ཡོངས་འཛིན་རིག་མཛོད། >སྤྱི་ཚོགས། >མི་རིགས། >ཚོ་བ།

དྲུ་གུ་ཤར་ནུབ།

ལོ་རྒྱུས་ཐོག་མོང་གོལ་རྩྭ་ཐང་དུ་ཐུའུ་མོན་ཁ་ཧན་གྱི་བུ་རྒྱུད་རྣམས་ཀྱིས་བསྐྱངས་པའི་སྲིད་དབང་ལ་དྲུ་གུ་ཤར་མ་ཟེར་ལ། ནུབ་ལྗོངས་སུ་ཧྲི་ཏན་སྨིས་ཁ་ཧན་གྱི་བུ་རྒྱུད་ཀྱིས་དབང་སྒྱུར་པ་ལ་དྲུ་གུ་ནུབ་མ་ཟེར།

རིགས་དབྱེ།  

དྲུ་གུའི་སྲིད་དབང་ཕྱི་མ།

སྤྱི་ལོ་682ལོར། དྲུ་གུ་ཤར་མའི་སྐུ་དྲག་ཚོས་ཐང་རྒྱལ་རབས་ལ་ངོ་རྒོལ་བྱས་ཏེ་ཡང་བསྐྱར་དྲུ་གུའི་སྲིད་དབང་སླར་གསོ་བྱས་པས་སྲིད་དབང་དེ་ལ་ལོ་རྒྱུས་ཐོག་དྲུ་གུའི་སྲིད་དབང་ཕྱི་མ་ཟེར།

རིགས་དབྱེ།  

བོད་ཀ་གཡག་དྲུག

ཏུན་ཧོང་ཡིག་རྙིང་དུ་བྱུང་བའི་ས་མིང་ཞིག་སྟེ། སྔོན་གཉའ་ཁྲི་བཙན་པོ་ཐོག་མར་བོད་ཀྱི་རྗེ་རུ་བྱོན་དུས་བོད་ཀ་གཡག་དྲུག་ཅེས་པའི་རྒྱལ་ཕྲན་ནམ་ཚོ་བ་ཆེན་པོ་ཞིག་ཡོད་པའི་རྒྱལ་པོ་བྱས་ནས་དབང་བསྒྱུར་བ་ལ་གོ།

རིགས་དབྱེ།  

N95ཅན་གྱི་ཁ་ཐུམ།

N95ཅན་གྱི་ཁ་ཐུམ་ནིNIOSHཡིས་ངོས་ལེན་བྱས་པའི་རིལ་དངོས་འགོག་སྲུང་ཁ་ཐུམ་རིགས9ཡི་ནང་གི་རིགས་གཅིག་ཡིན། Nཡིས་སྣུམ་བཟོད་མི་ཐུབ་པ་མཚོན། “95”ཡིས་གཏན་འཁེལ་བྱས་པའི་གྲངས་ཚད་ཀྱི་ཆེད་སྤྱོད་ཚོད་ལྟའི་རིལ་རྡུལ་གྱི་འོག་ཏུ་ཕྱིར་མངོན་ཡོད་པ་དང་། ཁ་ཐུམ་ནང་གི་རིལ་རྡུལ་གར་ཚད་དེ་ཁ་ཐུམ་ཕྱིའི་རིལ་རྡུལ་གྱི་གར་ཚད་ལས95%ཡན་ཟིན་ཡོད་པ་མཚོན།

རིགས་དབྱེ།  

འབྲོག་པའི་མཚེར་ས།

འབྲོག་པ་རྣམས་ལ་དབྱར་དགུན་སྟོན་དཔྱིད་ཀྱི་དུས་སོ་སོར་མཚེར་ས་སོ་སོར་ཡོད་འདུག་ཅིང་། དེ་ཡང་དབྱར་དུས་སུ་འབྲོག་སྡེ་རུ་ཤོག་སོ་སོས་རུ་བསྐོར་ཆེ་ཆུང་སྣ་ཚོགས་བྱས་ཏེ་སྤང་ཐང་དང་། རིའི་སྒང་སོགས་རྩྭ་ཁ་གང་བཟང་གནས་རྣམས་སུ་སྤོ་སྡོད་བྱེད་ཅིང་། དེ་ནི་སྤྱིར་བཏང་ཡུལ་ཁག་སོ་སོའི་ཁོངས་གཏོགས་ཀྱི་ས་མཚམས་སམ། འགའ་ཤས་ལ་རུ་ཤོག་སོ་སོར་སྒེར་དབང་གི་ས་མཚམས་ཡོད་འདུག་པ་ཙམ་ལས་མི་ཚང་སོ་སོར་སྒེར་དབང་གི་ས་ཆ་ཡོད་སྲོལ་མི་འདུག སྟོན་དུས་ནི་འབྲོག་མིའི་ཁ་དཔེར་སྟོན་འོ་ཕྱེད་མར་ཕྱེད་ཅེས་སུ་གྲགས་པ་བཞིན་འབྲོག་པ་ཚོས་ཤེད་གསོག་འཇོག་བྱེད་པའི་དུས་ཚིགས་ཁྱད་པར་ཅན་ཞིག་ཡིན་པར་བརྟེན། སྒོ་ཕྱུགས་རྣམས་གཟས་བོངས་ཆེ་ཞིང་གཟས་ཐག་ཐུང་བའི་གནས་ཡུལ་དག་ལ་བརྟེན་དགོས་པ་ལྟར། རུ་ཤོག་སོ་སོར་སྟོན་མཚེར་ཞེས་བྱ་བ་དབྱར་དུས་སུ་རྩ་ཁ་མ་བཅད་པ་དང་། ས་ཆའི་བབས་ཀྱང་དབྱར་ས་ལས་ཅུང་ཟད་དམའ་ཞིང་། ཆར་རླུང་གིས་མི་སྡང་བའི་དྲོད་ཁུང་ཅན་དག་ཡོད་པ་རེད།

རིགས་དབྱེ།  

འབྲོག་ལས།

འབྲོག་ལས་ནི་གཙོ་བོ་འཚོ་རྟེན་རྟ་ནོར་ལུག་གསུམ་ལ་བྱེད་པའི་འཚོ་བ་རོལ་སྟངས་ལ་ཟེར་ཞིང་། འབྲོག་པའི་སྡོད་གནས་གཏན་འཁེལ་མིན་ལ། དུས་བཞིའི་རིང་ལ་གནས་གསུམ་ནས་བཞི་སྤོར་ནས་འགྲོ་བ་ཡིན། བྱང་ཐང་གི་འབྲོག་པ་རྣམས་ནི་དུས་བཞིར་དབྱེ་བ་མེད་པར་སྦྲ་ནང་དུ་སྡོད་པ་དང་། རོང་ཕྱོགས་དང་ཐག་ཉེ་བའི་འབྲོག་པ་ཡིན་ན་དབྱར་ཁ་སྦྲ་དང་དགུན་ཁར་ཁང་པར་སྡོད་པ་རེད། འབྲོག་པའི་འཚོ་རྟེན་གཙོ་བོ་ནོར་ལུག་ཡིན་སྟབས། དུས་བཞིར་ས་ཆ་གང་དུ་རྩྭ་ཆུ་འཛོམས་ན་དེ་རུ་གནས་སྤོ་བ་རེད།

རིགས་དབྱེ།  

ཞིང་ལས།

ས་རྒོད་སློག་ནས་དེ་ལ་འབྲུ་རིགས་བཏབ་སྟེ་ཆུ་འདྲེན་ལུད་འདེབས་བྱས་རྗེས་དེའི་འབྲུ་རིགས་བཟའ་བཏུང་དུ་སྤྱོད་པ་ལ་ཟེར་ཞིང་། ཞིང་བ་རྣམས་ཀྱིས་གནས་གཏན་ཁེལ་གཅིག་ཏུ་བསྡད་ནས་ས་ཞིང་བཏབ་སྟེ་འབྲུ་རིགས་གསོག་འཇོག་བྱེད་ཀྱིན་ཡོད་པ་རེད། ཞིང་བ་མང་ཆེ་བའི་སྡོད་ཁང་ཉིས་བརྩེགས་ཡིན་པ་དང་སྟེང་ཁང་མི་སྡོད་ས་དང་ཅ་དངོས་འཇོག་ས། འོག་ཁང་དུ་བ་ཕྱུགས་དང་རྩྭ་ཤིང་འཇོག་ས་བྱེད་ཀྱི་ཡོད།

རིགས་དབྱེ།