བོད་རིགས་མི་གྲངས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བོད་རིགས་མི་གྲངས།
ཀྲུང་གོའི་གྲངས་ཉུང་མི་རིགས55ལས་བོད་རིགས་ལ་བསྡོམས་པས་མི་གྲངས་ཁྲི680ཡོད་ཅིང་། དེ་དག་གཙོ་བོ་བོད་རང་སྐྱོང་ལྗོངས་དང་མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན་སོགས་འདབས་འབྲེལ་ཞིང་ཆེན་དུ་འདུས་སྡོད་བྱས་ཡོད་པ་དང་། ཕྱུགས་ལས་གཙོ་བོ་ཡིན་ལ། ཞོར་དུ་ཞིང་ལས་ཀྱང་གཉེར་བཞིན་ཡོད་པ་རེད། 2010ལོའི་རྒྱལ་ཡོངས་ཀྱི་མི་གྲངས་ཁྱབ་གཤེར་ཐེངས་དྲུག་པ་ལྟར་ན། རྒྱལ་ནང་གི་བོད་རིགས་སྤྱིའི་མི་གྲངས་ཁྲི658.2ལ་བསླེབས་ཡོད་ཅིང་། དེའི་ཁྲོད་ན་ཚོད0-14བར་གྱི་བསྡུར་ཚད25.6%ཟིན་ལ། རྒྱལ་ཡོངས་ཀྱི་ཆ་སྙོམས་ཀྱི་གྲངས་ཚད་ལས་བརྒལ་འདུག སྤྱིའི་མི་གྲངས་ཀྱིས་རྒྱལ་ཡོངས་ཀྱི0.4713%ཟིན་པས། མི་གྲངས་ཐད་ཀྲུང་གོའི་མི་རིགས་ཀྱི་ཨང་བརྒྱད་པར་ཆགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
藏族人口
མི་གྲངས།
ཁྲི680(རྒྱལ་ནང)
མི་འབོར་ཁྱབ་ཚུལ།
བོད་ལྗོངས། མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་སོགས།
དཀར་ཆག
1   བོད་རང་སྐྱོང་ལྗོངས།
1.1 ལྷ་ས་གྲོང་ཁྱེར།     
1.2 ཆབ་མདོ་ས་ཁུལ།       
1.3 མངའ་རིས་ས་ཁུལ།       
1.4 ནག་ཆུ་ས་ཁུལ།    
1.5 ཉིང་ཁྲི་ས་ཁུལ།
1.6 ལྷོ་ཁ་ས་ཁུལ།       
1.7 གཞིས་ཀ་རྩེ་ས་ཁུལ།       
2   མཚོ་སྔོན།       
2.1 ཟི་ལིང་གྲོང་ཁྱེར།       
2.2 མཚོ་ཤར་ས་ཁུལ།       
2.3 ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ།       
2.4 མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ།       
2.5 མགོ་ལོག་བོད་རིགས་རང་སྐྱོང་ཁུལ།       
2.6 མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ།       
2.7 མཚོ་བྱང་བོད་རིགས་རང་སྐྱོང་ཁུལ།       
2.8 རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ།       
3   སི་ཁྲོན།       
3.1 དཀར་མཛེས་བོད་རིགས་རང་སྐྱོང་ཁུལ།       
3.2 རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ།       
3.3 སི་ཁྲོན་ལིང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་མུ་ལི་བོད་རིགས་རང་སྐྱོང་རྫོང་།       
4   ཀན་སུའུ།       
4.1 ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ།       
4.2 ཝུའུ་ཝེ་གྲོང་ཁྱེར་དཔའ་རིས་བོད་རིགས་རང་སྐྱོང་རྫོང་།       
5   ཡུན་ནན།       
1 བོད་རང་སྐྱོང་ལྗོངས།
1_1 ལྷ་ས་གྲོང་ཁྱེར།     

བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་སྡོད་གནས་ལྷ་ས་ན་ཡོད་པ་དང་། གྲོང་ཁྱེར་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི3ཡོད། དེའི་ཁྲོད་གྲོང་ཁྱེར་སྡོད་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ59ཡོད། མངའ་ཁོངས་སུ་འདམ་གཞུང་དང་། སྟོད་ལུང་བདེ་ཆེན། ཆུ་ཤུར། མལ་གྲོ་གོང་དཀར། སྟག་རྩེ། སྙེ་མོ། ལྷུན་གྲུབ་བཅས་རྫོང་ཁག7ཡོད་པ་རེད།       གྲོང་ཁྱེར་ཡོངས་ཀྱི་སྤྱིའི་མི་གྲངས་ཁྲི55ལ་ཉེ་བ་དང་། དེའི་ཁྲོད་གྲོང་ཁྱེར་སྡོད་ཁུལ་དུ་ཡོད་པའི་མི་གྲངས་ཁྲི27ལ་ཉེ། (གྲོང་ཁྱེར་སྡོད་ཁུལ་གྱི་བོད་རིགས་མི་གྲངས་ཀྱིས་སུམ་ཆའི་གཅིག་ཀྱང་ཟིན་མེད་པ་རེད།) ལྷ་ས་གྲོང་ཁྱེར་དུ་བོད་རིགས་དང་། རྒྱ་རིགས། ཁ་ཆེ་རིགས་སོགས་མི་རིགས31ཡོད་ཅིང་། བོད་རིགས་མི་གྲངས་ཀྱིས་ལྷ་ས་གྲོང་ཁྱེར་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི87%ཟིན་ཡོད་པ་རེད། 

1_2 ཆབ་མདོ་ས་ཁུལ།       

བོད་ལྗོངས་ཀྱི་ཤར་སྒོ་ལྟ་བུར་ཆགས་པའི་ཆབ་མདོའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི11ཡོད་པ་དང་། ས་གནས་སྲིད་གཞུང་གི་སྡོད་གནས་ཆབ་མདོ་རྫོང་དུ་ཡོད། མངའ་ཁོངས་སུ་ཆབ་མདོ་དང་། འཇོ་མདའ། གོ་འཇོ། རི་བོ་ཆེ། སྟེང་ཆེན། བྲག་གཡབ། དཔའ་ཤོད། མཛོ་སྒང་། སྨར་ཁམས། ལྷོ་རོང་། དཔའ་འབར་བཅས་རྫོང་ཁག11ཡོད་པ་རེད། སྤྱིའི་མི་གྲངས་ཁྲི55ཡི་ཁྲོད་བོད་རིགས་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཀྱི98.26%ཟིན་ཡོད་པ་དང་། དེར་བོད་རིགས་དང་། རྒྱ་རིགས། འཇང་རིགས། ལྷོ་པ། མོན་པ་སོགས་མི་རིགས21ཡོད། 

1_3 མངའ་རིས་ས་ཁུལ།       

བོད་ལྗོངས་ཀྱི་ནུབ་ཕྱོགས་སུ་ཡོད་པའི་མངའ་རིས་ས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི30ལྷག་ཡོད་པ་དང་། ས་གནས་སྲིད་གཞུང་གི་སྡོད་གནས་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་དུ་ཡོད། མངའ་ཁོངས་སུ་སྒར་རྫོང་དང་། སྤུ་ཧྲིང་། རྩ་མདའ་། རུ་ཐོག དགེ་རྒྱས། སྒེར་རྩེ། མཚོ་ཆེན་བཅས་རྫོང7དང་། ཡུལ་ཚོ་དང་གྲོང་རྡལ36སྡེ་བ144བཅས་ཡོད། མངའ་རིས་ས་ཁུལ་ཡོངས་སུ་མི་གྲངས་ཁྲི8ཡོད་པའི་ཁྲོད་བོད་རིགས་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཀྱི95%ཡན་ཟིན་ཡོད་པ་རེད། 

1_4 ནག་ཆུ་ས་ཁུལ།    

བོད་ལྗོངས་ཀྱི་བྱང་ཕྱོགས་སུ་ཡོད་པའི་ནག་ཆུ་ས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི42ཡོད་པ་དང་། ས་གནས་སྲིད་གཞུང་གི་སྡོད་གནས་ནག་ཆུ་རྫོང་དུ་ཡོད། མངའ་ཁོངས་སུ་ནག་ཆུ་དང་། ཨ་མདོ། ལྷ་རི། ཉི་མ། སྙན་རོང་། འབྲི་རུ། ཤན་རྩ། སོག་རྫོང་། དཔལ་མགོན། སྦྱ་ཆེན་བཅས་རྫོང་ཁག10དང་། མཚོ་གཉིས་དམིགས་བསལ་སྲིད་འཛིན་ས་ཁུལ་གཅིག ཡུལ་ཚོ་དང་གྲོང་རྡལ114གྲོང་མི་ཨུ་ཡོན་ལྷན་ཁང14སྡེ་མི་ཨུ་ཡོན་ལྷན་ཁང1283བཅས་ཡོད་པ་རེད། སྤྱིའི་མི་གྲངས་ཁྲི39ཡི་ཁྲོད་བོད་རིགས་མི་གྲངས་ཁྲི32.69ཡོད་པ་དང་། དེས་སྤྱིའི་མི་གྲངས་ཀྱི98.86%ཟིན་ཡོད་པ་རེད། 5.ཉིང་ཁྲི་ས་ཁུལ།       བོད་ལྗོངས་ཀྱི་ཤར་ལྷོ་ཕྱོགས་སུ་ཡོད་པའི་ཉིང་ཁྲི་ས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི11.7ཡོད་པ་དང་། ས་གནས་སྲིད་གཞུང་གི་སྡོད་གནས་བརྒྱད་གཅིག་གྲོང་རྡལ་དུ་ཡོད། མངའ་ཁོངས་སུ་ཉང་ཁྲི་དང་། སྨན་གླིང་། ཀོང་པོ་རྒྱ་མདའ་། མེ་ཏོག སྤོ་མེས། རྫ་ཡུལ། སྣང་རྫོང་བཅས་རྫོང་ཁག་བདུན་ཡོད།       སྤྱིའི་མི་གྲངས་ཁྲི17.3གྱི་ཁྲོད་བོད་རིགས་མི་གྲངས་ཁྲི11ལྷག་ཡོད་པ་དང་། དེས་སྤྱིའི་མི་གྲངས་ཀྱི90%ཡན་ཟིན་ཡོད་པ་རེད། ཉིང་ཁྲི་ས་ཁུལ་དུ་བོད་རིགས་དང་། རྒྱ་རིགས། ལྷོ་པ། འཇང་རིགས། ཁ་ཆེ་རིགས་སོགས་མི་རིགས10ཡོད། མེ་ཏོག་རྫོང་མ་གཏོགས་གཞན་པའི་རྫོང་དྲུག་གི་སྡོད་དམངས་ཁྲོད་གཙོ་བོ་བོད་རིགས་ཡིན། 

1_5 ཉིང་ཁྲི་ས་ཁུལ།

བོད་ལྗོངས་ཀྱི་ཤར་ལྷོ་ཕྱོགས་སུ་ཡོད་པའི་ཉིང་ཁྲི་ས་ཁུལ་གྱི་སྤྱིའི་7279497_7279497_1302505110359_mthumb.jpg.jpgརྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི11.7ཡོད་པ་དང་། ས་གནས་སྲིད་གཞུང་གི་སྡོད་གནས་བརྒྱད་གཅིག་གྲོང་རྡལ་དུ་ཡོད། མངའ་ཁོངས་སུ་ཉང་ཁྲི་དང་། སྨན་གླིང་། ཀོང་པོ་རྒྱ་མདའ་། མེ་ཏོག སྤོ་མེས། རྫ་ཡུལ། སྣང་རྫོང་བཅས་རྫོང་ཁག་བདུན་ཡོད། 

སྤྱིའི་མི་གྲངས་ཁྲི17.3གྱི་ཁྲོད་བོད་རིགས་མི་གྲངས་ཁྲི11ལྷག་ཡོད་པ་དང་། དེས་སྤྱིའི་མི་གྲངས་ཀྱི90%ཡན་ཟིན་ཡོད་པ་རེད། ཉིང་ཁྲི་ས་ཁུལ་དུ་བོད་རིགས་དང་། རྒྱ་རིགས། ལྷོ་པ། འཇང་རིགས། ཁ་ཆེ་རིགས་སོགས་མི་རིགས10ཡོད། མེ་ཏོག་རྫོང་མ་གཏོགས་གཞན་པའི་རྫོང་དྲུག་གི་སྡོད་དམངས་ཁྲོད་གཙོ་བོ་བོད་རིགས་ཡིན།

1_6 ལྷོ་ཁ་ས་ཁུལ།       

གངས་ཏི་སེ་ནས་གཉན་ཆེན་ཐང་ལྷའི་ལྷོ་ཕྱོགས་སུ་ཡོད་པའི་ལྷོ་ཁ་ས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི7.97ཡོད་པ་དང་། ས་གནས་སྲིད་གཞུང་གི་སྡོད་གནས་སྣེ་གདོང་ན་ཡོད། མངའ་ཁོངས་སུ་སྣེ་གདོང་དང་། གྲ་ནང་། གོང་དཀར། ཟངས་རི། འཕྱོངས་རྒྱས། ཆུ་གསུམ། མཚོ་སྨད། ལྷོ་བྲག རྒྱ་ཚ། ལྷུན་རྩེ། མཚོ་སྣ། སྣ་དཀར་རྩེ་བཅས་རྫོང12ཡོད་པ་རེད། སྤྱིའི་མི་གྲངས་ཁྲི31.8ཀྱི་ཁྲོད་བོད་རིགས་ཀྱིས96%ཟིན་ཡོད་ལ། ལྷོ་ཁ་ས་ཁུལ་དུ་བོད་རིགས་དང་། རྒྱ་རིགས། མོན་པ། ལྷོ་པ་སོགས་མི་རིགས14ཡོད། 

1_7 གཞིས་ཀ་རྩེ་ས་ཁུལ།       

བོད་ལྗོངས་ཀྱི་ལྷོ་ནུབ་ཕྱོགས་སུ་ཡོད་པའི་གཞིས་ཀ་རྩེ་ས་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི18.2ཡོད་པ་དང་། ས་གནས་སྲིད་གཞུང་གཞིས་ཀ་རྩེ་གྲོང་ཁྱེར་དུ་ཡོད། མངའ་ཁོངས་སུ་གཏིང་སྐྱེས་དང་། ས་སྐྱ། ལྷ་རྩེ། དིང་རི། གཉའ་ནང་ངམ་ལམ་རྫོང་། སྐྱིད་རོང་ངམ་གྲོང་རྫོང་། འབྲོང་པ། ས་དགའ། ངམ་རིང་། བཞད་མཐོང་སྨོན། རྣམ་གླིང་། རིན་སྤུངས། པ་སྣམ། རྒྱལ་རྩེ། ཁང་དམར། གམ་པ། གྲོ་མོ་བཅས་རྫོང17དང་། སྲང་ལམ2གྲོང་རྡལ27ཡུལ་ཚོ174བཅས་ཡོད་པ་རེད།   སྤྱིའི་མི་གྲངས་ཁྲི63གྱི་ཁྲོད་བོད་རིགས་ཀྱིས་སྤྱིའི་མི་གྲངས་ཀྱི97%ཟིན་པ་དང་། དེ་ལས་གཞན་ཤར་པའི་མི་གྲངས1875ཡོད་པ་རེད། གཞིས་ཀ་རྩེ་ས་ཁུལ་དུ་བོད་རིགས་དང་། རྒྱ་རིགས། སོག་རིགས། མན་ཇུ་རིགས། མའོ་རིགས་སོགས་མི་རིགས15ཡོད།

2 མཚོ་སྔོན།       

མཚོ་སྔོན་ཞིང་ཆེན་གྱི་མངའ་ཁོངས་སུ་ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་ས་ཁུལ། མཚོ་ལྷོ་ཁུལ། མཚོ་ནུབ་ཁུལ། མཚོ་བྱང་ཁུལ། མགོ་ལོག་ཁུལ། ཡུལ་ཤུལ་ཁུལ། རྨ་ལྷོ་ཁུལ་བཅས་ལས་བོད་རིགས་རང་སྐྱོང་ཁུལ་དྲུག་ཡོད། མཚོ་སྔོན་ཞིང་ཆེན་གྱི་ཐེངས་དྲུག་པའི་རྒྱལ་ཡོངས་ཀྱི་མི་གྲངས་རྩིས་བཤེར་བྱས་པའི་གྲངས་ཀ་ལྟར་ན་མཚོ་སྔོན་གྱི་སྤྱིའི་མི་གྲངས5626722ཀྱི་ཁྲོད་བོད་རིགས་མི་གྲངས1375062ཡོད་པ་དང་། དེས་སྤྱིའི་མི་གྲངས་ཀྱི24.44%ཟིན་ཡོད་པ་རེད། 

2_1 ཟི་ལིང་གྲོང་ཁྱེར།       

མཚོ་སྔོན་ཞིང་ཆེན་གྱི་སྲིད་གཞུང་སྡོད་གནས་ཟི་ལིང་དུ་ཡོད་པ་དང་། གྲོང་ཁྱེར་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ7665ཡི་ཁྲོད་གྲོང་ཁྱེར་སྡོད་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ350དང་། གྲོང་ཁྱེར་འཛུགས་སྐྲུན་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ75ཡོད། མངའ་ཁོངས་སུ་ཤར་གྲོང་དང་། དབུས་གྲོང་། ནུབ་གྲོང་། བྱང་གྲོང་བཅས་གྲོང་ཁྱེར་གྱི་ཁུལ་བཞི་དང་། གསེར་ཁོག ཙོང་ཁ། སྟོང་སྐོར་བཅས་རྫོང་གསུམ། དེ་མ་ཟད་འཛུགས་སྐྲུན་བྱེད་བཞིན་པའི་ཟི་ལིང་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ(རྒྱལ་ཁབ་རིམ་པ)དང་། ལྷོ་གྲོང་ཁུལ་གསར། ཧའེ་ཧུའུ་ཁུལ་གསར་བཅས་འདུས་པ་རེད།       གྲོང་ཁྱེར་ཡོངས་སུ་རྒྱུན་སྡོད་མི་གྲངས་ཁྲི220.8708ཀྱི་ཁྲོད་གྲངས་ཉུང་མི་རིགས་ཀྱི་མི་གྲངས573491ཡོད་ཅིང་། དེས་སྤྱིའི་མི་གྲངས་ཀྱི25.96%ཟིན་པ་དང་། བོད་རིགས་མི་གྲངས121667ཡོད་ལ། དེས་སྤྱིའི་མི་གྲངས་ཀྱི5.51%ཟིན་ཡོད་པ་རེད། ཟི་ལིང་དུ་རྒྱ་རིགས་དང་། ཁ་ཆེ་རིགས། བོད་རིགས། ཧོར་རིགས་སོགས་མི་རིགས34ཡོད། 

2_2 མཚོ་ཤར་ས་ཁུལ།       

མཚོ་སྔོན་པོའི་ཤར་ཕྱོགས་སུ་ཡོད་པའི་མཚོ་ཤར་ས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི12801ཡོད་པ་དང་། ས་གནས་སྲིད་གཞུང་གི་སྡོད་གནས་དམར་གཙང་རྫོང་དམར་གཙང་གྲོང་རྡལ་དུ་ཡོད། མངའ་ཁོངས་སུ་དམར་གཙང་དང་། གྲོ་ཚང་། དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་། གཞོང་ཐང་ངམ་མཛོ་མོ་ཁ་ཆེ་རིགས་རང་སྐྱོང་རྫོང་། བར་ལུང་ཁ་ཆེ་རིགས་རང་སྐྱོང་རྫོང་། ཡ་རྫི་ས་ལར་རིགས་བཅས་རྫོང་ཁག་དྲུག་དང་། གྲོང་རྡལ་དང་ཡུལ་ཚོ150སྡེ་བ180བཅས་ཡོད། སྤྱིའི་མི་གྲངས་ཁྲི147(2004ལོ)ཡོད་པའི་ཁྲོད་གཙོ་བོ་རྒྱ་རིགས་དང་། གཞན་ཁ་ཆེ་རིགས། བོད་རིགས། ཧོར་རིགས། ས་ལར་རིགས་སོགས་མི་རིགས་མང་པོ་འདུས་སྡོད་བྱས་ཡོད། 

2_3 ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ།       

མཚོ་སྔོན་ཞིང་ཆེན་གྱི་ལྷོ་ནུབ་དང་རྨ་འབྲི་རྫ་གསུམ་གྱི་འབྱུང་ཡུལ་དུ་མངའ་བའི་ཡུལ་ཤུལ་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི26.7ཡོད་པ་དང་། ཁུལ་སྲིད་གཞུང་སྡོད་གནས་ཡུལ་ཤུལ་རྫོང་དུ་ཡོད། མངའ་ཁོངས་སུ་ཡུལ་ཤུལ་དང་། ཁྲི་འདུ། ནང་ཆེན། རྫ་སྟོད། འབྲི་སྟོད། ཆུ་དམར་ལེབ་བཅས་རྫོང་ཁག6དང་། གྲོང་རྡལ10ཡུལ་ཚོ35སྡེ་བ257བཅས་ཡོད་པ་རེད།       སྤྱིའི་མི་གྲངས་ཁྲི28.31གི་ཁྲོད་བོད་རིགས་མི་གྲངས་ཁྲི26.98ཡོད། དེས་སྤྱིའི་མི་གྲངས་ཀྱི95.3%ཟིན་ཡོད་པ་རེད། 

2_4 མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ།       

མཚོ་སྔོན་ཞིང་ཆེན་གྱི་བྱང་ཤར་དང་མཚོ་སྔོན་པོའི་ལྷོ་ཕྱོགས་སུ་ཡོད་པའི་མཚོ་ལྷོ་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི4.6ཡོད་པ་དང་། ཁུལ་སྲིད་གཞུང་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་དུ་ཡོད། སྲིད་འཛིན་མངའ་ཁོངས་སུ་གསེར་ཆེན་རྫོང་དང་། ཁྲི་ཀ་རྫོང་། མང་རྫོང་། འབའ་རྫོང་། བྲག་དཀར་རྫོང་བཅས་རྫོང5དང་། ཡུལ་ཚོ་དང་གྲོང་རྡལ41བཅས་ཡོད་པ་རེད། 2009ལོའི་ལོ་མཇུག་བར་དུ་སྤྱིའི་མི་གྲངས་ཁྲི44.92ཡོད་པ་དང་། དེའི་ཁྲོད་བོད་རིགས་མི་གྲངས་ཁྲི28.28ཡོད་ཅིང་སྤྱིའི་མི་གྲངས་ཀྱི62.95%ཟིན་ཡོད་པ་རེད། 

2_5 མགོ་ལོག་བོད་རིགས་རང་སྐྱོང་ཁུལ།       

མཚོ་སྔོན་ཞིང་ཆེན་གྱི་ཤར་ལྷོའི་ཕྱོགས་སུ་ཡོད་པའི་མགོ་ལོག་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི7.8ཡོད་པ་དང་། ཁུལ་སྲིད་གཞུང་སྡོད་གནས་རྨ་ཆེན་རྫོང་དུ་ཡོད། མངའ་ཁོངས་སུ་རྨ་ཆེན་དང་། རྨ་སྟོད། དགའ་སྡེ། དར་ལག པད་མ། གཅིག་སྒྲིལ་བཅས་རྫོང6དང་། ཡུལ་ཚོ་དང་གྲོང་རྡལ51འབྲོག་སྡེ183ཡོད་པ་རེད། སྤྱིའི་མི་གྲངས་ཁྲི15.36གི་ཁྲོད་བོད་རིགས་མི་གྲངས་ཁྲི11.94དང་། དེས་སྤྱིའི་མི་གྲངས་ཀྱི90.95% ཟིན་ཡོད་པ་རེད། 

2_6 མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ།       

མཚོ་སྔོན་ཞིང་ཆེན་གྱི་ནུབ་ཕྱོགས་སུ་ཡོད་པའི་མཚོ་ནུབ་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི38.58ཡོད་པ་དང་། ཁུལ་སྲིད་གཞུང་སྡོད་གནས་གཏེར་ལེན་ཁ་གྲོང་ཁྱེར་དུ་ཡོད། སྲིད་འཛིན་མངའ་ཁོངས་སུ་དུར་ལམ་རྫོང་དང་། བོས་ལ་རྫོང་། ཐེམ་ཆེན་རྫོང་། ན་གོར་མོ་གྲོང་ཁྱེར། གཏེར་ལེན་ཁ་གྲོང་ཁྱེར། སྲིད་འཛིན་ཨུ་ཡོན་ལྷན་ཁང་གསུམ་སྟེ་མཱང་ནེ་དང་། ལིན་ཧུའུ། ཚ་འདམ་ཆེ་བ་བཅས་ཡོད་པ་རེད།       ཁུལ་ཡོངས་ཀྱི་སྤྱིའི་མི་གྲངས་ཁྲི32.26གི་ཁྲོད་གྲངས་ཉུང་མི་རིགས་ཀྱི་མི་གྲངས་ལ་ཁྲི7.91ཡོད་ཅིང་། དེས་སྤྱིའི་མི་གྲངས་ཀྱི24.85%ཟིན་པ་དང་། བོད་རིགས་མི་གྲངས་ཁྲི3.67ཡོད་ཅིང་དེས་སྤྱིའི་མི་གྲངས་ཀྱི11.4%ཟིན་ཡོད། དེ་ལས་གཞན་སོག་རིགས་མི་གྲངས་ཁྲི2.42ཡོད་ཅིང་སྤྱིའི་མི་གྲངས་ཀྱི7.5%ཟིན་ཡོད། མཚོ་ནུབ་ཁུལ་དུ་རྒྱ་རིགས་དང་། སོག་རིགས། བོད་རིགས་སོགས་མི་རིགས29འདུས་སྡོད་བྱས་ཡོད། 

2_7 མཚོ་བྱང་བོད་རིགས་རང་སྐྱོང་ཁུལ།       

མཚོ་སྔོན་ཞིང་ཆེན་གྱི་བྱང་ཤར་ཕྱོགས་སུ་ཡོད་པའི་མཚོ་བྱང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི3.47ཡོད་པ་དང་། ཁུལ་སྲིད་གཞུང་མདའ་གཞི་རྫོང་ནུབ་མཚོ་གྲོང་རྡལ་དུ་ཡོད། སྲིད་འཛིན་མངའ་ཁོངས་སུ་མདའ་གཞི་དང་། ཨ་རིག རྐང་ཚ། རྒྱ་རྡོར་ཁ་ཆེ་རིགས་རང་སྐྱོང་རྫོང་བཅས་རྫོང་བཞི་ཡོད་པ་རེད། 2004ལོར་ཁུལ་ཡོངས་ཀྱི་སྤྱིའི་མི་གྲངས་ཁྲི27གྱི་ཁྲོད་བོད་རིགས་མི་གྲངས་ཁྲི6.22ཡོད་པ་དང་། སྤྱིའི་མི་གྲངས་ཀྱི23.1%ཟིན་ཡོད། 

2_8 རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ།       

མཚོ་སྔོན་ཞིང་ཆེན་གྱི་ཤར་ལྷོའི་ཕྱོགས་སུ་ཡོད་པའི་རྨ་ལྷོའི་སྤྱིའི་རྒྱ་46_572781_735b5b0bcfd5263.jpg.jpgཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི1.88ཡོད་པ་དང་། ཁུལ་སྲིད་གཞུང་རེབ་གོང་རྫོང་རོང་བོ་གྲོང་རྡལ་དུ་ཡོད། སྲིད་འཛིན་མངའ་ཁོངས་སུ་རེབ་གོང་དང་། གཅན་ཚ། རྩེ་ཁོག རྨ་ལྷོ་སོག་རྫོང་བཅས་རྫོང་བཞི་དང་། ཡུལ་ཚོ28གྲོང་རྡལ7བཅས་ཡོད་པ་རེད།       སྤྱིའི་མི་གྲངས་ཁྲི21.25ཡི་ཁྲོད་གྲངས་ཉུང་མི་རིགས་ཀྱི་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཀྱི92.19%དང་། དེ་ལས་བོད་རིགས་ཀྱིས65.94%དང་། སོག་རིགས་ཀྱིས13.51% དང་། རྒྱ་རིགས་ཀྱིས7.93%དང་། ཁ་ཆེ་རིགས་ཀྱིས7.86དང་། ཧོར་རིགས་ཀྱིས4.6%དང་། ཟ་ལར་རིགས་ཀྱིས0.28%བཅས་ཟིན་ཡོད་པ་རེད། རྨ་ལྷོ་ཁུལ་དུ་བོད་རིགས་དང་། སོག་རིགས། རྒྱ་རིགས། ཟ་ལར་རིགས། པའོ་ཨན་རིགས་སོགས་མི་རིགས15འདུས་སྡོད་བྱས་ཡོད་པ་རེད།

3 སི་ཁྲོན།       

སི་ཁྲོན་ཞིང་ཆེན་གྱི་མངའ་ཁོངས་སུ་བོད་རིགས་འཚོ་སྡོད་བྱས་ཡོད་པའི་ས་ཁུལ་གཙོ་བོ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་རྔ་བ་བོད་རིགས་རང་སྐྱོང་ཁུལ་བཅས་ཁུལ་གཉིས་དང་། མུ་ལི་བོད་རིགས་རང་སྐྱོང་རྫོང་གཅིག་བཅས་ཡིན། 

3_1 དཀར་མཛེས་བོད་རིགས་རང་སྐྱོང་ཁུལ།       

སི་ཁྲོན་ཞིང་ཆེན་གྱི་ནུབ་ཕྱོགས་དང་མདོ་དབུས་a5c27d1ed21b0ef47c2bc682dfc451da80cb3e2e.jpg.jpgམཐོ་སྒང་གི་ཤར་ལྷོའི་ཕྱོགས་སུ་ཡོད་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ15.26ཡོད་པ་དང་། ཁུལ་སྲིད་གཞུང་དར་རྩེ་མདོ་རྫོང་དུ་ཡོད། སྲིད་འཛིན་མངའ་ཁོངས་སུ་དར་རྩེ་མདོ་དང་། ལྕགས་ཟམ། རོང་བྲག བརྒྱད་ཟིལ། ཉག་ཆུ། རྟའུ། བྲག་མགོ དཀར་མཛེས། ཉག་རོང་། སྡེ་དགེ དཔལ་ཡུལ། སེར་ཤུལ། གསེར་རྟ། ལི་ཐང་། འབའ་ཐང་། ཆ་འཕྲིན་ནམ་ཕྱག་ཕྲེང་། འདབ་པ། སྡེ་རོང་བཅས་རྫོང་ཁག18དང་། ཡུལ་ཚོ(གྲོང་རྡལ)325སྲིད་འཛིན་སྡེ་བ2458ཡོད་པ་རེད།       2011ལོའི་ལོ་མཇུག་བར་དུ་ཁུལ་ཡོངས་ཀྱི་སྤྱིའི་མི་གྲངས་ཁྲི109.18ཀྱི་ཁྲོད་བོད་རིགས་མི་གྲངས་ཁྲི85.49ཡོད་པ་དང་། དེས་སྤྱིའི་མི་གྲངས་ཀྱི78.3%ཟིན་ཡོད་པ་རེད། 

3_2 རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ།       

སི་ཁྲོན་ཞིང་ཆེན་གྱི་ནུབ་བྱང་ཕྱོགས་སུ་ཡོད་པའི་རྔ་བ་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ8.42ཡོད་པ་དང་། ཁུལ་སྲིད་གཞུང་འབར་ཁམས་རྫོང་དུ་ཡོད། སྲིད་འཛིན་མངའ་ཁོངས་སུ་འབར་ཁམས་དང་། ཆུ་ཆེན། བཙན་ལྷ། རྔ་བ། མཛོད་དགེ། ཁྱུང་ཆུའམ་སྨེ་བ། འཛམ་ཐང་། ཁྲོ་ཚ། བཀྲ་ཤིས་གླིང་། མོང་། ཟུང་ཆུ། གཟུ་ཚ་སྡེ་དགུ། ཁྲོ་ཆུ་བཅས་རྫོང13དང་། ཡུལ་ཚོ་དང་གྲོང་རྡལ224སྡེ་བ1351ཡོད་པ་རེད།       2010ལོའི་ལོ་མཇུག་ཏུ་སྤྱིའི་མི་གྲངས་ཁྲི89.88ཀྱི་ཁྲོད་བོད་རིགས་ཀྱིས་སྤྱིའི་མི་གྲངས་ཀྱི56.6% ཟིན་ཡོད་པ་རེད། 

3_3 སི་ཁྲོན་ལིང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་མུ་ལི་བོད་རིགས་རང་སྐྱོང་རྫོང་།       

སི་ཁྲོན་ཞིང་ཆེན་གྱི་ལྷོ་ནུབ་ཕྱོགས་སུ་ཡོད་པའི་མུ་ལི་རྫོང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི1.3ཡོད་ལ། མངའ་ཁོངས་སུ་བཟོ་ཨུ3དང་། གྲོང་རྡལ1དང་། ཡུལ་ཚོ28དང་། ཕྱུགས་ར9དང་། སྡེ་བ112ལ་སྡེ་མིའི་ཚན་ཆུང608བཅས་ཡོད་པ་རེད། 2004ལོར་རྫོང་ཡོངས་ཀྱི་སྤྱིའི་མི་གྲངས་ཁྲི13གྱི་ཁྲོད་བོད་རིགས་མི་གྲངས་ཁྲི4.3ཡོད་པ་དང་། དེས་སྤྱིའི་མི་གྲངས་ཀྱི32.8%ཟིན་ཡོད། མུ་ལི་རྫོང་དུ་བོད་རིགས་དང་། དབྱིས་རིགས། མའོ་རིགས། རྒྱ་རིགས་སོགས་མི་རིགས17འདུས་སྡོད་བྱས་ཡོད།

4 ཀན་སུའུ།       

ཀན་སུའུ་ཞིང་ཆེན་གྱི་མངའ་ཁོངས་སུ་བོད་རིགས་འཚོ་སྡོད་བྱས་ཡོད་པའི་ས་ཁུལ་གཙོ་བོ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་། དཔའ་རིས་བོད་རིགས་རང་སྐྱོང་རྫོང་བཅས་ཡིན། 

4_1 ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ།       

ཀན་སུའུ་ཞིང་ཆེན་གྱི་ལྷོ་ནུབ་ཕྱོགས་སུ་ཡོད་པའི་ཀན་ལྷོའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ4.5ཡོད་པ་དང་། ཁུལ་སྲིད་གཞུང་གཙོས་གྲོང་ཁྱེར་དུ་ཡོད། སྲིད་འཛིན་མངའ་ཁོངས་སུ་གཙོས་གྲོང་ཁྱེར་དང་། ཀླུ་ཆུ། རྨ་ཆུ། བསང་ཆུ། ཅོ་ནེ། ཐེ་བོ། བ་རྩེ། འབྲུག་ཆུ་བཅས་རྫོང7དང་གྲོང་ཁྱེར1ཡུལ་ཚོ་དང་གྲོང་རྡལ108ཡོད་པ་རེད།       ཁུལ་ཡོངས་སུ་མི་རིགས24དང་སྤྱིའི་མི་གྲངས་ཁྲི68.03ཡོད་པའི་ཁྲོད་བོད་རིགས་མི་གྲངས་ཁྲི37.85ཡོད་ལ། དེས་སྤྱིའི་མི་གྲངས་ཀྱི55.6%ཟིན་ཡོད་པ་རེད། 

4_2 ཝུའུ་ཝེ་གྲོང་ཁྱེར་དཔའ་རིས་བོད་རིགས་རང་སྐྱོང་རྫོང་།       

ཀན་སུའུ་ཞིང་ཆེན་གྱི་དབུས་སུ་ཡོད་པའི་དཔའ་རིས་རྫོང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི7149ཡོད་པ་དང་། མངའ་ཁོངས་སུ་རབ་རྒྱས་དགོན་དང་། བཀྲ་ཤིས་ལུང་བ། ཏཱ་བན། ཡར་ལུང་། སོལ་ཁུངས་ཉག་ག སེར་རྩིད། སྟག་ལུང་། ཕ་ཁྲི་བཅས་གྲོང་རྡལ8ཡོད། སྟོན་བོན་དང་། སེ་ར་ལུང་། མཆོད་རྟེན་ཐང་། རྒྱ་ཡག ཤུག་ཁྱ། ཨ་རིག འདན་མ། དོར་ཞི། ཞྭ་དམར། བཀྲ་ཤིས་ཕྱུག་ལུང་། བདེ་གཡང་ཐང་བཅས་གྲོང་རྡལ11ཡོད།       2005ལོའི་ལོ་མཇུག་ཏུ་རྫོང་ཡོངས་ལ་དུད་ཚང53871དང་མི་གྲངས་ཁྲི21ཡོད། དེའི་ཁྲོད་གྲངས་ཉུང་མི་རིགས་ཀྱི་མི་གྲངས82702ཡོད་ཅིང་སྤྱིའི་མི་གྲངས་ཀྱི38.84%ཟིན་པ་དང། བོད་རིགས་མི་གྲངས་ཁྲི6.74ཡོད་པ་དང་སྤྱིའི་མི་གྲངས་ཀྱི31.64%ཟིན་པ་རེད། དེར་བོད་རིགས་དང་། རྒྱ་རིགས། ཧོར་རིགས། སོག་རིགས་སོགས་མི་རིགས22འདུས་སྡོད་བྱས་ཡོད།

5 ཡུན་ནན།       

ཡུན་ནན་ཞིང་ཆེན་གྱི་མངའ་ཁོངས་སུ་བོད་རིགས་འཚོ་སྡོད་བྱས་ཡོད་པའི་ས་ཁུལ་གཙོ་བོ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གཅིག་པུ་ཡིན། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ།       ཡུན་ནན་ཞིང་ཆེན་གྱི་ནུབ་བྱང་དུ་ཡོད་པའི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ23970ཡོད་པ་དང་། ཁུལ་སྲིད་གཞུང་སེམས་ཀྱི་ཉི་ཟླ་རྫོང་རྒྱལ་སྟེང་གྲོང་རྡལ་དུ་ཡོད་པ་རེད། སྲིད་འཛིན་མངའ་ཁོངས་སུ་སེམས་ཀྱི་ཉི་ཟླ་རྫོང་དང་། འཇོལ་རྫོང་། འབའ་ལུང་ལི་སུའུ་རིགས་རང་སྐྱོང་རྫོང་བཅས་གསུམ་ཡོད་ལ། ཁུལ་ཡོངས་སུ་ཡུལ་ཚོ(གྲོང་རྡལ)29དང་། སྲིད་འཛིན་སྡེ་བ(དོན་གཅོད་ཁང)183ཡོད། 2007ལོའི་ལོ་མཇུག་ཏུ་ཁུལ་ཡོངས་ཀྱི་སྤྱིའི་མི་གྲངས་ཁྲི37.45ཡོད་པ་དང་། དེའི་ཁྲོད་བོད་རིགས་མི་གྲངས་ཁྲི12.66དང་སྤྱིའི་མི་གྲངས་ཀྱི33.81%ཟིན་ཡོད་པ་རེད།       གཞན་ཡུན་ནན་ཞིང་ཆེན་གྱི་གོང་ཧྲན་རྫོང་དང་ལི་ཅང་ས་ཁུལ། སི་ཁྲོན་ཞིང་ཆེན་གྱི་ཕིན་ཝའོ་རྫོང་དང་། པེ་ཁྲོན་རྫོང་། པའོ་ཞིན་རྫོང་། ཧྲི་མན་རྫོང་། ཀན་སུའུ་ཞིང་ཆེན་གྱི་ལུན་ནན་ཝུན་རྫོང་དང་། ཝའོ་ཏུའུ། མདོ་ལ་རི་རྒྱུད། ཞིན་ཅང་གི་པཱ་ཡིན་ཀའོ་ལིན་ཁུལ། ནང་སོག་གི་ཨ་ལ་ཧྲན་སོགས་སུ་ཡང་བོད་རིགས་འཚོ་སྡོད་བྱས་ཡོད་མོད། མི་གྲངས་ཅུང་ཉུང་བས་རེ་རེ་བཞིན་མི་བརྗོད་དོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:4  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-16

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།