སོག་རིགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སོག་རིགས།
སོག་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུང་ནང་གི་གཅིག་ཡིན་ལ། གཙོ་བོ་ནང་སོག་རང་སྐྱོང་ལྗོངས་དང་ཞིན་ཅང་། མཚོ་སྔོན། ཀན་སུའུ། ཧེ་ལུང་ཅང་། ཅི་ལིན། ལིའོ་ཉིང་སོགས་ཞིང་ཆེན་གྱི་སོག་རིགས་རང་སྐྱོང་ཁུལ་དང་རྫོང་སོགས་སུ་འདུས་སྡོད་བྱས་ཡོད་ཅིང་། ཉིན་ཞ་དང་ཧོ་པེ། སི་ཁྲོན་དང་ཡུན་ནན། པེ་ཅིན་སོགས་ས་ཁུལ་དུའང་ཐོར་སྡོད་བྱས་ཡོད་པ་དང་། བསྡོམས་པས་མི་གྲངས5980000ལྷག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
蒙古族
ཕྱི་ཡིག་གི་མིང་།
Mongols
སྐད་ཡིག
སོག་སྐད་དང་སོག་ཡིག
ཆོས་ལུགས།
ནང་བསྟན་ཆོས་ལུགས།
མི་གྲངས།
5981840(2010ལོར་སྡོམ་རྩིས་བྱས་པ)
སྡོད་གནས་གཙོ་ཆེ་བ།
ནང་སོག་རང་སྐྱོང་ལྗོངས་སུ་འདུས་སྡོད་བྱས་ཡོད་ལ། གཞན་ཡང་བྱང་ཤར་དང་ནུབ་བྱང་སོགས་སུའང་ཁྱབ་ཡོད།
1 ​ངོ་སྤྲོད།

སོག་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུང་ནང་གི་གཅིག་ཡིན་ལ། གཙོ་བོ་ནང་སོག་རང་སྐྱོང་ལྗོངས་དང་ཞིན་ཅང་།.jpg མཚོ་སྔོན། ཀན་སུའུ། ཧེ་ལུང་ཅང་། ཅི་ལིན། ལིའོ་ཉིང་སོགས་ཞིང་ཆེན་གྱི་སོག་རིགས་རང་སྐྱོང་ཁུལ་དང་རྫོང་སོགས་སུ་འདུས་སྡོད་བྱས་ཡོད་ཅིང་། ཉིན་ཞ་དང་ཧོ་པེ། སི་ཁྲོན་དང་ཡུན་ནན། པེ་ཅིན་སོགས་ས་ཁུལ་དུའང་ཐོར་སྡོད་བྱས་ཡོད་པ་དང་། བསྡོམས་པས་མི་གྲངས5980000ལྷག་ཡོད། མི་རིགས་དེ་ནི་རང་རྒྱལ་གྱི་ལྷོ་ནུབ་ས་ཁུལ་གྱི་མི་རིགས་གཙོ་བོ་ཡིན་པར་མ་ཟད། ཕྱི་སོག་དང་། ཨུ་རུ་སུ། ཧ་ས་ཁུ་སི་ཐན་སོགས་རྒྱལ་ཁབ་ཀྱི་མི་རིགས་གཙོ་བོའང་ཡིན།

སོག་པོས་རང་ཉིད་ལ“སོག་པོ”(Mongol)ཞེས་འབོད་པ་དང་། “སོག་པོ”ཞེས་པའི་མིང་དེ་ཆེས་སྔ་དུས་ཀྲུང་གོའི《ཐང་ཡིག་རྙིང་མ》དང《ཆི་ཏན་རྒྱལ་རབས》སུ་འཁོད་ཡོད་ལ། “མེ་ལྕེ་ཚེ་འབར”ཡི་དོན་ཡིན། སོག་སྐད་ནི་ཨ་འེར་ཐད་སྐད་ཁོངས་སུ་གཏོགས་པ་དང་སོག་པོ་རང་ཉིད་ལ་ཡི་གེ་ཡོད།  སོག་སྐད་ལ་ནང་སོག་གི་སྐད་དང་། དབུས་ལ་ཐུའི་སྐད། པར་ཧོ་པུ་ལི་ཡཱ་ཐུའི་སྐད། ཁུར་ཆིན་གྱི་སྐད་བཅས་ཡུལ་སྐད་བཞི་ཡོད། ད་ལྟ་སྤྱོད་བཞིན་པའི་ཡི་གེ་ནི་དུས་རབས་བཅུ་གསུམ་པའི་སྟོད་ལ་ཧོས་ཧི་ཡི་གེ་ལས་གསར་བཟོ་བྱས་པ་ཡིན་ལ། དུས་རབས་བཅུ་བཞི་པའི་སྟོད་ལ་སོག་པོའི་མཁས་པ་ཆོས་རྗེ་ཧན་སེར་ལགས་ཀྱིས་སྔར་ཡོད་ཡི་གེ་ལེགས་བཅོས་བྱས་ཏེ་ད་བར་དུ་སྤྱི་ཁྱབ་དང་ཚད་ལྡན་དུ་བརྩིས་ནས་བཀོལ་བཞིན་ཡོད།

1947ལོའི་ཟླ5བའི་ཚེས1ཉིན་སོག་རིགས་མང་བོ་འདུས་སྡོད་བྱེད་སའི་ལྟེ་གནས་སུ་ནང་སོག་རང་སྐྱོང་ལྗོངས་བཙུགས་པ་རེད། དེ་ནི་རང་རྒྱལ་གྱི་རང་སྐྱོང་ལྗོངས་ལྔའི་ནང་འཛུགས་ཆེས་སྔ་བའི་ཞིང་ཆེན་རིམ་པའི་རང་སྐྱོང་གི་ས་གནས་ཤིག་ཡིན།

སོག་རིགས་མི་དམངས་ཀྱིས་སྔོན་དུ་ས་མཎ་ཆོས་ལུགས་ལ་དད་པ་དང་། རྗེས་སུ་ནང་བའི་བསྟན་པ་ལ་དད་པ་རེད། སོག་རིགས་རྟ་ཞོན་པར་དགའ་ཞིང་སྐྱ་རྩལ་འཛོམས་པས་རྟ་ཐོག་གི་མི་རིགས་ཞེས་འབོད་བཞིན་ཡོད།

སོག་རིགས་མི་དམངས་ཀྱི་འཚོ་རྟེན་གཙོ་བོ་ནི་ཕྱུགས་ལས་ཡིན་ལ། དེ་མིན་ལས་སྣོན་དང་རྨོ་འདེབས། བཟོ་ལས་སོགས་ཀྱང་དཔལ་འབྱོར་གྱི་ཡོངས་ཁུངས་ཡིན། སོག་པོ་མི་དམངས་གླུ་གར་ལ་མཁས་ཤིང་སྒྲ་སྙན་རྟ་མགོ་མ་དཀྲོལ་བར་དགའ། སོག་པའི་སྦྲ་གུར་དང་ཤིང་རྟའི་འཁོར་ལོ་གཉིས་ནི་ཁོ་ཚོའི་འཚོ་བའི་གཞི་རྟེན་ཡིན།.jpg

སོག་པོ་མི་རིགས་ཀྱི་ལོ་རྒྱུས་ཁྲོད་མི་སྣ་གྲགས་ཅན་གང་མང་བྱུང་ཡོད་དེ། སོག་པོ་རྒྱལ་ཁབ་ཀྱི་གསར་འཛུགས་པ་ཇིང་གར་རྒྱལ་པོ་དང་། ཡོན་རྒྱལ་རབས་འཛུགས་མཁན་ཧུ་པེ་ལེ་སོགས་དང་།  དེང་རབས་ལོ་རྒྱུས་ཁྲོད་གསར་བརྗེ་པ་ཝའུ་ལན་ཧྥུ་དང་། མཚན་ཉིད་པ་ལིང་ཧྲའུ་མན། སྙན་ངག་པ་ཞའི་མའོ་རུང་། མདོ་འཛིན་པ་གྲགས་ཅན་པའེ་ཡན་སུང་། གླུ་བ་གླུ་མ་གྲགས་ཅན་ཐིན་གུར་དང་བདེ་བདེ་མ། འཁྲབ་སྟོན་པ་གྲགས་ཅན་སའུ་ཆིན་ཀོ་ཝ་དང་། སཱ་རི་ན། པའོ་ཅན་ཧྥིན་སོགས་མང་པོ་ཡོད།

2 འཕེལ་རིམ།

1271ལོར་སོག་པོ་རྒྱལ་ཁབ་ལ་ཡོན་རྒྱལ་ཁབ་ཀྱི་མཚན་མིང་གནང་བ་དང་། ཧེ་པེ་ལེས་མངའ་བདག་མཛད། རྗེས་སུ་སོག་པོ་མི་དམང.jpgས་ཀྱིས་ཡོན་ཧྲི་ཙོ་ཞེས་བཀུར་འབོད་བྱེད། ཡོན་རྒྱལ་རབས་ཀྱི་དུས་སུ། སོག་པོ་མི་དམངས་ཀྱིས་ཡ་ཨོ་སྐམ་ས་ཆེན་མོའི་གཅིག་གྱུར་ཆེས་ཆེན་པོ་བྱས་ཏེ། དུས་དེར་འཛམ་གླིང་སྟེང་གི་རྒྱ་ཁྱོན་ཆེས་ཆེ་ཞིང་དམག་དོན་ཐད་ཆེས་སྟོབས་ཤུགས་ལྡན་པའི་རྒྱལ་ཁབ་ཅིག་ཏུ་གྱུར། ཡོན་རྒྱལ་རབས་གཅིག་གྱུར་བྱུང་བར་འཛམ་གླིང་ལོ་རྒྱུས་སྟེང་དོན་སྙིང་གལ་ཆེན་ལྡན་སྟེ། དེ་ལས་ཐང་རྒྱལ་རབས་ཀྱི་དུས་མཇུག་ནས་ཁ་ཕྲལ་བཅད་བཟུང་དང་སྲིད་དབང་ཁ་ཤས་དུས་གཅིག་ཏུ་གནས་པའི་ཆབ་སྲིད་ཀྱི་རྣམ་པ་དེ་མཇུག་རྫོགས་པ་དང་།  ཡོན་དང་ཆིན་རྒྱལ་རབས་ཀྱི་སྲིད་དབང་གཅིག་གྱུར་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།  

ཆིན་རྒྱལ་རབས་ཀྱི་དུས་སུ་བྱེ་ཐང་ལྷོ་མ(ནང་སོག)དང་། བྱེ་ཐང་བྱང་མ( ཕྱི་སོག)བྱེ་ཐང་ནུབ་མ་སོགས་ཆིན་རྒྱལ་རབས་ཀྱི་མངའ་འོག་ཏུ་བསྡུས་པ་རེད།

1947ལོའི་ཟླ5བའི་ཚེས1ཉིན་ཝུ་ལན་ཧྥུས་སྣེ་ཁྲིད་འོག་ནང་སོག་རང་སྐྱོང་ལྗོངས་བཙུགས་པ་དང་།  དེ་ནས་རིམ་བཞིན་རང་སྐྱོང་ཁུལ་དང་རང་སྐྱོང་རྫོང9བཙུགས་པ་སྟེ། 1954ལོའི་ཟླ6པའི་ཚེས23ཉིན་ཞིན་ཅིང་པར་ཡན་གའོ་ལིན་སོག་རིགས་རང་སྐྱོང་ཁུལ་བཙུགས། 1954ལོའི་ཟླ7པའི་ཚེས13ཉིན་ཞིན་ཅང་པའོ་ཐཱ་ལ་སོག་རིགས་རང་སྐྱོང་ཁུལ་བཙུགས། 1954ལོའི་ཟླ1པའི་ཚེས25ཉིན་མཚོ་སྔོན་མཚོ་ནུབ་སོག་རིགས་རང་སྐྱོང་ཁུལ་བཙུགས། 1954ལོའི་ཟླ9བའི་ཚེས10ཉིན་ཞིན་ཅང་པུ་ཧི་ཁེ་སེར་སོག་རིགས་རང་སྐྱོང་རྫོང་བཙུགས། 1950ལོའི་ཟླ7པའི་ཚེས29ཉིན་ཀན་སུའུ་སུའུ་བྱང་སོག་རིགས་རང་སྐྱོང་རྫོང་བཙུགས། 1954ལོའི་ཟླ10བའི་ཚེས16ཉིན་མཚོ་སྔོན་ཧི་ནན་སོག་རིགས་རང་སྐྱོང་རྫོང་བཙུགས། 1956ལོའི་ཟླ9བའི་ཚེས1ཉིན་ཅི་ལིན་ཆིན་གོར་ལོ་སི་སོག་རིགས་རང་སྐྱོང་རྫོང་བཙུགས། 1956ལོའི་ཟླ12པའི་ཚེས5ཉིན་ཧེ་ལུང་ཅང་ཏུའུ་པའོ་ཐེ་སོག་རིགས་རང་སྐྱོང་རྫོང་བཙུགས། 1958ལོའི་ཟླ4བའི་ཚེས1ཉིན་ལིའོ་ཉིང་ཧྥུའུ་ཞིན་སོག་རིགས་རང་སྐྱོང་རྫོང་བཙུགས།

3 རིག་གནས་གོམས་སྲོལ།
3_1 རྒྱན་གོས།

སོག་རིགས་མི་དམངས་ཀྱིས་དགུན་ཁར་སློག་པ་གོན་ཞིང་གོས་ཀྱི་སྐ་རགས་དམར་བོ་དང་ལྗང་ཁུ་བཅིངས་ལ། དབྱར་ཁར་གོང་བ་ཡོད.jpg་པའི་ལྭ་རིང་གོན་པ། རྒྱན་མཆོས་སྤྲས་དུས་གྲི་ཆུང་འདོགས་པ་དང་བུད་མེད་ཚོ་མགོ་རྒྱན་དང་། རྣ་ལུང་། སྐེ་རྒྱན། ལག་གདུབ། སོར་གདུབ་སོགས་འདོགས་པར་དགའ།

3_2 བཟའ་བཏུང་།

སོག་པོ་མི་རིགས་ཀྱི་བཟའ་བཏུང་ལ་རང་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་ཞིང་། དཔེར་ན་ལུག་ཤ་ཧྲིལ་བོ་བསྲེགས་པ་དང་།  སོག་པོའི་མོག་མོག ལུག་སུག་བསྲེགས་པ། འོ་ཕྱུར། སོག་པོའི་ཤ་ཐུམ་བག་ལེབ་སོགས་མང་པོ་འདུག  ཁོ་ཚོ་འོ་མ་དང་ཤ་ལ་ཤིན་ཏུ་དགའ་སྟེ། འོ་མའི་རིགས་ལ་བ་མོ་འོ་མ་ལས་གཞན་ད་དུང་རྟ་དང་ལུག  .jpgཤ་བ།  རྔ་མོང་སོགས་ཀྱི་འོ་མ་ཡང་བཏུང་བར་མ་ཟད། འོ་མ་དེ་དག་ལས་ཕྱུར་བ་དང་། མར། འོ་ཕྱེ་སོགས་ལས་སྣོན་བྱས་ཏེ་སྤྱོད་པ་ཡིན། ཤའི་རིགས་གཙོ་བོ་གླང་ཤ་དང་ལུག་ཤ། དེ་ནས་ར་ཤ་དང་རྔ་མོང་གི་ཤ། རྟའི་ཤ་སོགས་སྤྱོད། རྒྱུན་ལྡན་གྱི་སྲོལ་རྒྱུན་བཟའ་བཏུང་ལས་ཤའི་རིགས་ཀྱི་ཟས་སྣ70ལྷག་ཡོད། སོག་པོ་མི་རིགས་ནི་ཇ་འཐུང་བར་ཧ་ཅང་དགའ་སྟེ། ཇ་དམར་ལས་གཞན་འོ་ཇ་འཐུང་བ་ཡིན། ནངས་སྔ་མོ་དོན་བྱ་དང་པོ་ནི་ཇ་སྐོལ་ནས་ཇ་དཀར་ཡོལ་གང་འཐུང་རྒྱུ་དེ་ཡིན། སོག་རིགས་ཀྱི་རྟའི་འོ་ཆང་ནི་ཤིན་ཏུ་གྲགས་ཅན་ཞིག་ཡིན་ལ། དུས་རྒྱུན་གྱི་འཚོ་བའོ་ཁྲོད་མགྲོན་པོ་བསུ་བ་དང་དུས་སྟོན་ལ་རོལ་སྐབས་བཏུང་བ་ཡིན།

3_3 ཆོས་ལུགས་དད་མོས།

ས་མཎ་ཆོས་ལུགས་ནི་སོག་རིགས་ཀྱི་གདོད་མའི་ཆོས་ལུགས་ཡིན་ལ། ཇིང་གིར་རྒྱལ་པོ་ས་མཎ་ཆོས་ལུགས་ལ་ཤིན་ཏུ་དད་པས། .jpgཡོན་རྒྱལ་.jpgརབས་ཀྱི་བར་དུ་སོག་པོའི་སྤྱི་ཚོགས་སྟེང་ས་མཎ་ཆོས་ལུགས་ཀྱིས་གོ་གནས་གལ་ཆེན་བཟུང་ཡོད། དེ་ནས་ཇིང་གིར་རྒྱལ་པོ་ཁོང་གི་རྗེས་འཛིན་པ་དག་གིས་ཆོས་ལུགས་སྣ་མང་མཉམ་གནས་བྱེད་པའི་སྲིད་ཇུས་ལག་ཏུ་བསྟར་བ་ནས་བཟུང་། སངས་རྒྱས་ཆོས་ལུགས་དང་། ཏའོ་ཅའོ་ཆོས་ལུགས། དབྱི་སི་ལན་ཆོས་ལུགས། ཡེ་ཤུའི་ཆོས་ལུགས། ས་མཎ་ཆོས་ལུགས་སོགས་ཆོས་ལུགས་མང་པོ་ཞིག་དར་བ་རེད། དུས་རབས16པའི་སྨད་ལ། སོག་པོ་ཨན་ཏཱ་ཧན་གྱིས་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་གྲུབ་མཐའ་ནང་འདྲེན་བྱས་པ་དང་། 1578ལོར་ཨན་ཏཱ་ཧན་དང་ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་གཉིས་མཚོ་སྔོན་དུ་ཐུགས་མཇལ་གནང་ནས། ཆོས་ཚོགས་འཚོགས་པ་དང་། ཆོས་ཚོགས་སྟེང་བསོད་ནམས་རྒྱ་མཚོ་ལ་ཏཱ་ལའི་བླ་མ་ཞེས་ཆོ་ལོ་བསྩལ། དེ་ནས་མིང་རྒྱལ་རབས་དང་ཆིན་རྒྱལ་རབས་ཀྱི་དུས་སུ་སོག་པོ་ས་ཁུལ་དུ་བོད་བརྒྱུད་ནང་བསྟན་ལ་འཕེལ་རྒྱས་ཆེན་མོ་བྱུང་བ་རེད།

3_4 མི་ཚེའི་ཆོ་སྒྲུབ།

སོག་རིགས་ཀྱི་གཉེན་སྒྲིག་ཕལ་ཆེར་ལུགས་རྙིང་གི་ཟླ་བཅུ་གཉིས་པ་དང་ཟླ་དང་པོར་བྱེད། འདས་མཆོད་བྱེད་སྐབས། མི་རྒན་པ་ཚེ་ལས་འདས་རྗེས་མིས་འཁུར་བ་དང་། ཕལ་བ་ཚེ་ལས་འདས་ཚེ་ཤིང་རྟ་དང་ཡང་ན་རླངས་འཁོར་གྱིས་འདྲེན་པ་རེད། མི་ཚེ་ལས་འདས་རྗེས་ཁྱིམ་དུ་ཉིན་གསུམ་དང་ལྔ། བདུན་ལ་བཞག་རྗེས་ད་གཟོད་དུར་སྦས་བྱས་ཆོག

3_5 དུས་ཆེན།

དམངས་ཁྲོད་དུ་ཆེས་གཞི་རྒྱ་ཆེ་བའི་དུས་ཆེན་ནི་དཀར་དུས་ཅེས་པ་རྒྱའི་ལོ་སར་དང་འདྲ་བའི་དུས་ཆེན་དེ་ཡིན་ལ། དེ་ནི་འོ་ཟས་ཀྱི་ད.jpgཀར་གཙང་དང་འབྲེལ་བ་ཡོད་པར་བཤད། དེར་བཀྲ་ཤིས་རྟེན་འབྲེལ་གྱི་ནང་དོན་འདུས། དཀར་དུས་ནི་ལོ་སར་གྱི་དུས་དང་གཅིག་མཐུན་ཡིན་ལ། གནམ་གང་གི་ཉིན་དེར་ཁྱིམ་མི་ཚང་མའི་ཤ་དང་མོག་མོག་ལ་རོལ་བ་དང་། ཚེས་གཅིག་གི་སྔ་མོ་གཞོན་པ་ཚོས་རྒན་པར་ཆང་འདྲེན་དགོས། དེ་མིན་ན་གཞོན་ཚོས་རྟ་རྒྱུག་སོགས་རིག་རྩལ་བྱ་འགུལ་སྤེལ་བཞིན་ཡོད།

ལོ་རེའི་ཟླ་བདུན་པ་ནས་ཟླ་བརྒྱད་པའི་སྐབས་སོག་རིགས་མི་དམངས་ཀྱིས་སྲོལ་རྒྱུན་དུས་ཆེན“ན་ད་མོ”ཚོགས་ཆེན་འཚོགས་ལ། ཚོགས་ཆེན་གྱི་སྐབས་སུ་རྟ་རྒྱུག་དང་རྔ་མོང་འགྲན་པ། འཇུ་རེས་བྱེད་པ། མདའ་འཕེན་པ། གླུ་ལེན་གར་རྩེ། རིག་རྩལ་དགོང་ཚོགས་འཚོགས་པ། དངོས་རྫས་ཉོ་ཚོང་བཅས་བྱེད་བཞིན་ཡོད། ཚོགས་ཆེན་གྱི་དུས་ཡུན་ཕལ་ཆེར་ཉིན་གསུམ་ནས་ལྔ་དང་ཆེས་རིང་ན་ཉིན་ལྔ་ནས་བདུན་ཡིན།

3_6 རྩོམ་རིག

སོག་རིགས་ཀྱི་རྩོམ་རིག་ལོ་རྒྱུས་ནི་དུས་ཡུན་རིང་ཞིང་ཡིད་དབང་འགུག་པ་ཞིག་ཡིན། གནའ་བོའི་ལོ་རྒྱུས་སྙན་རྩོམ《དཔའ་བོ་གུའུ་ན་གན》དང《ཇིང་གིར་རྒྱལ་པོ》། ལོ་རྒྱུས་རྣམ་ཐར་མཚོན་པའི་རྩོམ་རིག་གྲགས་ཅན《སོག་པོའི་གསང་བའི་ལོ་རྒྱུས》། དམངས་ཁྲོད་དོན་བརྗོད་སྙན་ངག《ཇིང་གིར་རྒྱལ་པོའི་རྟ་མཆོག་གཉིས》ལ་སོགས་པ་གང་མང་མཆིས། ལྷག་པར་དུ《སོག་པོའི་གསང་བའི་ལོ་རྒྱུས》དེ་སྤྱི་ལོ1240ལོར་གྲུབ་ཅིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་སློབ་རིག་གསུམ་ཚོགས་པས་འཛམ་གླིང་གི་ཤུལ་བཞག་རིག་གནས་གྲགས་ཅན་གྱི་གྲས་སུ་གཏན་འཁེལ་བྱས་པ་རེད། དེ་སོག་པོའི་ལོ་རྒྱུས་དང་སོག་ཡིག་ཞིབ་འཇུག་བྱེད་པའི་ཐད་རིན་ཐང་བྲལ་བའི་དཔྱད་གཞིའི་ཡིག་ཆ་ཡིན་པས། སྔ་གཞུག་ཏུ་ཨུ་རུ་སུ་དང་། འཇར་མན། འཇར་པན། ཧྥ་རན་སུཥ། ཐུའུ་ཨེར་ཆི། ཅེ་ཁེ་སོགས་རྒྱལ་ཁབ་ཀྱི་ཡི་གེར་བསྒྱུར་ཞིང་རྒྱལ་ཁབ་སོ་སོའི་མཁས་པས་གདེང་འཇོག་ཚད་མཐོན་པོ་བྱེད་ཀྱིན་ཡོད། སོག་པོའི་དེང་རབས་ཀྱི་དཔེ་མཚོན་བརྩམས་ཆོས་ལ་སྒྲུང་གཏམ་རིང་མོ《མཐའ་ཡས་པའི་རྩྭ་ཐང》དང་སྒྲུང་ཐུང་ཕྱོགས་སྒྲིག《རྒྱང་ཐག་རིང་བའི་བྱེ་ཐང》སོགས་མང་བོ་ཡོད།

3_7 སྐད་ཡིག

སོག་སྐད་སྤྱོད་པ་དང་ཡུལ་སྐད་གསུམ་དུ་བགོས་ཡོད་ལ། མི་རིགས་རང་ཉིད་ཀྱི་ཡི་གེ་ཡོད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-20

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།