ཐ་ཐར་རིགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཐ་ཐར་རིགས།
ཐ་ཐར་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་སུ་ཐར་ཐོར་དུ་གཞིས་སྡོད་བྱས་ཡོད། བསྡོམས་པས་མི་གྲངས3556ལས་མེད། མི་རིགས་དེ་ནི་དུས་རབས་བཅོ་ལྔ་བའི་དུས་དཀྱིལ་དུ་མོང་གོལ་ཆན་ཚ་ཧན་རྒྱལ་ཁབ་ཀྱི་ཏྭ་ཏན་རིགས་རང་བཙན་བྱས་ཏེ་དུས་ཡུན་རིང་བོའི་ལོ་རྒྱུས་འཕེལ་རིམ་ཁྲོད་ས་དེ་གའི་མི་རིགས་གཞན་པ་དང་འདྲེས་ནས་བྱུང་བ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
塔塔尔族
ཕྱི་ཡིག་གི་མིང་།
Tatar people
སྐད་ཡིག
ཐ་ཐར་གྱི་སྐད་ཡིག་དང་ཡུ་གུར་ཡི་གེ ཧ་སག་ཡི་གེ
ཆོས་ལུགས།
དབྱི་སི་ལན་ཆོགས་ལུགས།
མི་གྲངས།
3556(2010ལོར་སྡོམ་རྩིས་བྱས་པ)
སྡོད་གནས་གཙོ་ཆེ་བ།
ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས།
1 ​ངོ་སྤྲོད།

ཐ་ཐར་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་སུ་ཐར་ཐོར་དུ་གཞིས་སྡོད་བྱས་ཡོད། བ.jpgསྡོམས་པས་མི་གྲངས3556ལས་མེད། མི་རིགས་དེ་ནི་དུས་རབས་བཅོ་ལྔ་བའི་དུས་དཀྱིལ་དུ་མོང་གོལ་ཆན་ཚ་ཧན་རྒྱལ་ཁབ་ཀྱི་ཏྭ་ཏན་རིགས་རང་བཙན་བྱས་ཏེ་དུས་ཡུན་རིང་བོའི་ལོ་རྒྱུས་འཕེལ་རིམ་ཁྲོད་ས་དེ་གའི་མི་རིགས་གཞན་པ་དང་འདྲེས་ནས་བྱུང་བ་རེད། ཞིན་ཅང་ས་ཁུལ་གྱི་ཐ་ཐར་རིགས་ནི་གཙོ་བོ་དུས་རབས་བཅུ་དགུ་བའི་ལོ་རབས་ཉི་ཤུ་དང་སུམ་ཅུའི་སྐབས་སུ་ཁོ་ཧྲན་དང་། ཀྲའི་སང་སོགས་ས་ཁུལ་ནས་གནས་སྤར་ཏེ་འོངས་པ་རེད། ཁོ་ཚོ་ཡུ་གུར་རིགས་དང་ཧ་སག་རིགས་ལ་དུས་ཡུན་རིང་བོར་འབྲེལ་འདྲིས་བྱས་པའི་རྐྱེན་གྱིས། མི་རིགས་འདི་གཉིས་ཀྱི་སྐད་ཆ་དང་ཡིག་རིགས་ནི་ཐ་ཐར་རིགས་ཀྱི་རྒྱུན་བཀོལ་སྐད་ཆ་དང་སྤྱི་ཁྱབ་ཀྱིས་བཀོལ་སྤྱོད་བྱེད་པའི་ཡིག་རིགས་ཡིན།

2 ཡུལ་སྲོལ་གོམས་གཤིས།

ཐ་ཐར་རིགས་ཀྱི་སྐྱེས་པ་རྣམས་ཀྱིས་མེ་ཏོག་གཙེགས་ཡོད་པའི་ཚི་ལེན་དཀར་བོ་གོན་པ་དང་ཕྱི་ལ་ཁན་སྦྱར་ནག་པོ་དང་གཞུང་.jpgགཤགས་སྟོད་ལྭ་རིང་བོ་གོན། སྐྱེས་མ་རྣམས་ཀྱིས་མདོག་དཀར་བོ་དང་སྨུག་པོ། སེར་བོ་སོགས་ཀྱི་སྨད་གཡོགས་སྦུབས་མ་ཅན་གོན་པ་དང་རྣ་ལོང་དང་གདུ་བུ། སྐེ་རྒྱན་སོགས་འདོགས་པར་དགའ། གཡོས་སྦྱོར་ལ་བྱང་བའི་ཐ་ཐར་རིགས་ཀྱི་བུད་མེད་རྣམས་ཁ་ཟས་སྣ་ཚོགས་ལས་པར་ཤིན་ཏུ་མཁས། ཁོ་ཚོས་སྒོ་ང་དང་ཕྱེ་ལས་བཟོས་པའི་ཁ་ཟས་རིགས་ཟོས་ན་ཤིན་ཏུ་ཞིམ་པས་ས་དེ་གར་མིང་གྲགས་ཆེ། ཐ་ཐར་རིགས་ཀྱིས་དབྱི་སི་ལན་ཆོས་ལུགས་ལ་དད་པ་བྱེད་ཅིང་། གཉེན་སྒྲིག་བྱེད་སྐབས་དབྱི་སི་ལན་ཆོས་ལུགས་ཀྱི་ཆོ་ག་ལྟར་མནའ་མ་ཚང་ནས་གཉེན་སྟོན་བྱེད་ཅིང་། མནའ་མ་དང་མག་པ་གཉིས་ཀྱིས་བདེ་སྐྱིད་ཀྱི་འཚོ་བའི་ཁྲོད་དུ་མི་ཚེ་མཐའ་འཁྱོལ་བའི་མཚོན་བྱེད་དུ་མངར་ཆུ་དཀར་ཡོལ་གང་འཐུང་དགོས་པ་དང་། མག་པ་མནའ་མ་ཚང་ནས་ཉིན་འགའ་འམ་ཡང་ན་བྱིས་པ་སྐྱེས་མགོ་བཙའ་བའི་བར་དུ་འདུག་པའི་སྲོལ་ཡོད།

3 རིག་གནས།

ཐ་ཐར་རིགས་ཀྱི་རྩོམ་རིག་གཙོ་བོ་ནི་དམངས་ཁྲོད་རྩོམ་རིག་ཡིན་ཏེ། དམངས་ཁྲོད་གཏམ་རྒྱུད《བདེ་སྐྱིད》དང《མ་དང་བྲལ་བའི་བུ་མོ》.jpgདམངས་གླུ《ཆུ་ཕྲ》དང《མིག》《བུ་མོའི་རེ་སྨོན》སོགས་ལ་འབུར་ཐོན་གྱི་བརྩེ་དུངས་ལྡན་ཞིང་མི་རིགས་དེའི་ལོ་རྒྱུས་དང་ཐོན་སྐྱེད་འཚོ་བ་སོགས་མངོན་པར་མཚོན་ཡོད་པས། མང་ཚོགས་རྣམས་ཧ་ཅང་དགའ་བོ་འདུག

4 སྐད་ཡིག

ཐ་ཐར་སྐད་བཤད་བཞིན་ཡོད་ལ།  ཨ་རབ་ཡི་གེ་རྨང་གཞི་བྱས་པའི་ཡི་གེ་ཞིག་ཀྱང་ཡོད།  ཡུ་གུར་རིགས་དང་ཧ་སག་རིགས་བཅས་མི་རིགས་འདི་གཉིས་ཀྱི་སྐད་ཡིག་ཀྱང་ཐ་ཐར་རིག་ཀྱིས་ཉིན་རྒྱུན་སྤྱོད་པའི་སྐད་དང་ཡི་གེ་རུ་གྱུར་དང་འགྱུར་བཞིན་ཡོད།

5 ཆོས་ལུགས།

དབྱི་སི་ལན་ཆོས་ལུགས་ལ་དད་པ་བྱེད།.jpg

6 དུས་ཆེན།

ལུགས་གསར་གྱི་ལོ་རེའི་ཟླ6པའི་ཚེས20ནས་ཚེས25བར་དུ། ཐ་ཐར་རིགས་ཀྱིས་སྲོལ་རྒྱུན་གྱི་དུས་ཆེན“ས་པན”དུས་ཆེན་ལ་རོལ་བ་ཡིན། “ས་པན”ཞེས་པ་ནི་ཐོང་གཤོལ་གྱི་དོན་ཏེ། དེ་ནི་ཐ་ཐར་རིགས་ཀྱི་མེས་པོས་སྔོན་ཐོན་གྱི་ཐོང་གཤོལ་གསར་གཏོད་བྱས་ནས་ཐོན་སྐྱེད་ནུས་ཤུགས་སྐུལ་འདེད་བཏང་བ་ལ་དྲན་རྟེན་དུ་གཏན་ཁེལ་བྱས་པའི་དུས་ཆེན་ཞིག་ཡིན། ཉིན་དེར་སྐྱེས་མ་རྣམས་ཀྱིས་ཟས་གང་ལེགས་གཡོས་སྦྱོར་བྱས་ཏེ་མགྲོན་པོར་སྣེ་ལེན་དང་། རྒན་དར་གཞོན་གསུམ་ཚང་མས་ཕན་ཚུན་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུ་བར་མ་ཟད། ཚང་མས་ཤོམ་བྱས་ཏེ་མཛེས་སྡུག་ཡིད་དུ་འོང་བའི་སྤང་ཐང་དུ་འདུས་ནས་རྟ་རྒྱུག་དང་ཐག་འཐེན། འཇུ་རེས་སོགས་རྒྱ་ཆེ་བའི་ལུས་རྩལ་བྱ་འགུལ་སྣ་ཚོགས་སྤེལ་བཞིན་ཡོད། 


བརྡ་འགྲེལ་གདོང་འཛར།

སྤྱི་ཚོགས། མི་རིགས། ཐ་ཐར་རིགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-19

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།