ཡུས་ཀུའུ་རིགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡུས་ཀུའུ་རིགས།
ཡུས་ཀུའུ་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན་ལ། གཙོ་བོ་ཀན་སུའུ་ཞིང་ཆེན་དུ་འདུས་སྡོད་བྱས་ཡོད་ཅིང་། བསྡོམས་པས་མི་གྲངས14378ལྷག་ལས་མེད། ཁོ་ཚོས་རང་ཉིད་ལ“ཡའོ་ཧུར”དང“ཞི་ལ་ཡུས་ཀུར”ཞེས་འབོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
裕固族
ཕྱི་ཡིག་གི་མིང་།
Yugu Race
སྐད་ཡིག
ཡུས་ཀུའུ་སྐད་དང་རྒྱ་ཡིག
མི་གྲངས།
14378(2010ལོར་སྡོམ་རྩིས་བྱས་པ)
ཆོས་ལུགས་དད་མོས།
ནང་བསྟན།
སྡོད་གནས་གཙོ་ཆེ་བ།
ཀན་སུའུ་ཞིང་ཆེན།
1 ངོ་སྤྲོད།

ཡུས་ཀུའུ་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན་ལ། གཙོ་བོ་ཀན་སུའུ་ཞིང་ཆེན་དུ་འདུས་སྡོད་བྱས་ཡོད་ཅིང་། བསྡོམས་པས་མི་གྲངས.jpg14378ལྷག་ལས་མེད། ཁོ་ཚོས་རང་ཉིད་ལ“ཡའོ་ཧུར”དང“ཞི་ལ་ཡུས་ཀུར”ཞེས་འབོད་པ་དང་། 1953ལོར་ཀན་སུའུ་ཞིང་ཆེན་སུའུ་ནན་ཡུས་ཀུའུ་རིགས་རང་སྐྱོང་རྫོང་འཛུགས་སྐབས་མི་རིགས་རང་གི་འཐུས་མི་དང་གྲོས་བསྡུར་བྱས་ཏེ“ཡའོ་ཧུར”དང་སྒྲ་མཚུངས་ཤིང་རྒྱ་ཡིག་གི་དོན་དུ་སྟོབས་འབྱོར་དང་བརྟན་བརླིང་གི་ནང་དོན་མཚོན་པའི་ཡུས་ཀུའུ་རིགས་ཞེས་མིང་བཏགས།

2 རིག་གནས་གོམས་སྲོལ།
2_1 སྐད་ཡིག

མི་རིགས་དེར་སྐད་རིགས་གསུམ་སྟེ། ནུབ་ཕྱོགས་ཡུས་ཀུའུ་སྐད་དང་། ཤར་ཕྱོགས་ཡུས་ཀུའུ་སྐད། རྒྱ་སྐད་བཅས་འཆད་བཞིན་ཡོད་ཅིང་མི་རིགས་རང་.jpgལ་ཡི་གེ་མེད་པས་རྒྱ་ཡིག་བཀོལ་བཞིན་ཡོད། ནུབ་ཕྱོགས་ཡུས་ཀུའུ་སྐད་ནི་སུའུ་ནན་ཡུས་ཀུའུ་རིགས་རང་སྐྱོང་ལྗོངས་ནུབ་ཁུལ་གྱི་མང་ཚོགས་ཀྱིས་འཆད་པ་དང་། ཤར་ཕྱོགས་ཡུས་ཀུའུ་སྐད་ནི་སུའུ་ནན་ཡུས་ཀུའུ་རིགས་རང་སྐྱོང་ལྗོངས་ལྷོ་ཁུལ་གྱི་མང་ཚོགས་ཀྱིས་འཆད་བཞིན་ཡོད།

2_2 ཆོས་ལུགས་དད་མོས།

ཡུས་ཀུའུ་མི་རིགས་ཀྱིས་ནང་བསྟན་ཆོས་ལུགས་ལ་དད་པ་དང་། དེ་ལས་ཀྱང་གཙོ་བོ་རི་བོ་དགེ་ལྡན་པའི་ཆོས་ལ་དད་པ་ཡིན། ཁོ་ཚོས་ཕྱུགས་ལས་གཙོ་.jpgབོ་གཉེར་བཞིན་ཡོད་ལ། ཡུལ་སྲོལ་གོམས་གཤིས་ཐད་ཕལ་ཆེར་བོད་རིགས་དང་གཅིག་མཚུངས་ཡིན།

2_3 གྱོན་གོས།

ཡུས་ཀུའུ་རིགས་ཀྱི་སྐྱེས་པ་ཚོས་ལུས་ལ་གོང་བ་མཐོ་བའི་ལྭ་རིང་གོན་པ་དང་མདོག་དམར་པོ་དང་སྔོན་པོའི་སྐེ་རགས་བཅིངས་ནས་རྐང་ལ་འཇུར་རྟ་ཡུ་རིང་གོན་པ་དང་མགོར་ཕྱིང་ཞྭ་དང་རྒྱ་ཞྭ་གོན། བུད་མེད་རྣམས་ཀྱིས་ལྭ་རིང་གོན་པ་དང་། མགོར་དུང་ཆེན་དབྱིབས་ཀྱི་ཞྭ་དམར་པོ་གོན་པར་དགའ།

2_4 རྩོམ་རིག་སྒྱུ་རྩལ།

ཡུས་ཀུའུ་རིགས་ཀྱི་ངག་ཐོག་གི་རྩོམ་རིག་ལ་ལྷ་སྒྲུང་དང་གཏམ་རྒྱུད། དམངས་གླུ། དོན་བརྗོད་སྙན་ངག་སོགས་ཡོད། དེ་དག་ལས་ལྷ་སྒྲུང《མོ་ལ》དང་གཏམ་.jpgརྒྱུད《སྲིན་པོ་མགོ་དགུ་དང་དཔའ་ངར་ལྡན་པའི་གཞོན་ནུ》སོགས་ཀྱིས་མི་རིགས་དེའི་འོད་སྟོང་འབར་བའི་ལོ་རྒྱུས་དང་དཔའ་ངར་སྤྱང་གྲུང་ལྡན་པའི་གཤིས་རྒྱུད་མཚོན་ཡོད་པས། ཀྲུང་གོའི་རྩོམ་རིག་ལོ་རྒྱུས་དེབ་ཐེར་དུ་གོ་གནས་གལ་ཆེན་བཟུང་ཡོད། གཞན་ཡང་། མི་རིགས་དེ་ནི་མཛེས་རིས་ལ་ཧ་ཅང་མཁས་ཤིང་། ཁོ་ཚོས་འཐག་པའི་ས་གདན་སྟེང་གི་མེ་ཏོག་སྣ་ཚོགས་དང་ཕུར་ཁ་དང་གོང་བའི་ཁ་རུ་གཙགས་པའི་མེ་ཏོག་རྣམས་གསོན་ཉམས་ལྡན་ཞིང་མིའི་ཡིད་དབང་འཕྲོག་ནུས།

2_5 བཟའ་བཏུང་།

ཡུས་ཀུའུ་མི་རིགས་ཀྱིས་རང་ཉིད་ཀྱི་འཚོ་རྟེན་ཕྱུགས་ཟོག་ལ་བསྟུན་ནས་ཁ་ཟས་ཀྱང་གཙོ་བོ་ཤ་དང་འོ་མ་ཡིན་ལ། བཟའ་བཏུང་གཙོ་བོ་ནི་འབྲས་དང་ཕྱེ། འོ་མ་དང་ལུག་ཤ་ཡིན། ཁོ་ཚོས་ཉ་དང་། ཁྱི། རྟ། ཁྱིམ་བྱ་སོགས་ཀྱི་ཤ་མི་བཟའ།  

2_6 གུས་ལུགས།

ཡུས་ཀུའུ་རིགས་ལ་མགྲོན་པོར་སྣེ་ལེན་བྱེད་པའི་སྲོལ་བཟང་བོ་ཞིག་ཡོད། མགྲོན་པོ་ཁྱིམ་དུ་སླེབས་དུས་ཐོག་མར་ཇ་འདྲེན་པ་དང་རྗེས་སུ་ཆང་དྲངས་ཏེ་ལྷག་བསམ་རྣམ་དག་གིས་མགྲོན་པོར་བརྩི་བཀུར་བྱེད།

2_7 དུས་ཆེན།

ཡུས་ཀུའུ་མི་རིགས་ལ་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་དུས་ཆེན་མང་པོ་ཡོད་དེ། དཔེར་ན། རྟའི་ཟེ་རྔོག་འབྲེག་པའི་དུས་ཆེན་ཏེ། དེ་ནི་ཡུས་ཀུའུ་.jpgམི་རིགས་ཀྱི་སྲོལ་རྒྱུན་གྱི་ཞིང་ཕྱུགས་མཆོད་འབུལ་བྱ་འགུལ་ཞིག་ཡིན་ལ། ཀན་སུའུ་སུའུ་ནན་ས་ཁུལ་དུ་དར་ཁྱབ་ཆེ། སྤྱིར་བཏང་དུ་ལོ་རེའི་ལུགས་རྙིང་གི་ཟླ་བཞི་བའི་ཚེས་བཅུ་གཅིག་རྗེས་ཀྱི་ཉིན་འགར་སྤེལ་བ་ཡིན། ཡུས་ཀུའུ་མི་རིགས་ནི་ཕྱུགས་ཟོག་ལ་དགའ་ཞེན་ཆེ་བས། རྟའུ་ལོ་གཅིག་ལ་ལོན་ཙ་ན་ཐེངས་དར་པོར་ཟེ་རྔོག་འབྲེག་པའི་ཆོ་ག་རྒྱ་ཆེན་པོ་ཞིག་སྤེལ་བ་ཡིན། ཉིན་དེར་གཉེན་ཉེ་སྤུན་ཟླ་མགྲོན་དུ་བསུས་ནས་སྟོན་མོ་བྱེད་པ་དང་། ཟེ་རྔོག་འབྲེག་དུས《རྔོག་འབྲེག་གླུ་གཞས》ལེན་ཞོར་འབྲེག་པ་དང་། ཟེ་རྔོག་ཐོག་མ་དེ་མཆོད་གཤམས་བྱེད་པ་ཡིན། བྲེག་ཚར་རྗེས་ཁྱིམ་བདག་གིས་སྐུ་མགྲོན་ལ་གསོལ་སྟོན་རྒྱ་ཆེན་པོ་བྱེད་པ་དང་། སྐུ་མགྲོན་རྣམས་ཀྱིས་ཇ་ཆང་ལོངས་སུ་སྤྱོད་ཞོར་རྟ་ལ་བསྔགས་བརྗོད་བྱེད་པ་ཡིན། མཇུག་མཐར་ཁྱིམ་བདག་རྟ་ལ་ཞོན་ནས་ཁྱིམ་ཚང་རེ་རེར་འགྲོ་པ་དང་མི་རྣམས་ཀྱི་བཀྲ་ཤིས་ཁ་གཡང་འབོད་པ་ཡིན། དྲུག་པའི་ལྷ་མཆོད་ནི་ཡུས་ཀུའུ་མི་རིགས་ཀྱི་སྲོལ་རྒྱུན་གྱི་ཆོས་ལུགས་དུས་ཆེན་ཞིག་ཡིན་ལ། ཀན་སུའུ་སུའུ་ནན་རྫོང་དུ་དར་ཁྱབ་ཆེ། དགོན་པ་རེ་རེའི་ལྷ་མཆོད་ཀྱི་དུས་མི་གཅིག་མོད། སྤྱིར་བཏང་དུ་ལུགས་རྙིང་གི་ཟླ་དྲུག་པའི་ཚེས་གཅིག་ནས་ཚེས་བཅོ་ལྔའི་བར་ལ་སྤེལ་བ་ཡིན། དུས་དེར། མི་རྣམས་ཀྱིས་བླ་མ་གདན་དྲངས་ནས་བར་ཆད་ལམ་སེལ་གྱི་ཆོས་འདོན་པ་དང་ལབ་ཙེ་བསྟོད་པ་སོགས་ཀྱི་ཆོ་ག་སྒྲུབ་ངེས་ཡིན།

2_8 ལུས་རྩལ།

རྟ་རྒྱུག་དང་མདའ་འཕེན་འགྲན་སྡུར་ནི་ཡུས་ཀུའུ་རིགས་ཀྱི་ཆེས་རྒྱ་ཆེ་བའི་མང་ཚོགས་རང་བཞིན་གྱི་སྲོལ་རྒྱུན་ལུས་རྩལ་བྱ་འགུལ་ཞིག་ཡིན། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-13

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།