལ་ཏེ་དམར་གསུམ་དང་། འོ་ཞོ་མར་ཏེ་དཀར་གསུམ་སོགས་ལ་བརྟེན་པ་དང་། རྟ་བོང་དྲེལ་གསུམ་གཙོས་སེམས་ཅན་རྨིག་ཟླུམ་ཅན་གྱི་ཤ་དང་། གླག་དང་རྒོད་པོ་ཁྲུང་ཁྲུང་གསུམ་གཙོས་འདབ་ཆགས་བྱ་ཡི་ཤ་དང་སྒོང་ང་། སྟག་དྲེད་ཁྱི་གསུམ་གཙོས་གཅན་གཟན་སྡེར་མོ་ཅན་གྱི་ཤ་དང་། ཉ་སྲམ་སྦལ་གསུམ་གཙོས་ཆུའི་ནང་གི་སྲོག་ཆགས་བཅས་ཀྱི་ཤ་ཟ་བ་ལ་ཧ་ཅང་འཛེམ།
རིགས་དབྱེ། སྤྱི་ཚོགས། • མི་རིགས།
ལོ་གསར་ཚེས་པ་གཅིག་ཉིན་རྟེན་འབྲེལ་གྱི་བྱ་བ་བཟང་པོ་ཁོ་ན་སྤེལ་དགོས་པ་ལས། ཁ་བརྡ་ངན་པ་སོགས་བཀྲ་མི་ཤིས་པའི་བྱ་བའི་རིགས་མི་ལེགས་པ་བྱ་རྒྱུར་དོ་སྣང་ཧ་ཅང་ཆེན་པོ་བྱེད་སྲོལ་ཡོད། རིགས་དབྱེ། འཚོ་བའི་འཛེམ་བྱ། ངོ་སྤྲོད། ལོ་གསར་ཚེས་པ་གཅིག་ཉིན་རྟེན་འབྲེལ་གྱི་བྱ་བ་བཟང་པོ་ཁོ་ན་སྤེལ་དགོས་པ་ལས། ཁ་བརྡ་ངན་པ་སོགས་བཀྲ་མི་ཤིས་པའི་བྱ་བའི་རིགས་མི་ལེགས་པ་བྱ་རྒྱུར་དོ་སྣང་ཧ་ཅང་ཆེན་པོ་བྱེད་སྲོལ་ཡོད།
རིགས་དབྱེ། སྤྱི་ཚོགས། • མི་རིགས།
བོད་མིས་ཕྲུ་གུ་དམར་འབྱར་ཕྱིར་འཁྲིད་དུས་ཕྲུ་གུའི་སྣ་ཁུག་ཐོག་སྲེ་ནག་བྱུག་པའི་སྲོལ་ཞིག་རྒྱུན་དུ་གང་སར་མཐོང་རྒྱུ་ཡོད། དེའི་དགོས་པ་གང་ཡིན་ཟེར་ན། བོད་པ་རྣམས་ཀྱི་གནའ་སྲོལ་ལྟར་ན། རང་ཡུལ་གྱི་མཛེས་ཆའམ་བཟང་ཆ་རྣམས་ཕྱོགས་ཀྱི་མིའམ་འདྲེ་ལྷ་གང་རུང་གི་དོ་སྣང་བྱ་ཡུལ་དུ་གྱུར་ན། དེར་མི་ཁ་ཟུག་པ་དང་ཡང་ན་འདྲེ་ཡི་གནོད་པ་ཡོང་པར་ངོས་འཛིན་བྱས་ནས་ཆེད་མངགས་རང་ཕྱོགས་འཇིགས་སུ་རུང་བའི་གཟུགས་སུ་གྲུབ་ནས། ཕར་ཕྱོགས་ཀྱི་གནོད་པ་འགོག་པའི་ཐབས་ལམ་ཞིག་ཡིན་པར་གྲགས། རིགས་དབྱེ། ཡུལ་སྲོལ།
རིགས་དབྱེ། སྤྱི་ཚོགས། • མི་རིགས།
འབྲོག་མིའི་སྒོ་ཕྱུགས་ཀྱི་ནང་དུ་ཤེད་ནོར་ཞེས་བྱ་བའི་འབྲི་གཡག་གི་རྭ་ཐམ་མི་འདྲ་བ་ཅི་རིགས་ཡོད་པ་མང་དུ་སྣང་ཞིང་། དེ་དག་ནི་འབྲོག་སྡེ་སོ་སོའི་ཁུལ་གྱི་དགོན་སྤྱི་ཁག་གམ། བླ་སྤྱི་ཁག་གམ། འབྲོག་སྡེ་དེའི་ཁོངས་ཀྱི་སྤྱི་གང་རུང་ནས་བཞག་པའི་ཤེད་ནོར་ཏེ། ནོར་བདག་སོ་སོས་ལོ་རེ་བཞིན་ཤེད་བདག་ལ་ཤེད་ཞེས་བྱ་བའི་མར་ཞིག་འབུལ་དགོས་ཀྱི་ཡོད་པ་རེད། རིགས་དབྱེ། ཡུལ་སྲོལ། ངོ་སྤྲོད། འབྲོག་མིའི་སྒོ་ཕྱུགས་ཀྱི་ནང་དུ་ཤེད་ནོར་ཞེས་བྱ་བའི་འབྲི་གཡག་གི་རྭ་ཐམ་མི་འདྲ་བ་ཅི་རིགས་ཡོད་པ་མང་དུ་སྣང་ཞིང་། དེ་དག་ནི་འབྲོག་སྡེ་སོ་སོའི་ཁུལ་གྱི་དགོན་སྤྱི་ཁག་གམ། བླ་སྤྱི་ཁག་གམ། འབྲོག་སྡེ་དེའི་ཁོངས་ཀྱི་སྤྱི་གང་རུང་ནས་བཞག་པའི་ཤེད་ནོར་ཏེ། ནོར་བདག་སོ་སོས་ལོ་རེ་བཞིན་ཤེད་བདག་ལ་ཤེད་ཞེས་བྱ་བའི་མར་ཞིག་འབུལ་དགོས་ཀྱི་ཡོད་པ་རེད།
རིགས་དབྱེ། སྤྱི་ཚོགས། • མི་རིགས།
འབྲོག་ལས་ནི་གཙོ་བོ་འཚོ་རྟེན་རྟ་ནོར་ལུག་གསུམ་ལ་བྱེད་པའི་འཚོ་བ་རོལ་སྟངས་ལ་ཟེར་ཞིང་། འབྲོག་པའི་སྡོད་གནས་གཏན་འཁེལ་མིན་ལ། དུས་བཞིའི་རིང་ལ་གནས་གསུམ་ནས་བཞི་སྤོར་ནས་འགྲོ་བ་ཡིན། བྱང་ཐང་གི་འབྲོག་པ་རྣམས་ནི་དུས་བཞིར་དབྱེ་བ་མེད་པར་སྦྲ་ནང་དུ་སྡོད་པ་དང་། རོང་ཕྱོགས་དང་ཐག་ཉེ་བའི་འབྲོག་པ་ཡིན་ན་དབྱར་ཁ་སྦྲ་དང་དགུན་ཁར་ཁང་པར་སྡོད་པ་རེད། འབྲོག་པའི་འཚོ་རྟེན་གཙོ་བོ་ནོར་ལུག་ཡིན་སྟབས། དུས་བཞིར་ས་ཆ་གང་དུ་རྩྭ་ཆུ་འཛོམས་ན་དེ་རུ་གནས་སྤོ་བ་རེད། རྒྱ་ཡིག་གི་མིང་། 牧业 ངོ་སྤྲོད།
རིགས་དབྱེ། སྤྱི་ཚོགས། • མི་རིགས།
ཆའང་ཡིག་ནི་ཆའང་རིགས་ཀྱི་བཀོལ་སྤྱོད་བྱེད་པའི་ཆའང་གི་སྐད་ཡིག་ལ་ཟེར་ཞིང་། ཆའང་སྐད་ནི་རྒྱ་བོད་སྐད་ཁོངས་ཀྱི་བོད་འབར་སྐད་རིགས་ཀྱི་ཁོངས་སུ་གཏོགས་པ་དང་། ད་ལྟའི་ཆའང་སྐད་ལ་གཙོ་བོ་ནི་ལྷོ་ཕྱོགས་དང་བྱང་ཕྱོགས་གཉིས་ཀྱི་ཡུལ་སྐད་དུ་དབྱེ་ཡོད་པ་དང་། ཡུལ་སྐད་བར་སྐད་བརྡ་འཕྲོད་མི་ཐུབ་པ་དང་། ཆའང་ཡིག་ནི་ཆའང་སྐད་གཅིག་གྱུར་ཡོང་བར་བྱེད་པའི་ཐབས་ཤེས་ཤིག་ཡིན། ད་ལྟར་བེད་སྤྱོད་བྱས་པའི་ཆའང་ཡིག་ནི་རྒྱལ་ཁབ་ཀྱི་གསར་འཛུགས་བྱས་པ་ཡིན་ལ། ས་ཁུལ་ལ་ལར་བེད་སྤྱོད་བྱས་མེད།
རིགས་དབྱེ། སྤྱི་ཚོགས། • མི་རིགས།
མི་རིགས། བརྡ་འགྲེལ 90 ཡོད། |