མིའོ་རིགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མིའོ་རིགས།
མིའོ་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན། རང་རྒྱལ་ནས་བྱུང་བའི་རྒྱལ་སྤྱི་རང་བཞིན་གྱི་མི་རིགས་ཤིག་ཡིན་ལ། གཙོ་བོ་རང་རྒྱལ་གྱི་ལྷོ་རྒྱུད་ས་ཁུལ་དང་ཡ་གླིང་ཤར་ལྷོ་ས་ཁུལ་དུ་འདུས་སྡོད་བྱས་ཡོད། རང་རྒྱལ་དུ་གཙོ་བོ་ཀུའེ་ཀྲོའུ་དང་ཧུའུ་ནན། ཡུན་ནན། ཀོང་ཞི། སི་ཁྲོན། ཀོང་ཏུང་། ཧུའུ་པེ་སོགས་ཞིང་ཆེན་དང་ལྗོངས་འགར་འདུས་སྡོད་བྱས་ཡོད། བསྡོམས་པས་མི་གྲངས9426000ལྷག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
苗族
སྐད་ཡིག
མིའོ་རིགས་ཀྱི་སྐད་དང་རྒྱ་སྐད་རྒྱ་ཡིག
མི་གྲངས།
9426007(2010ལོར་སྡོམ་རྩིས་བྱས་པ)
སྡོད་གནས་གཙོ་ཆེ་བ།
ཀུའེ་ཀྲོའུ་ཞིང་ཆེན་དང་། ཡུན་ནན་ཞིང་ཆེན། ཧུའུ་ནན་ཞིང་ཆེན། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས། སི་ཁྲོན་ཞིང་ཆེན། ཀོང་ཏུང་ཞིང་ཆེན། ཧུའུ་པེ་ཞིང་ཆེན་བཅས།
1 ​ངོ་སྤྲོད།

མིའོ་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན། རང་རྒྱལ་ནས་བྱུང་བའི་རྒྱལ་སྤྱི་རང་བཞིན་གྱི་མི་རིགས་ཤིག་ཡིན་ལ། གཙོ་བོ་རང་.jpgརྒྱལ་གྱི་ལྷོ་རྒྱུད་ས་ཁུལ་དང་ཡ་གླིང་ཤར་ལྷོ་ས་ཁུལ་དུ་འདུས་སྡོད་བྱས་ཡོད།  རང་རྒྱལ་དུ་གཙོ་བོ་ཀུའེ་ཀྲོའུ་དང་ཧུའུ་ནན། ཡུན་ནན། ཀོང་ཞི། སི་ཁྲོན། ཀོང་ཏུང་། ཧུའུ་པེ་སོགས་ཞིང་ཆེན་དང་ལྗོངས་འགར་འདུས་སྡོད་བྱས་ཡོད། བསྡོམས་པས་མི་གྲངས9426000ལྷག་ཡོད་ཅིང་། རང་རྒྱལ་གྱི་མི་རིགས་སོ་སོའི་མི་གྲངས་མང་ཉུང་ལས་ཨང་བཞི་བ་ཟིན་ཡོད།  མང་ཆེ་བས་ཞིང་ལས་གཉེར་བཞིན་ཡོད་པ་དང་། གཞན་རྣམས་ཀྱིས་ནགས་ལས་གཉེར་གྱིན་ཡོད། མང་ཆེ་བས་རྒྱ་ཡིག་བཀོལ་བཞིན་ཡོད། མིའོ་རིགས་ནི་བྲོ་འཁྲབ་པར་མཁས་ཤིང་བྲོ་ཡི་རྣམ་པའང་ཕུན་སུམ་ཚོགས་པོ་ཡོད་ཅིང་།  མང་ཚོགས་རྩེད་ལ་དགའ་བའི་ལུའུ་ཧྲེང་ཞབས་བྲོ་ནི་འཁྲབ་རྩལ་ཤིན་ཏུ་མཐོ། དེ་བས་མིའོ་རིགས་ལ“ཞབས་བྲོའི་མི་རིགས”ཞེས་པའི་མཚན་སྙན་ལྡན།

2 འཕེལ་རིམ།

མིའོ་རིགས་ཀྱི་རིགས་རྒྱུད་ནི་ལོ་རྒྱུས་སྟེང་གི“མན་ལྷོ་མ”ཞེས་སུ་འབོད་པའི་རུས་རྒྱུད་དམ་ཚོ་བ་དེ་དང་འབྲེལ་བ་ཡོད་པར་བཤད་ལ།.jpg  རུས་རྒྱུད་དེ་ནི་ལོ་སྔོ་བཞི་སྟོང་སྔོན་དུ་རྨ་ཆུ་དང་འབྲི་ཆུའི་འགྲམ་རྒྱུད་དུ་འཚོ་སྡོད་བྱས་ཡོད།  དེ་ཡང་མོའི་རིགས་ཀྱི་འབྱུང་ཁུངས་སྐོར་ལ་བཞེས་ཚུལ་འདྲ་མིན་ཅི་རིགས་འདུག་ཅིང་། ལོ་རྒྱུས་དེབ་ཐེར་ཁག་ལ་གཞིགས་ན། ཀྲིག་རྒྱལ་རབས་ཀྱི་དུས་སུ་མིའོ་རིགས་ཀྱི་ཕ་མེས་ནི་དེང་གི་ཧུའུ་པེ་ཆིན་ཅང་གཙང་བོ་དང་ཧུའུ་ནན་ཏུང་ཐིན་གཙང་བོའི་བཞུར་རྒྱུན་དུ་འཚོ་སྡོད་བྱས་ཡོད་ཅིང་། ཧ་ལམ་ཁྲུན་ཆིའུ་ཀྲན་གོའི་དུས་རབས་སུ། པཱ་ཧྲུ་དང་ཡའེ་ལང་། ཅིན་ཀྲིག་སོགས་སུ་མིའོ་རིགས་ཀྱི་ཕ་མེས་གནས་དེར་ཡོད། ཆིན་ཧན་དུས་རབས་སུ། མིའོ་རིགས་ཀྱི་ཕ་མེས་ཆང་ཆེ་བ་བའོ་ལིན་ཅོན་དང་པཱ་ཅོན། ལྷོ་ཅོན་སོགས་སུ་གཏན་སྡོད་བྱས་པ་དང་།  ཉུང་ཤས་ཤིག་དེང་གི་ཀོས་ཀྲིག་ཤར་ལྷོའི་ཕྱོགས་ཀྱི་ཏའོ་ལུག་ཅང་གཙང་བོའི་བཞུར་རྒྱུན་དུ་གནས་སྤོར། རྗེས་སུ་འཐབ་འཛིང་དང་བཀྲེས་སྐོམ། ནད་ཡམས་སོགས་རྐྱེན་དུ་མའི་དབང་གིས་རྒྱུད་དུ་གནས་སྤོར་བ་རེད།

3 རིག་གནས་གོམས་སྲོལ།
3_1 སྐད་ཡིག

མིའོ་རིགས་ལ་རང་མི་རིགས་ཀྱི་སྐད་ཡོད་དེ། རྒྱ་བོད་སྐད་ཁོངས་མིའོ་ཡའོ་སྐད་རིགས་ཀྱི་མོའི་སྐད་ཡན་ལག་གི་གྲས་སུ་གཏོགས། ཁོ་ཚོར་རང་མི་རིགས་ཀྱི་ཡི་གེའང་ཡོད་དེ།  《མིའོ་རིགས་ཀྱི་གནའ་གཞས》ལྟར་ན།  མིའོ་རིགས་ཀྱི་མེས་པོས་འཐབ་འཛིང་ལས་གཡོལ་བའམ་གནས་སྤོར་བ་སོགས་ལས་མི་རིགས་རིག་གནས་དགྲ་ཟླའི་ལག་ཏུ་ལྷུང་བར་དོགས་ནས་བསྟན་བཅོས་དང་ཡི་གེར་ཕབ་པ་ཚང་མ་མེར་བསྲེགས་པ་རེད།  རྒན་རབས་པ་དག་ཚེ་ལས་འདས་པ་དང་འབྲེལ་ནས་མིའོ་རིགས་ཀྱི་ཡི་གེའང་རིམ་བཞིན་ཉམས་སོང་།  དུས་རབས20པའི་ལོ་རབས50རྗེས་སུ་མིའོ་རིགས་ཀྱིས་ལ་ཏིང་སྒྲ་སྦྱོར་ཡི་གེ་གསར་བཟོ་བྱས་པ་དང་།  ད་ལྟ་མང་ཆེས་བས་རྒྱ་ཡིག་བཀོལ་བཞིན་ཡོད།

3_2 རྒྱན་གོས།

མིའོ་རིགས་ཀྱི་རྒྱན་གོས་ལ་རིགས་སྣ200ལྷག་ཡོད་ལ། ས་ཆ་སོ་སོར་གནས་པའི་མིའོ་རིགས་ཀྱི་གྱོན་ཆས་རྣམ་པ་སྣ་ཚོགས་ཡིན།  སྤྱིའི་ཆ་ནས་བལྟས་ན། མིའོ་རིགས་ཀྱི་གྱོན་གོས་ནི་ཀྲུང་གོའི་སྲོལ་རྒྱུན་གྱི་བཟོ་རྩལ་ཏེ་འཁེལ་འཐག་དང་གཙགས་དྲུབས། ཚོས་རྒྱག་སོགས་ལས་གྲུབ་པ་ཡིན་ལ།  སྐྱེས་མ་ཚོ་མདོག་ལྡན་གྱི་གོན་པ་གོན་པར་དགའ་ཞིང་། ལྟེབ་བརྒྱ་ཅན་གྱི་སྨད་གཡོགས་དང་། དངུལ་གྱི་རྣ་ལུང་དང་ལག་གདུབ། སོར་གདུབ་སོགས་འདོགས་པར་དེ་བས་དགའ། རྒྱན་ཆའི་ཐད་ནས་མིའོ་རིགས་བུད་མེད་ཚོ་དངུལ་ཞྭ་སོགས་དངུལ་གྱི་མགོ་རྒྱན་སྣ་མང་ཡོད།

3_3 སྡོད་ཁང་།

མིའོ་རིགས་ཀྱི་སྒར་ཁང་ནི་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྙན་གྲགས་ཤིན་ཏུ་ཆེ་སྟེ། ཀོས་ཀྲིག་ཞིང་ཆེན་ཆན་ཤར་ལྷོའི་མིའོ་རིགས་རང་སྐྱོང་ཁུལ་ལེ་ཧྲན་རྫོང་དུ་ཡོད་པའི་ཞི་ཅང་སྟོང་ཁྱིམ་མིའོ་སྒར་དང་། ཀོས་ཀྲིག་ཞིང་ཆེན་ཁའེ་ལེ་གྲོང་ཁྱེར་དུ་ཡོད་པའི་ནན་ཧ་མིའོ་སྒར། ཆན་ཤར་ལྷོ་ཁུལ་ཏན་ཊད་རྫོང་དུ་ཡོད་པའི་མཱ་ཉའོ་མིའོ་སྒར། ཏུའུ་ཡོན་གྲོང་ཁྱེར་དུ་ཡོད་པའི་ཕའོ་ཅོ་མིའོ་སྒར་སོགས་ནི་སའི་ཆགས་དབྱིབས་དང་།  བཟོ་སྐྲུན་གྱི་བཀོད་པ། རང་བྱུང་ཁོར་ཡུག་སོགས་གང་ཅི་ཐད་ནས་མིའི་ཡིད་དབང་འགུགས་པ་ཞིག་ཡིན་པས།  རྒྱལ་ཁབ་ཕྱི་ནང་ཀུན་གྱི་གཟིགས་མོ་བ་ཁྲི་སྟོང་གནས་དེར་ལྟ་སྐོར་ལ་ཡོང་བཞིན་འདུག

3_4 ཆོས་ལུགས་དད་མོས།

མིའོ་རིགས་ཀྱིས་རང་བྱུང་ཁམས་དང་གདོད་མོས་མཚོན་ཆོས། མེས་པོ་བཅས་ལ་དད་མོས་བྱེད་པ་ཡིན། དེང་གི་དུས་སུ་ས་ཁུལ་ཁག་ཅིག་གི.jpg་མིའོ་རིགས་ཀྱིས་ཡེ་ཤུའི་ཆོས་ལུགས་དང་གནམ་བདག་ཆོས་ལུགས་ལ་དད་པ་དང་།  ཤར་ཕྱོགས་ཀྱི་ཡུལ་སྐད་འཆད་པའི་མིའོ་རིགས་ཁག་ཅིག་གིས་ནང་བསྟན་ཆོས་ལུགས་ལ་དད་པ་ཡིན།

3_5 མི་ཚེ་ཆོ་སྒྲུབ།

མིའོ་རིགས་སྤུན་ཟླ་ནི་མགྲོན་ལ་དགའ་ཞིང་ཁོ་ཚོས་བྱ་ཕོ་དང་ཆུ་བྱ་བཤས་ཏེ་མགྲོན་བསུ་བྱེད་ལ། བུ་མོ་གནས་ལ་འགྲོ་སྐབས་བག་རོགས་ཡོད་ཅིང་། སྐྱེས་པ་ཚང་གི་སྒོ་ཁར་བསླེབས་རྗེས་མེ་ཐོ་འཇོག་པ་དེས་བཀྲ་ཤིས་འབྱོར་ཕྱུག་མཚོན། གཉེན་སྒྲིག་བྱས་མ་ཐག་གི་མཚན་དང་པོར་ཁྱོ་ཤུག་གཉིས་ཀྱིས་སྡེ་བ་ནང་གི་གླུ་བ་ན་གཞོན་རྣམས་གདན་དྲངས་ནས་དྲི་བ་དྲིས་ལན་གྱི་ཚུལ་དུ་གླུ་ལེན་གར་རྩེ་བྱེད་པ་རེད།

3_6 དུས་ཆེན།

མིའོ་རིགས་ནི་གནའ་བོའོ་དཔལ་ཡོན་གྱིས་ཕྱུག་ཅིང་གུས་ལུགས་ལ་བརྩི་མཐོང་བྱེད་པའི་མི་རིགས་ཤིག་ཡིན་པས་རང་མི་རིགས་ཀྱི་ཁྱད་ཆོས.jpg་མངོན་པར་ལྡན་པའི་དུས་ཆེན་ཡང་གང་མང་མང་ཞིག་ཡོད། དེ་ཡང་བྱེད་ནུས་ཀྱི་ཆ་ན་རིགས་བགར་ན། མིའོ་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ལ་ཞིང་ལས་རིགས་ཀྱི་དུས་ཆེན་དང་། དངོས་ཟོག་འབྲེལ་འདྲིས་རིགས་ཀྱི་དུས་སྟོན། ཕོ་མོ་མཛའ་མཐུན་རིགས་ཀྱི་དུས་སྟོན། མཆོད་སྦྱིན་རིགས་ཀྱི་དུས་སྟོན། རྗེས་དྲན་རིགས་ཀྱི་དུས་ཆེན་སོགས་མཆིས། མིའོ་རིགས་ལ་རི་འཛེག་དུས་ཆེན(ལུགས་རྙིང་གི་ཟླ་གསུམ་པའི་ཟླ་སྨད)དང་། ཟམ་པར་བཀུར་བའི་དུས་ཆེན(ལུགས་རྙིང་གི་ཟླ་གཉིས་པའི་ཚེས་གཉིས)མཆེད་སྲིང་དུས་ཆེན(ལུགས་རྙིང་གི་ཟླ་གསུམ་པའི་ཚེས་བཅོ་ལྔ)མེ་ཏོག་འཐུ་བའི་དུས་ཆེན(བཞི་བའི་ཚེས་བརྒྱད)བཅས་ཡོད་ལ། མིའོ་རིགས་ཀྱི་ལོ་སར་ནི་ལུགས་གསར་གྱི་ཟླ་བཅུ་བའི་ཚེས་ལྔ་ནས་ཟླ་བཅུ་གཅིག་པའི་ཚེས་ཉེར་ལྔའི་བར་ཡིན།

“གླང་མཆོད་དུས་ཆེན”ཞེས་པ་ནི་མིའོ་རིགས་ཀྱི་དམངས་ཁྲོད་ཀྱི་མཆོད་སྦྱིན་དུས་ཆེན་ལས་གཞི་རྒྱ་ཆེས་ཆེ་བའི་བྱ་འགུལ་ཞིག་ཡིན་ལ། སྤྱིར་བཏང་དུ་ལོ་བདུན་གྱི་ནང་མཆོད་ཆུང་དང་ལོ་བཅུ་གསུམ་གྱི་ནང་མཆོད་ཆེན་བྱེད་པ་ཡིན།  ལུགས་རྙིང་གི་ཟླ་བཅུ་བ་ནས་ཟླ་བཅུ་གཅིག་པའི་དུས་སུ་རོལ་བ་དང་།  དུས་ཆེན་གྱི་ཉིན་ལ་བ་གླང་བསད་དེ་གླུ་ལེན་གར་རྩེ་བྱས་ཏེ་ཕ་མེས་ལ་མཆོད་བཀུར་བྱེད་པ་ཡིན།

3_7 ལུས་རྩལ།

མིའོ་རིགས་མི་དམངས་ལ་སྲོལ་རྒྱུན་གྱི་ལུས་རྩལ་བྱ་འགུལ་མང་བོ་ཡོད་དེ། གཙོ་བོ་ལུའུ་ཧྲེང་རོལ་ཆ་དཀྲོལ་བ་དང་སྨྱུག་ཤིང་སྟེང་དུ་འགྲོ་བ་སོགས་ཡིན།  མིའོ་རིགས་མི་དམངས་ཀྱི་ཆོས་ལུགས་དད་ཡུལ་གཙོ་བོ་ལྷ་འདྲེ་ཡིན། འབྲུག་ནི་ཁོ་ཚོའི་སེམས་གཏིང་གི་བདེ་སྐྱིད་མཚོན་བྱེད་ཡིན་པས། ལོ་རེར་ལོ་ལེགས་བྱུང་བ་དང་བཀྲ་ཤིས་པའི་བྱ་བར་འཕྲད་ཚེ་མིའོ་རིགས་མི་དམངས་ཀྱིས“འབྲུག་འགུག”བྱ་འགུལ་སྤེལ་ནས་རྟེན་འབྲེལ་ཞུ་བའི་ལུགས་སྲོལ་ཡོད།

3_8 རྩོམ་རིག

མིའོ་རིགས་ཀྱི་རྩོམ་རིག་ནི་དམངས་ཁྲོད་རྩོམ་རིག་དང་རྩོམ་པ་པོའི་རྩོམ་རིག་གཉིས་ཀྱིས་གྲུབ། དམངས་ཁྲོད་རྩོམ་རིག་ནི་སྙན་ངག་རྩོམ་ལུས་ཀྱི་བརྩམས་ཆོས་ཆེས་ཕུན་སུམ་ཚོགས་པ་ཞིག་ཡིན། དེའི་དཔེ་མཚོན་བརྩམས་ཆོས་ནི《མུག་བྱོལ་དུ་འགྲོ་བའི་གླུ》དང《ཀྲང་ཞིག་མེ་ཡི་གླུ་དབྱངས》《ཧ་མེད》སོགས་ཡོད། བཅིངས་འགྲོལ་རྗེས་སུ་མིའོ་རིགས་ལ་རྩོམ་མཁན་དང་བརྩམས་ཆོས་མང་པོ་བྱུང་བ་དང་རིག་རྩལ་བྱ་འགུལ་ཡང་གང་མང་བྱུང་། 

བརྡ་འགྲེལ་གདོང་འཛར།

སྤྱི་ཚོགས། མི་རིགས། མིའོ་རིགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-19

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།