ཡོངས་འཛིན་རིག་མཛོད། >སྤྱི་ཚོགས། >མི་རིགས། >ལུགས་སྲོལ།

སྲོལ་རྒྱུན་གྱི་འདུ་ཤེས།

སྲོལ་རྒྱུན་གྱི་འདུ་ཤེས་ནི་སྔོན་ཆད་ཀྱི་ཉམས་མྱོང་དང་ཤེས་བྱ་གཞིར་བཟུང་ནས་གྲུབ་པའི་འདུ་ཤེས་ཤིག་ཡིན་ལ། སྲོལ་རྒྱུན་གྱི་འདུ་ཤེས་ཀྱིས་རྒྱལ་ཁབ་ཀྱི་ཐུན་མོང་དང་ཐ་ན་མི་སྒེར་གྱི་འདུ་ཤེས་བརྗོད་ཆོག

རིགས་དབྱེ།  

ས་ག་ས་རིའི་དུས་ཆེན།

ས་ག་ས་རི་ཞེས་པ་ནི་སྔར་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་རྒྱ་བཟའ་ཀོང་ཇོ་གཉིས་བཞུགས་སའི་ཆོས་རྒྱལ་ལྷ་ཁང་ནང་ལ་འབྲུ་འབོ་གང་དང་སྲན་མ་འབོ་གང་། ནས་འབོ་གང་། ཆང་ཚོད་གཅིག་བཅས་བཞག་གི་ཡོད་སྐད་དེ། འདི་ནི་སྲོང་བཙན་སྐུ་མཚམས་གྲོལ་བའི་དུས་སྟོན་ཡིན་ནོ།།

རིགས་དབྱེ།  

རང་གནས་རིང་ལུགས།

རང་གནས་རིང་ལུགས་ནི་རྒྱ་སྐད་ཀྱི་གཏམ་དཔེ་ཞིག་ཡིན་ལ། གོ་དོན་ནི་སྡེ་ཚན་དང་སྡེ་ཁག ཁྱོན་ཡོངས་དང་ཆ་ཤས་བར་གྱི་འབྲེལ་བ་ཐག་གཅོད་བྱེད་སྐབས་རང་ཉིད་ཁོ་ན་བསམ་པ་ཞིག་ལ་ཟེར། མའོ་ཙེ་ཏུང་གི《ཏང་ནང་གི་ནོར་འཁྲུལ་གྱི་བསམ་བློ་ཡོ་བསྲང་བྱ་རྒྱུའི་སྐོར》ཞེས་པ་ལས་བྱུང་བ་ཡིན།

རིགས་དབྱེ།  

ངོ་ཚ།

ཁྲེལ་དང་ངོ་ཚ་ནི་འཇིག་རྟེན་མིའི་རིགས་ཚང་མས་བརྩི་སྲུང་བྱ་དགོས་པ་ཞིག་ཡིན་པ་ལྟར་བོད་རིགས་སྤྱི་དང་ལྷག་པར་འབྲོག་ཡུལ་གྱི་མི་སྡེ་དག་གིས་དོ་སྣང་ཧ་ཅང་ཆེན་པོའི་སྒོ་ནས་བརྩི་བསྲུང་བྱེད་ཀྱི་ཡོད་པ་རེད། ཁོ་བོའི་མཐོང་ཕྱོགས་སུ་འཇིག་རྟེན་མིའི་རིགས་ཚང་མས་ཁྲེལ་དང་ངོ་ཚ་ལ་འཛེམ་བག་བྱེད་ཀྱིན་ཡོད་པའི་གནས་ཚུལ་འདྲ་བར་སྣང་ཡང་ཡུལ་གྲུ་སོ་སོ་དང་མི་རིགས་སོ་སོའི་སྤྱོད་ཚུལ་དང་གོམས་གཤིས་སོགས་རྣམ་པ་ཐ་དད་པ་མང་དུ་ཡོད་པར་བརྟེན། གང་ཞིག་ཁྲེལ་དང་ངོ་ཚའི་གཞི་ཡིན་པ་དང་། གང་ཞིག་བག་ཡོད་ཡ་རབས་ཀྱི་སྤྱོད་གཞི་ཡིན་པ་སོགས་གཞི་རྩ་ངོས་འཛིན་སྟངས་ཀྱང་མི་འདྲ་བར་ཡོད་པར་སེམས་སོ།།

རིགས་དབྱེ།