དྲུ་གུའི་སྲིད་དབང་ཕྱི་མ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དྲུ་གུའི་སྲིད་དབང་ཕྱི་མ།
སྤྱི་ལོ་682ལོར། དྲུ་གུ་ཤར་མའི་སྐུ་དྲག་ཚོས་ཐང་རྒྱལ་རབས་ལ་ངོ་རྒོལ་བྱས་ཏེ་ཡང་བསྐྱར་དྲུ་གུའི་སྲིད་དབང་སླར་གསོ་བྱས་པས་སྲིད་དབང་དེ་ལ་ལོ་རྒྱུས་ཐོག་དྲུ་གུའི་སྲིད་དབང་ཕྱི་མ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
后突厥
སྐད་རིགས།
དྲུ་གུའི་སྐད།
ཕྱི་ཡིག་གི་མིང་།
Later Turkish Khanate
རྒྱལ་ཁབ་ཀྱི་རྒྱལ་པོ།
དུར་གྱིས་ཁ་གན། པིས་ག་ཁ་གན།
རྒྱལ་ས།
དྲུ་གུའི་ཡཱ་ཀྲུང་།
མི་རིགས།
ཐེ་ལོ། ཧོར། དྲུ་གུ། ཆི་ཏན།
རྒྱལ་སྲིད་བཟུང་བའི་དུས་ཡུན།
སྤྱི་ལོ(682—745)
1 གནས་ཚུལ་ངོ་སྤྲོད་མདོར་བསྡུས།

སྤྱི་ལོ630དངསྤྱི་ལོ657ལོར། ཐང་རྒྱལ་རབས་ཀྱིས་དྲུ་གུ་ཤར་ནུབ་གཉིས་ལ་མགོ་རྟིང་སློག་པ་དང་། དྲུ་གུའི་ས་ཁུལ་དེ་དག་ཏུ་ཐང་གིས་བསྐོས་པའི་ཁ་ཧན་དང་དམག་དཔོན་གྱིས་དབང་བསྒྱུར། དཔེར་ན། ཐང་རྒྱལ་རབས་ཀྱིས་དྲུ་གུ་ནུབ་མའི་མངའ་ཁོངས་སུ་རུས་བཅུ་ཚོ་བའི(ئون ئوق قاغان)ཁ་ཧན་དང་དུར་གྱིས(突骑施可汗)ཁ་ཧནསོགས་བསྐོས་པ་ལྟ་བུ། སྤྱི་ལོ་682ལོར། དྲུ་གུ་ཤར་མའི་སྐུ་དྲག་ཚོས་ཐང་རྒྱལ་རབས་ལ་ངོ་རྒོལ་བྱས་ཏེ་ཡང་བསྐྱར་དྲུ་གུའི་སྲིད་དབང་སླར་གསོ་བྱས་པས་སྲིད་དབང་དེ་ལ་ལོ་རྒྱུས་ཐོག་དྲུ་གུའི་སྲིད་དབང་ཕྱི་མ་ཟེར། སྤྱི་ལོ745ལོར། “དྲུ་གུའི་སྲིད་དབང་ཕྱི་མ་དེ་ཧོར(ئۇيغۇر)གྱིས་བསྣུབས་པས་དྲུ་གུ་སྲིད་དབང་གི་ལོ་རྒྱུས་རྩ་བ་ནས་མཇུག་སྒྲིལ”།  ཡིན་ཡང་དྲུ་གུའི་ཚོ་བ་ཁ་ཤས་ཀྱིས་ད་དུང་སྔར་བཞིན་ཐང་དང་བོད། ཧོར་སོགས་ཀྱི་ཆབ་སྲིད་དང་དམག་དོན་གྱི་འབྲེལ་བའི་ནང་དུ་ནུས་པ་གལ་ཆེན་བཏོན་ཡོད། 

.png

དྲུ་གུ་སྲིད་དབང་ཕྱི་མའི་དབང་སྒྱུར་མངའ་ཁོངས་ཀྱི་ས་བཀྲ།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-22

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།