མོན་པ་རིགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མོན་པ་རིགས།
མོན་པ་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན་ལ། “མོན་པ”ནི་མོན་ཡུལ་དུ་སྡོད་པའི་མི་ཞེས་པའི་དོན་ཡིན། གཙོ་བོ་བོད་ལྗོངས་ཀྱི་མེ་ཏོག་རྫོང་དང་མཚོ་སྣ་རྫོང་དུ་འདུས་སྡོད་བྱས་ཡོད་ཅིང་། ཉིང་ཁྲི་དང་རྫ་ཡུལ་སོགས་སུའང་གནས་ཡོད། བསྡོམས་པས་མི་གྲངས10561ལྷག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
门巴族
སྐད་ཡིག
མོན་པའི་སྐད་དང་། བོད་ཀྱི་སྐད་ཡིག
ཆོས་ལུགས།
ནང་བསྟན།
མི་གྲངས།
10561(2010ལོར་སྡོམ་རྩིས་བྱས་པ)
སྡོད་གནས་གཙོ་ཆེ་བ།
བོད་རང་སྐྱོང་ལྗོངས།
1 ངོ་སྤྲོད།

མོན་པ་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན་ལ། “མོན་པ”ནི་མོན་ཡུལ་དུ་སྡོད་པའི་མི་ཞེས་པའི་དོན་ཡིན། གཙོ་བོ་.jpgབོད་ལྗོངས་ཀྱི་མེ་ཏོག་རྫོང་དང་མཚོ་སྣ་རྫོང་དུ་འདུས་སྡོད་བྱས་ཡོད་ཅིང་། ཉིང་ཁྲི་དང་རྫ་ཡུལ་སོགས་སུའང་གནས་ཡོད། བསྡོམས་པས་མི་གྲངས10561ལྷག་ཡོད། ཡོན་རྒྱལ་རབས་དང་མིང་རྒྱལ་རབས་སྐབས་སུ་ཕག་གྲུབ་བཀའ་བརྒྱུད་པའི་དབང་གནས་ཡིན་ལ། དུས་རབས་བཅུ་བདུན་པའི་སྐབས་སུ་རྒྱལ་དབང་སྐུ་ཕྲེང་ལྔ་བས་གནས་དེར་བཀའ་བརྒྱུད་པའི་དགོན་པ་ཞིག་བཏབ་ནས་སྲིད་དབང་དོ་དམ་ལས་ཁུངས་བཙུགས། རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་འཁྲུངས་ཡུལ་ཨོ་རྒྱན་གླིང་ཞེས་པ་ཡང་ཡུལ་དེར་ཡོད། མོན་པ་རིགས་ལ་མོན་པའི་སྐད་ལོགས་སུ་ཡོད་ཀྱང་། བོད་ཀྱི་སྐད་ཡིག་ཡོངས་སུ་དར་ནས་སྤྱི་ཁྱབ་ཀྱིས་བོད་སྐད་དང་བོད་ཡུལ་བཀོལ་བཞིན་ཡོད་ཅིང་། སངས་རྒྱས་ཆོས་ལུགས་ལ་དད་པ་བྱེད་ཀྱིན་ཡོད།

2 ཡུལ་སྲོལ་གོམས་གཤིས།

མོན་པ་རིགས་ནི་མཐོ་སྒང་དུ་གནས་ཡོད་པའི་རྐྱེན་གྱིས་སྐྱེས་ཕོ་མོ་ཚང་མས་སྣམ་ཕྲུག་གོན་པ་དང་རྐང་ལ་མདོག་ནག་པོ.jpg་དང་དམར་བོ་འདྲེས་མས་བཟོས་པའི་ཕྲུག་ལྷམ་ཡུ་རིང་གོན་ཞིང་མགོ་ལ་ཞྭ་མོ་གོན། མོན་པ་རིགས་ཀྱིས་ཞིང་ལས་གཙོ་བོར་བྱེད་པའི་ཞོར་དུ་རི་དྭགས་རྔོན་པ་དང་། ལག་རྩལ་བཟོ་ལས་ཀྱང་ཅུང་ཙམ་དར་ཁྱབ་ཆེ། ཁོ་ཚོའི་ཟས་རིགས་གཙོ་བོ་ནི་རྩམ་པ་དང་ནས་ཆང་། དཀྲུག་ཇ་སོགས་ཡིན་ལ། དེ་ལས་ཀྱང་ཁོ་ཚོ་ཆེས་དགའ་བ་ནི་རྡོ་ལེབ་སྲབ་མོའི་སྟེང་དུ་བསྲེགས་པའི་བག་ལེབ་ཡིན།

གཉེན་སྟོན་བྱེད་སྐབས། ནངས་སྔ་མོ་ནས་མནའ་མར་རྒྱན་གྱིས་སྤྲས་ཏེ་ཕ་མ་གཉིས་ཀ་དང་གཅེན་གཅུང་། ཨ་ནེ། ཨ་ཞང་སོགས་ཀྱིས་བསྐྱལ་ནས་གཉེན་ཚང་དུ་འགྲོ་བ་དང་། མག་པའི་ཕྱོགས་ནས་བར་བས་མི་འགའ་ཁྲིད་ནས་ལམ་བར་ནས་ཇ་ཐབ་བརྒྱབ་ཏེ་སྣེ་ལེན་བྱེད་པའི་སྲོལ་ཡོད།

རི་དྭགས་རྔོན་པའི་ལས་དེས་མོན་པ་རིགས་ཀྱི་འཚོ་བའི་ཁྲོད་དུ་གོ་གནས་གལ་ཆེན་ཞིག་བཟུང་ཡོད། དེ་ནི་སྤྱིར་བཏང་གི་ཐོན་སྐྱེད་བྱ་འགུལ་ཞིག་ཡིན་པར་མ་ཟད། རོལ་རྩེད་ཀྱི་བྱ་འགུལ་ཞིག་ཀྱང་ཡིན།

3 རིག་གནས།

མོན་པ་རིགས་ཀྱི་རྩོམ་རིག་གཙོ་བོ་ནི་ངག་ཐོག་གི་རྩོམ་རིག་ཡིན་ལ། དེའི་ཁྲོད་དུ་དོན་བརྗོད་སྙན་ངག་དང་། ཟློས་གར། གཏམ.jpg་རྒྱུད་སོགས་ཕུན་སུམ་ཚོགས་པ་ཡོད་པར་མ་ཟད། བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཞབས་བྲོའང་ཡོད།

4 སྐད་ཡིག

མོན་པ་སྐད་བཤད་བཞིན་ཡོད་ལ། མི་རིགས་རང་ཉིད་ཀྱི་ཡི་གེ་མེད་པར་མང་ཆེ་བས་བོད་སྐད་བོད་ཡིག་སྤྱོད་བཞིན་ཡོད།

5 ཆོས་ལུགས།

ཕལ་ཆེ་བ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་དད་ཅིང་། ས་ཁུལ་ལ་ལར་གདོད་མའི་ཆོས་ལུགས་ལ་དད་སྲོལ་.jpgཡོད།

6 དུས་ཆེན།

ཟླ་བ་བཅུ་གཉིས་པའི་ལོ་སར་དང་འོང་སྐོར་དུས་ཆེན་སོགས་ཡོད།


བརྡ་འགྲེལ་གདོང་འཛར།

སྤྱི་ཚོགས། མི་རིགས། མོན་པ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-19

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།