པའེ་རིགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པའེ་རིགས།
པའེ་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན་ལ། གཙོ་བོ་ཡུན་ནན་ཞིང་ཆེན་ནུབ་ཁུལ་གྱི་དབྱི་ཨེར་ཧའེ་ལྟེ་བར་གྱུར་བའི་ཏ་ལི་པའེ་རིགས་རང་སྐྱོང་ཁུལ་དུ་གནས་ཤིང་ཡུན་ནན་གྱི་ས་གནས་གཞན་དག་ཏུའང་ཐོར་སྡོད་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
白族
ཕྱི་ཡིག་གི་མིང་།
The Bai People
སྐད་ཡིག
པའེ་སྐད་དང་རྒྱ་ཡིག
མི་གྲངས།
1933510(2010ལོར་སྡོམ་རྩིས་བྱས་པ)
ཆོས་ལུགས།
ནང་བསྟན་དང་གདོད་མའི་ལྷ་བབ། ཏའོ་ཅའོ་ཆོས་ལུགས་བཅས་ཡོད།
སྡོད་གནས།
ཡུན་ནན་ཞིང་ཆེན་དང་ཀུའེ་ཀྲོའུ་ཞིང་ཆེན། སི་ཁྲོན། ཧུའུ་ནན་བཅས་སུ་ཡོད།
1 ངོ་སྤྲོད།

པའེ་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན་ལ། གཙོ་བོ་ཡུན་ནན་ཞིང་ཆེན་ནུབ་ཁུལ་གྱི་དབྱི་ཨེར་ཧའེ་ལྟེ་བར་གྱུར་བའི་ཏ་ལི་.jpgཔའེ་རིགས་རང་སྐྱོང་ཁུལ་དུ་གནས་ཤིང་ཡུན་ནན་གྱི་ས་གནས་གཞན་དག་ཏུའང་ཐོར་སྡོད་བྱས་ཡོད། དེ་ལས་གཞན་ཀུའེ་ཀྲོའུ་ཞིང་ཆེན་གྱི་པའེ་ཅེ་ས་ཁུལ་དང་སི་ཁྲོན་གྱི་ལིང་ཧྲན། ཧུའུ་ནན་གྱི་སང་ཀྲི་རྫོང་སོགས་སུ་ཡང་གནས་ཡོད། བསྡོམས་པས་མི་གྲངས1933510ལྷག་ཡོད། སྔོན་ཆད་མི་རིགས་དེར“པའེ་ཙི”དང“པའེ་ནུས”ཞེས་འབོད་ལ། སྤྱི་ལོ1956ལོར་ཁོ་ཚོའི་འདོད་བློ་ལྟར་པའེ་རིགས་ཞེས་བཏགས། རྒྱ་བོད་སྐད་ཁོངས་ཀྱི་བོད་འབར་སྐད་རིགས་དང་དེའི་དབྱིས་རིགས་སྐད་ལག་ཏུ་གཏོགས་པའི་པའེ་རིགས་སྐད་ཡིན།

2 ཡུལ་སྲོལ་གོམས་གཤིས།

པའེ་རིགས་ནི་ཁ་དོག་དཀར་པོ་ལ་དགའ་བས། གྱོན་ཆས་དཀར་པོ་གྱོན་པ་རྩ་ཆེན་དུ་བརྩི་ལ། སྐྱེས་པ་ཚོས་མདོག་དཀར་གཞུང་གཤགས་སྟོད་ལྭ་གྱོན་པ་དང་ཕྱི་ལ་མདོག་ནག་དཔུང་མེད་གྱོན། ཁོག་སྨད་དུ་རྐང་སྣམ་རིང་མོ་དང་མགོ་ལ་རས་དཀར་དཀྲི། སྐྱེས་མ་མང་ཆེ་བས་མདོག་དཀར་བོ་དང་ལྗང་ཁུ་ཅན་གྱི་སྟོད་ལྭ་ཕུར་ཁ་དམ་པོ་ཅན་གྱོན་པ་དང་མེ་ཏོག་གཙགས་ཡོད་པའི་པང་ཁེབས་བཅིངས་ཡོད། དེ་མིན་དངུལ་གྱི་རྒྱན་ཆ་འདོགས་པ་དང་ལྷམ་ཐོག་ཏུ་མེ་ཏོག་གཙགས་ཡོད། སྐྱུར་བ་དང་གྲང་བ། ཁ་ཚ་བ་བཅས་ཀྱི་བྲོ་བ་ལྡན་པའི་ཟས་ཟ་བར་དགའ་ལ། མེ་བསྲེག་རྒྱུ་མ་དང་བྱ་.jpgཤ་སྣུམ་བཙོས་སོགས་ཤ་ཚལ་བསྙལ་བཟོ་ལ་མཁས་པ་དང་། ཇ་འཐུང་བར་ཡང་དགའ་ལ། མགྲོན་པོ་སླེབས་ན་ངེས་པར་དུ་ཇ་ཡིས་མགྲོན་བསུ་བྱེད་དགོས།

3 ཆོས་ལུགས་དད་མོས།

ནང་བསྟན་ཆོས་ལུགས་ལ་དད་པ་དང་། ས་ཁུལ་ལ་ལར་ད་དུང་གདོད་པའི་ལྷ་བབ་ཆོས་སྲུང་འཛིན་བྱས་ཡོད་ལ། ལས་ལས་ཏའོ་ཅའོ་ཆོས་ལུགས་ལ་དད་པ་བྱེད་ཀྱིན་ཡོད།

4 རིག་གནས།

པའེ་རིགས་རྩོམ་རིག་ལ་དམངས་ཁྲོད་རྩོམ་རིག་དང་རྩོམ་པ་པོའི་རྩོམ་རིག་ཞེས་ཁག་གཉིས་ཡོད་ཅིང་། ཁོ་ཚོས་རྒྱ་ཡིག་བཀོལ་བཞིན་ཡོད། .jpgཔའེ་རིགས་ལྷ་སྒྲུང་གི་དཔེ་མཚོན་བརྩམས་ཆོས་ནི《གནམ་ས་མགོ་གཏིང་བསློགས་པའི་ངག་རྒྱུན》སོགས་དམངས་ཁྲོད་གཏམ་རྒྱུད་དང་ངག་རྒྱུན་གྱིས་པའེ་རིགས་མི་དམངས་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་འདྲིས་དང་མི་རིགས་ཀྱི་སེམས་ཁམས་མཚོན་པས། ཆེས་མཐོ་བའི་བསམ་བློ་རང་བཞིན་དང་སྒྱུ་རྩལ་རང་བཞིན་ལྡན། བཅིངས་འགྲོལ་བྱས་རྗེས་པའེ་རིགས་ཀྱི་རྩོམ་པ་པོའི་རྩོམ་རིག་ལ་བླ་ལྷག་གིས་འཕེལ་རྒྱས་བྱུང་། སྒྲུང་གཏམ་མཁན་ཡང་སུའུ་དང་སྙན་ངག་མཁན་ཞོད་ཞོས། ཀྲང་ཁྲང་སོགས་ཀྱིས་སྔ་གཞུག་ཏུ་བརྩམས་ཆོས་གང་མང་ཞིག་འགྲེམ་སྤེལ་བྱས། པའེ་རིགས་ཀྱི་བཟོ་བཀོད་བརྐོས་རིས་དང་རི་མོར་དུས་ཡུན་རིང་བོའི་ལོ་རྒྱུས་ལྡན་པར་མ་ཟད། དམངས་ཁྲོད་རོལ་དབྱངས་ཀྱང་ཕུན་སུམ་ཚོགས་པ་ཞིག་མཆིས། པའེ་རིགས་མི་དམངས་ཚོས་དགའ་མགུ་ཡི་རིང་བྱེད་པའི་པའེ་རིགས་ཟློས་གར་ལ་ལོ་ལྔ་བརྒྱ་ལྷག་གི་ལོ་རྒྱུས་ལྡན། པའེ་རིགས་ཀྱིས་གཉེན་སྒྲིག་དང་ཡང་ན་བཀྲ་ཤིས་པའི་དོན་དག་ལ་རྟེན་འབྲེལ་ཞུ་བ་དང་ལེགས་སྐྱེས་འབུལ་སྐབས་བཀྲ་ཤིས་པའི་མཚོན་རྟགས་སུ་ཨང་གྲངས“དྲུག”གཙོ་བོར་བྱེད་པ་རེད།

5 དུས་ཆེན།

ལུགས་རྙིང་གི་ཟླ་གསུམ་པའི་ཚེས་བཅོ་ལྔ་དང་ཚེས་ཉེར་ལྔ་བར་ཡུན་ནན་ཏ་ལིས་པའེ་རིགས་ཀྱིས་སྲོལ་རྒྱུན་གྱི“གསུམ་པའི་སྲང་ལམ”ཞེས་པའི་བྱ་འགུལ་སྤེལ་ཀྱིན་ཡོད། བྱ་འགུལ་དེར་འཇུ་རེས་དང་མདའ་འཕེན། རྟ་རྒྱུག་སོགས་ལས་གཞན་ད་དུང་གློག་སྒྲོན་དང་མི་རིགས་གླུ་གར་སོགས་འཁྲབ་སྟོན་བྱེད་པ་ཡིན་ལ། ད་དུང་ལོ་སྟོན་དང་རྣམ་ཤེས་གསུམ་སྐོར། དཔལ་འབར་དུས་ཆེན། ཉ་བ་འདུ་འཛོམས་སོགས་ཡོད།


བརྡ་འགྲེལ་གདོང་འཛར།

སྤྱི་ཚོགས། མི་རིགས། པའེ་རིགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-08-16

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།