ཡོངས་འཛིན་རིག་མཛོད། >སྤྱི་ཚོགས། >མི་རིགས། >དམངས་སྲོལ།

དམངས་ཁྲོད་རིག་གནས།

དམངས་ཁྲོད་རིག་གནས(folkcultue)ནི་སྤྱི་ཚོགས་ཀྱི་འོག་རིམ་མང་ཚོགས་ཐུན་མོང་གིས་གསར་གཏོད་བྱས་པའི་རང་འཕེལ་དང་རང་སྐྱིད་ཀྱི་རིག་གནས་ཤིག་ལ་ཟེར། སྤྱི་ཚོགས་ཀྱི་རིམ་དབྱེ་ནས་བལྟས་ན། དམངས་ཁྲོད་ཀྱི་རིག་གནས་ནི་སྤྱི་ཚོགས་ཀྱི་འོག་རིམ་ནས་བྱུང་པ་མ་ཟད། མི་སེར་རང་གིས་གསར་སྐྲུན་བྱས་པ་ཞིག་ཡིན། སྤྱི་ཚོགས་ཀྱི་རིམ་པ་དམའ་ཤོས་ཀྱི་ངལ་རྩོལ་མི་དམངས་ཀྱིས་གསར་གཏོད་བྱས་ཤིང་གནའ་དུས་ནས་ད་ལྟའི་བར་དམངས་ཁྲོད་ཀྱི་སྲོལ་རྒྱུན་ཁྲོད་གནས་པའི་མང་ཚོགས་ཀྱི་སྤྱིར་བཏང་གི་རིག་གནས་ཤིག་ཡིན། དེ་ནི་རང་སྤྲོ་རང་སྐྱིད་ཅན་གྱི་རིག་གནས་ཤིག་ཡིན་ལ། མང་ཚོགས་ཀྱི་ཁྲོད་ནས་བྱུང་ཞིང་། དེའི་འཚོ་བའི་བྱེ་བྲག་གི་རྒྱབ་ལྗོངས་ནི་སྤྱིར་བཏང་དང་གསོན་ཤུགས་ལྡན་པའི་རྣམ་པ་ཞིག་ཡིན་པ་མ་ཟད། རང་འགུལ་ངང་གསར་གཏོད་བྱས་པའི་མང་ཚོགས་རང་བཞིན་གྱི་རོལ་རྩེད་དང་རིག་གནས་ཀྱི་རྣམ་པ་ཞིག་ཡིན།

རིགས་དབྱེ།  

སྐར་མ་རི་ཥིའི་དུས་ཆེན།

སྐར་མ་རི་ཥི་ཞེས་པ་ནི་དོན་དུ་དྲང་སྲོང་རི་ཥི་ཞེས་པ་འདི་ཡིན་ཅིང་། ལྷའི་སྨན་པ་ཡིན་པར་བཤད་ལ། དེའི་བདེན་སྟོབས་ཀྱིས་སྐར་མ་འདི་ཤར་བ་ན་ཆུ་རྣམས་ནད་ཀྱི་གཉེན་པོར་འགྱུར་བར་བཤད་པའི་དུས་ཆེན་ཞིག་ཡིན།

རིགས་དབྱེ།  

འབྲོག་པའི་ཚེ་ཐར།

འབྲོག་པའི་སྒོ་ཕྱུགས་ནང་དུ་ཚེ་ཐར་ཞེས་བྱ་བའི་འབྲི་གཡག་དང་ལུག་སོགས་རྣ་ཚར་ལྡན་པ་མང་དུ་ཡོད་འདུག་ཅིང་། དེ་དག་ནི་སྲོག་འཕྲོག་པའི་འཇིགས་པ་ལས་ཐར་བའི་སྒོ་ནོར་དག་ཡིན་པ་རེད། དེ་ཡང་འབྲོག་མི་ཚོས་ནམ་རྒྱུན་དུ་ཚེ་རིང་པོ་འབྱུང་བའི་ཆེད་དུ་སྒོ་ཕྱུགས་མང་པོ་ཚེ་ཐར་གཏོང་སྲོལ་ཡོད་འདུག་པ་དང་། ཁྱད་པར་ནང་མི་འགའ་ཞིག་གི་ཚེ་ལ་བར་ཆད་འབྱུང་ཉེན་ཆེ་བའི་ན་ཚ་སོགས་བྱུང་བའི་ཚེ་སྒོ་ཕྱུགས་དུ་མ་ཚེ་ཐར་གཏོང་སྲོལ་ཡོད་པ་རེད།

རིགས་དབྱེ།  

རྒྱལ་གཞས།

རྒྱལ་གཞས་ཞེས་པ་ནི་གཙང་ཁུལ་གྱི་དིང་རི་དང་ས་སྐྱ་ཁུལ་དུ་དར་ཆེ་བའི་དམངས་ཁྲོད་ཀྱི་སྒྱུ་རྩལ་ཐུན་མོང་མིན་པ་ཞིག་རེད།

རིགས་དབྱེ།  

ཁྲ་འབྲུག་དགེ་འཛིན་གཏོར་རྒྱག་དུས་ཆེན་ནམ་འདྲེ་རྫོང་།

སྔར་ཡོད་ཆོས་ལུགས་ཆོ་ག་དགེ་འཛིན་གཏོར་རྒྱག་ཅེས་པ་དེ་ནི་བོད་ཟླ་དང་བོའི་ལོ་གསར་སྐབས་ཚུགས་པའི་དམིགས་བསལ་ཆོ་ག་ཞིག་སྟེ་ཡུལ་གྱི་གདོན་འདྲེ་ལ་གླ་ཕོགས་རྒྱག་པའི་དུས་སྟོན་ཞིག་ཡིན།

རིགས་དབྱེ།  

གཡག་པ་ཕྲུ་མ་དྲུག་ཅུའི་ཕྲུ་ཚོགས།

ཤན་རྩ་རྫོང་ཁོངས་ཀྱི་གཡག་པ་ཕྲུ་ཚོགས་ནི་ལོ་ལྟར་བོད་ཟླ་བདུན་པའི་ཚེས་བཅོ་ལྔའི་ཉིན་གྲུ་འཁྲིད་ཅེས་པའི་ས་ཆ་དེ་རུ་འདུ་འཛོམས་བྱས་ནས་ཁྲལ་བསྡུ་དང་རྟ་རྒྱུག་ཚོང་འདུས་བཅས་ཚུགས་ཀྱི་ཡོད་པའི་བོད་ཀྱི་དུས་ཆེན་ཞིག་རེད།

རིགས་དབྱེ།  

རྟ་ཐོག་གནམ་མདའ།

རྟ་ཐོག་གནམ་མདའ་ཞེས་པ་ནི་བོད་ཟླ་དང་བོའི་ཚེས་ཉེར་བདུན་ཏེ་ལྷ་ལྡན་སྨོན་ལམ་ཆེན་མོའི་མཛད་སྒོ་ལེགས་པར་གྲུབ་པའི་བཀྲ་ཤིས་བདེ་ལེགས་ཀྱི་གྲོལ་སྟོན་ཆེན་མོའི་ཉིན་སྔར་སྲོལ་ལྟར་རྟ་རྒྱུག་ཞོར་མདའ་འཕེན་བྱེད་པའི་དུས་ཆེན་ཞིག་ཡིན།

རིགས་དབྱེ།  

ངན་པ་དགུ་འཛོམས་དང་བཟང་བོ་བཅུ་འཛོམས།

བོད་ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན་ཕྱེད་ནས་ཚེས་བདུན་ཉིན་ཕྱེད་བར་གྱི་དུས་ཚོད་དེར་ངན་པ་དགུ་འཛོམས་ཞེས་ཟེར་ཞིང་སྤྱིར་དུས་ཚོད་དེའི་ནང་ཁ་སྨྲས་གླིང་བཞིའི་ཟས་མི་ཟ། རྒྱལ་བའི་གསུང་མི་སྒྲོག ཁྱེད་ངན་པ་དགུ་འཛོམས་ན་ང་བཟང་པོ་བཅུ་འཛོམས་ཞེས་དེ་སྔའི་ལོ་ཐོའི་ནང་འདོན་སྲོལ་ཡོད་པའི་དུས་ཆེན་ཞིག་ཡིན།

རིགས་དབྱེ།  

དབྱར་རིས་ཆོ་གའམ་སྔགས་པའི་དུས་སྟོན།

སྐྱེས་དམན་ཚོས་སྐྲ་ཟིང་དུ་སློད་མི་ཆོག་པ་དང་། སྟོད་ཧྲེང་དུ་ཐོན་མི་ཆོག འོང་ཀའི་རྒྱུད་ལ་སྐད་ཤུགས་ཆེན་པོ་རྒྱག་མི་ཆོག ཡུལ་མི་ཕན་ཚུན་བར་རྒྱག་རེས་བརྒྱབ་མི་ཆོག ཐ་ན་བྱིའུ་ལའང་རྡོ་གཞུས་ནས་གནོད་འཚེ་གཏོང་མི་ཆོག་པར་སྔགས་པས་སྔགས་སྒྲུབ་པའི་དུས་ཆེན་ཞིག་ཡིན།

རིགས་དབྱེ།  

དྲུང་སྤྱི་གླིང་གའི་དབྱར་སྐྱིད།

དྲུང་སྤྱི་གླིང་གའི་དབྱར་སྐྱིད་ནི་ཤོད་སྐོར་ཛ་ཐའི་ནས་རིམ་བཞི་དང་། སྲས་རྣམ་པ། རིམ་པ་ལྔ་བའི་ནང་མའི་ལས་ཚན་ཡན་ཁྱིམ་ཚང་གཉིས་རེ་ཟླ་བསྒྲིལ་རེས་འཁོར་གྱིས་བོད་ཟླ་བརྒྱད་པའི་ནང་གཏོང་སྲོལ་ཡོད་པའི་དུས་ཆེན་ཞིག་ཡིན།

རིགས་དབྱེ།  

ཕ་གཤོངས་རས་པའི་དུས་ཆེན།

ཕ་གཤོངས་རས་འཆམ་ནི་གཙང་བོའི་ཤར་ངོགས་སུ་གནས་ཡོད་པའི་གཤོངས་ཟེར་བའི་གྲོང་ཚོ་དེར་གནའ་ནས་ད་བར་རྒྱུན་འཛིན་བྱས་པའི་དམངས་ཁྲོད་སྒྱུ་རྩལ་གྱི་དུས་ཆེན་ཏེ་སྤོ་བོའི་ཡུལ་དུ་སྐད་གྲགས་ཆོད་པའི་དུས་ཆེན་ཞིག་ཡིན།

རིགས་དབྱེ།  

བཅོ་ལྔའི་མཆོད་པ།

སྒོར་གཞས་དང་གླུ་གཞས་བཏང་ནས་མཚན་གང་བར་སྡོད་སྲོལ་ཡོད་པ་དེ་ལ་ཡོངས་གྲགས་སུ་བཅོ་ལྔའི་མཆོད་པའི་དུས་ཆེན་ཟེར།

རིགས་དབྱེ།  

བཞི་མཆོད་ཆེན་མོ།

ཆོས་སྡེ་ཁག་དང་། རྩེ་ཕོ་བྲང་། གཙུག་ལག་ཁང་། དེ་བཞིན་ལྷ་ཞོལ་གྲོང་མི་དང་བཅས་པའི་ཁང་བའི་ཡང་སྟེང་ངམ་སྒེའུ་ཁུང་གི་མདུན་ངོས་སུ་མར་མེའི་ཕྲེང་བ་ཚར་དུ་དངར་བའི་མཆོད་མེ་སྦར་བ་དེ་ལ་བཞི་མཆོད་ཅེས་འབོད་པ་ཡིན།

རིགས་དབྱེ།  

དཔལ་ལྷ་གཟབ་གསོལ།

དཔལ་ལྷ་གཟབ་གསོལ་ནི་གཙུག་ལག་ཁང་གི་ཡང་སྟེང་དཔལ་ལྷ་ལྕོག་ཏུ། དཔལ་ལྡན་འདོད་ཁམས་བདག་མོ་ཞི་དྲག་ཀུན་ཕན་བདེ་ལེགས་བཤད་གླིང་ཚོགས་ཡོངས་ནས་བསྐང་བཤགས་མངའ་གསོལ་གྱི་ཞལ་འདོན་དང་འབྲེལ་གཟབ་གསོལ་གང་ལེགས་བྱེད་པ་དེར། བུ་མོ་ཚོའི་དུས་ཆེན་དུ་བརྩི་སྲོལ་ཡོད་པས་དཔལ་ལྷའི་གཟབ་གསོལ་ལམ་བོད་ཀྱི་སྐྱེས་མའི་དུས་ཆེན་ཞིག་ཡིན།

རིགས་དབྱེ།  

བུའུ་ཐུའུ་ཆོ་ག

གླུད་རྫོད་དུས་ཆེན་ཏེ་རེབ་གོང་གཉན་ཐོག་བུའུ་ཐུའུ་ཆོ་ག་ནི་གཉན་ཐོག་གི་ཡུལ་སྐད་ཅིག་སྟེ། བན་བོན་ལ་ཆོས་ལུགས་ལས་གླུད་རྫོང་བའི་ཆོ་ག་ཞིག་ཡིན་ལ། ཧོར་ཟླ11པའི་ཚེས20ཉིན་གླུད་རྫོད་དུས་ཆེན་ཏེ་རེབ་གོང་གཉན་ཐོག་བུའུ་ཐུའུ་ཆོ་ག་སྤེལ་བའི་ཉིན་མོ་ཡིན།

རིགས་དབྱེ།  

བོད་ཀྱི་རིག་གནས་དུས་ཆེན་ནམ་ཐོན་མིའི་དབུ་ལྷ་གསོལ་བ།

བོད་ཀྱི་རིག་གནས་དུས་ཆེན་ནམ་ཐོན་མིའི་དབུ་ལྷ་གསོལ་བ་ནི་བོད་ཟླ4བའི་ཚེས15ཉིན་ཏེ་གངས་ཅན་ཡི་གེའི་བྱེད་པོ་སམ་བྷོ་ཊ་རྗེས་སུ་དྲན་པར་བྱེད་པའི་རིག་གནས་ཀྱི་དུས་ཆེན་ཞིག་ཡིན།

རིགས་དབྱེ།  

བྱང་ཐང་གི་རྟ་རྒྱུག

བྱང་ཐང་གི་རྟ་རྒྱུག་ནི་ལོ་རེ་བཞིན་བོད་ཟླ་དྲུག་པའི་ནང་ཉིན་ལྔའི་དུས་ཡུན་ལ་རོལ་བའི་བྱང་ཐང་གི་གཞི་ཁྱོན་ཆེས་ཆེ་བའི་དུས་ཆེན་ཞིག་ཡིན།

རིགས་དབྱེ།  

བྱང་འབྲོག་ལོ་སར།

བྱང་འབྲོག་གི་ལོ་སར་ནི་འབྲོག་ཡུལ་རྣམས་སུ་རྒྱ་ལོ་དང་ལོ་སར་བྱ་བ་གཉིས་ཡོད་འདུག་ཅིང་། དེ་ལས་བྱ་ཟླའི་ཚེས་གཅིག་ཉིན་ནས་བཟུང་སར་གྱི་ཡོད་པའི་ལོ་སར་དུས་ཆེན་དེ་ལ་ཟེར།

རིགས་དབྱེ།  

རྒྱལ་བ་བྱམས་པ་གདན་འདྲེན།

ཧོར་ཟླ་དང་བོའི་ཚེས་ཉེར་ལྔ་ཉིན་གྱི་ནམས་ལངས་སྔ་ཆར་བྱམས་པ་གདན་འདྲེན་པ་སྟེ་མ་འོངས་སྐལ་བཟང་རྣམ་འདྲེན་ལྔ་བ་རྒྱལ་བ་བྱམས་པའི་བསྟན་པ་འདྲེན་པའི་དུས་ཆེན་ཞིག་ཡིན།

རིགས་དབྱེ།  

མ་ཎིའི་ཞག་བརྒྱ།

མ་ཎིའི་ཞག་བརྒྱ་ཅེས་པ་ནི་འབྲོག་ཡུལ་མི་སྡེ་སྤྱི་དང་ཁྱད་པར་དུ་རྫ་དཔལ་སྤྲུལ་རྡོ་འབུམ་ཁར་མི་མང་བོ་ཚོགས་ཏེ་ཆོས་བྱེད་པའི་དུས་ཚིགས་ཤིག་ཡིན།

རིགས་དབྱེ།  

མཁའ་འགྲོ་འདུ་བའི་དུས་ཚེས།

མཁའ་འགྲོ་འདུ་བའི་དུས་ཚེས་ནི་བོད་ཟླ1བོའི་ཚེས10ཉིན་སྔ་དྲོའི་སྨོན་ལམ་ཞོགས་ཚོགས་གྲོལ་རྗེས་ཀྱི་དུས་ཚེས་ལ་ཟེར།

རིགས་དབྱེ།  

དགོངས་རྫོགས་ཚོགས་མཆོད་ཆེན་མོ།

སྡེ་སྲིད་སངས་རྒྱས་རྒྱ་མཚོས་རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོའི་དགོངས་རྫོགས་མཆོད་པར་དམིགས་ཏེ་བཙུགས་པ་དང་། ལོ་རེའི་ཟླ་གཉིས་པའི་ཉིན་བཅུ་གནམ་གསལ་མཆོད་སྦྱིན་ནམ་མཁའ་མཛོད་ཀྱི་སྒོ་འཕར་ཡོངས་སུ་དབྱེ་བའི་ཆོད་སྐོར་གོས་སྐུ་ཞལ་འབྱེད་པའི་ཉིན་མོ་ཡིན།

རིགས་དབྱེ།  

ཁུ་བྱུག་མཆོད་པ།

བཀའ་གདམས་བསྟན་པའི་ཆུ་འགོ་བྱང་རྭ་སྒྲེང་དགེ་འཕེལ་གླིང་དུ་ལོ་གཅིག་ནང་བྱ་ཟླ་མཆོད་པ་དང་། ཁུ་བྱུག་མཆོད་པ། མེ་ཏོག་མཆོད་པ། ཉ་དྲུག་མཆོད་པ་ཞེས་བཀའ་གདམས་མཆོད་པ་དུས་བཞི་ཡོད་པའི་ཡ་གྱལ་གྱི་དུས་ཆེན་ཞིག

རིགས་དབྱེ།  

ལབ་ཙེ་དུས་ཆེན

བོད་ཁམས་ཡོངས་སུ་དར་བའི་ལབ་ཙེ་བསྟོད་པའི་དུས་ཆེན་ནི་བོད་མིའི་ཡུལ་གོམས་གཤིས་ལུགས་སུ་གོ་གནས་གལ་ཆེན་བཟུང་བའི་འཇིག་རྟེན་པའི་ཆོས་ལུགས་བྱེད་སྒོ་ཞིག་ཡིན།

རིགས་དབྱེ།  

ལོ་སར་འབྱུང་ལུགས།

བོད་མི་རིགས་ཀྱི་རིག་གནས་དང་སྤྱི་ཚོགས་ཐོན་སྐྱེད་གོང་འཕེལ་འགྲོ་བ་དང་བསྟུན། སྲོལ་རྒྱུན་དུ་དར་པའི་དུས་ཆེན་དེ་ལོ་ཡི་འཁོར་མོ་གཅིག་གིས་མཇུག་བསྡུས་ཤིང་། གཅིག་གིས་མགོ་བརྩམས་པའི་ལོ་གསར་གྱི་དགའ་སྟོན་ཡོ་ལང་རྒྱས་པར་བྱ་བ་འདི་བྱུང་བ་རེད།

རིགས་དབྱེ།  

ལྷ་རིའི་དགྲ་ལྷ་དཔང་བསྟོད།

ལྷ་རིའི་དགྲ་ལྷ་དཔང་བསྟོད་ཅེས་པ་དེ་དུས་ཡུན་ཉིན་བདུན་འཛོམས་སྲོལ་ཡོད་པ་དང་། སྡེ་དགོན་ཐུན་མོང་གི་དབྱར་སྐྱིད་རྟ་རྒྱུག་གི་དུས་ཆེན་ཞིག་ཡིན།

རིགས་དབྱེ།  

འོང་སྐོར་དུས་ཆེན།

བོད་ཟླ7པའི་ཚེས་ཆ་གང་བཟང་ཞིག་ལ་ལྷ་ས་འོང་སྐོར་ཞེས་པ་དེ་སྔའི་ལྷ་སའི་མི་དཔོན་གཉིས་དང་དཀོར་གཉེར་དཔོན་གྱིས་མགོ་ཁྲིད་ནས་ཇོ་བོའི་ན་བཟའ་གདན་ཞུས་ཀྱིས་ཞིང་སྐོར་རྒྱག་པའི་དུས་ཆེན་ཞིག་ཡིན།

རིགས་དབྱེ།  

ས་སྐྱ་འདོས་ཆེན་ཞིབ་པའི་དུས་ཚོད།

བོད་ཟླ་བཅུ་གཅིག་པའི་ཚེས་ཉེར་གསུམ་ཉིན་ནས་བཟུང་འགོ་ཚུགས་ཏེ་དངོས་གཞི་གོང་ཟླའི་ཚེས་ཉེར་ལྔ་ཉིན་བདུན་རིང་ཡིན་ཞིང་། དེའི་རིང་ཕྱོགས་འཐུལ་ཁག་མང་འཛོམས་ཏེ་ཚོང་འདུས་ཀྱི་ཁྲོམ་ར་ཡང་གང་འཚམས་ཡོད་པ་དང་ལྟད་མོ་བ་དང་བཅས་མི་ཚོགས་ཆེས་འཁྲུགས་པོ་ཡོད་པའི་དུས་ཆེན་ཞིག་ཡིན།

རིགས་དབྱེ།  

སྐར་མ་རི་ཥིའི་དུས་ཆེན།

སྐར་མ་རི་ཥི་ཞེས་པ་ནི་དོན་དུ་དྲང་སྲོང་རི་ཥི་ཞེས་པ་འདི་ཡིན་ཅིང་། ལྷའི་སྨན་པ་ཡིན་པར་བཤད་ལ། དེའི་བདེན་སྟོབས་ཀྱིས་སྐར་མ་འདི་ཤར་བ་ན་ཆུ་རྣམས་ནད་ཀྱི་གཉེན་པོར་འགྱུར་བར་བཤད་པའི་དུས་ཆེན་ཞིག་ཡིན།

རིགས་དབྱེ།  

སྐུ་འབུམ་མེ་ཏོག་མཆོད་པ།

ཨ་མདོ་རྗེ་སྐུ་འབུམ་དགོན་གྱི་མེ་ཏོག་མཆོད་པ་ནི་ལོ་རེའི་ཧོར་ཟླ་དང་བོའི་ཚེས་བཅོ་ལྔའི་མཚན་མོར་ཡིན་ལ། དགོན་པའི་གྲྭ་བཙུན་རྣམས་ཀྱིས་འབྲི་མར་སེར་བོ་ལ་བརྟེན་ནས་སྐྱེས་རབས་དང་རྣམ་ཐར། རྟོགས་བརྗོད་སོགས་ཀྱི་སྐུ་བརྙན་བཞེངས་པའི་ཐུན་མོང་མ་ཡིན་པའི་ལག་ཤེས་སྒྱུ་རྩལ་ལ་མཇལ་བའི་དུས་ཆེན་ཞིག་ཡིན།

རིགས་དབྱེ།