ཐ་ཅི་ཁེ་རིགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཐ་ཅི་ཁེ་རིགས།
“ཐ་ཅི་ཁེ”ཞེས་པ་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན་ལ། དམངས་ཁྲོད་ཀྱི་ངག་རྒྱུན་ལྟར་ན་རྒྱལ་པོའི་ཅོད་པན་གྱི་དོན་ཡིན་པར་བརྗོད། མི་རིགས་དེ་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ནུབ་ལྷོ་ས་ཁུལ་དུ་ཁྱབ་ཡོད་ལ། མི་གྲངས་ཀྱི60%ཙམ་ཐ་ཧྲི་ཁུར་ཀན་ཐ་ཅི་ཁེ་རང་སྐྱོང་རྫོང་དུ་འདུས་སྡོད་བྱས་ཡོད། བསྡོམས་པས་མི་གྲངས51000ལྷག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
塔吉克族
སྐད་ཡིག
ཐ་ཅི་ཁེའི་སྐད་དང་ཡུ་གུར་ཡི་གེ།
ཆོས་ལུགས།
དབྱི་སི་ལན་ཆོས་ལུགས།
མི་གྲངས།
51069(2010ལོར་སྡོམ་རྩིས་བྱས་པ)
སྡོད་གནས་གཙོ་ཆེ་བ།
ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས།
1 ​ངོ་སྤྲོད།

“ཐ་ཅི་ཁེ”ཞེས་པ་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན་ལ། དམངས་ཁྲོད་ཀྱི་ངག་རྒྱུན་ལྟར་ན་རྒྱལ་པོའི་ཅོད་པན་གྱི་དོན་ཡིན་.jpgཔར་བརྗོད། མི་རིགས་དེ་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ནུབ་ལྷོ་ས་ཁུལ་དུ་ཁྱབ་ཡོད་ལ། མི་གྲངས་ཀྱི60%ཙམ་ཐ་ཧྲི་ཁུར་ཀན་ཐ་ཅི་ཁེ་རང་སྐྱོང་རྫོང་དུ་འདུས་སྡོད་བྱས་ཡོད། བསྡོམས་པས་མི་གྲངས51000ལྷག་ཡོད་ཅིང་། མི་རིགས་རང་གི་སྐད་ཆ་བཤད་བཞིན་ཡོད་མོད། ཡིག་རིགས་ནི་ཡུ་གུར་རིགས་ཀྱི་ཡི་གེ་བཀོལ་སྤྱོད་བྱེད་བཞིན་ཡོད།

2 ཡུལ་སྲོལ་གོམས་གཤིས།

ཐ་ཅི་ཁེ་རིགས་ཀྱི་སྐྱེས་པ་རྣམས་ཀྱིས་ནང་ལ་ཚི་ལེན་དང་ཕྱི་ལ་གོང་བ་མེད་པའི་གཞུང་གཤགས་སྟོད་ལྭ་རིང་བོ་གོན་ནས་སྐེ་རགས་བཅིངས་ཤིང་། .jpgཁ་དོག་སྔོན་པོ་དང་དཀར་བོ། སྔོ་ནག་ཅན་གྱི་ལ་དགའ། གྱོན་པའི་སྟེང་ལ་མེ་ཏོག་གཙགས་པའམ་མདོག་ཁྲ་ཁྲའི་གྱོན་པ་གཏན་ནས་མོ་གོན། སྐྱེས་མ་རྣམས་ཀྱིས་སྟོད་སྨད་འབྲེལ་བའི་སྨད་གཡོགས་གོན་པ་དང་། གཉེན་བསྒྲིགས་ཟིན་པའི་བུད་མེད་ཀྱིས་སྐེད་པར་མེ་ཏོག་གཙགས་པའི་རས་ཁེབས་ཤིག་དཀྲི་བ་དང་ཞྭ་རིལ་ཁྲ་ཁྲ་གོན། བུད་མེད་གཞོན་ནུ་དག་གིས་ཞྭ་མོའི་སྟེང་ལ་མགོ་དཀྲིས་མདོག་དམར་བོ་དང་སེར་བོ་དཀྲི་བ་དང་། ཕོ་མོ་ཚང་མ་འཇུར་རྟ་ཡུ་རིང་གོན་པར་དགའ། མི་རིགས་དེར་ངོ་ཤེས་མིན་གང་ཡིན་རུང་ཕན་ཚུན་ལ་འཚམ་འདྲི་དང་རྒན་པར་བརྩི་འཇོག་བྱེད་པའི་སྲོལ་བཟང་བོ་ཞིག་ཡོད། ཁོ་ཚོས་གཉེན་སྟོན་བྱེད་སྐབས་བག་མས་ཉིན་གསུམ་གྱི་བར་དུ་གདོང་རས་བླངས་མི་ཆོག་ལ། ཉིན་གསུམ་གྱི་རྗེས་སུ་བག་མའི་གཉེན་ཉེ་དང་བར་བ་སོགས་ཡོང་ནས་བག་མར་བཟའ་བཏུང་དྲངས་རྗེས་ད་གཟོད་བར་བས་བག་མའི་གདོང་རས་ལེན་པ་ཡིན། ཐ་ཅི་ཁེ་རིགས་ལ་འཛེམ་བྱ་ཧ་ཅང་མང་སྟེ། ཕག་དང་བོང་བུ། དྲེའུ་སོགས་ཀྱི་ཤ་མི་ཟ་ལ་རྟ་ཞོན་ཏེ་ལུག་ཁྱུའི་དཀྱིལ་གཤགས་ནས་འགྲོ་མི་རུང་ཞིང་། ལུ་གུ་བཙའ་སྐབས་གཏན་ནས་བལྟ་མི་རུང་བ་སོགས་ཡོད།

3 རིག་གནས།

ཐ་ཅི་ཁེ་རིགས་ཀྱི་རྩོམ་རིག་ནི་གཙོ་བོ་དམངས་ཁྲོད་རྩོམ་རིག་ཡིན་ཞིང་དམངས་ཁྲོད་རྩོམ་རིག་ལས་སྙན་ངག་ནི་ཆེས་ཕུན་སུམ་ཚོགས་པ་ཞིག་ཡིན། .jpgསྙན་ངག《ཐང་དཀར་རྒོད་པོ》དང《ནམ་ཡང་གསོན་པའི་ཁྲའུ་ཨར་ཁ་ཁི》ཞེས་པ་སོགས་ཀྱིས་བཙན་འཛུལ་པ་ལ་ངོ་རྒོལ་དང་མེས་རྒྱལ་གྱི་ལ་རྒྱ་སྲུང་བའི་དཔའ་བོའི་རང་བཞིན་མཚོན་ཡོད། དམངས་ཁྲོད་གཏམ་རྒྱུད《གངས་ལྷ་དམར་བོའི་གསང་བ》ཞེས་པ་ལས་ཐ་ཅི་ཁེ་མི་རིགས་ཀྱི་ངོ་མཚར་ཆེ་ཞིང་ཕུན་སུམ་ཚོགས་པའི་འཆར་ཡན་བསམ་པ་མདོན་པར་མཚོན་ཡོད།

4 སྐད་ཡིག

ཐ་ཅི་ཁེའི་སྐད་སྤྱོད་བཞིན་ཡོད་ལ།  སྤྱི་ཁྱབ་ཏུ་ཡུ་གུར་གྱི་ཡི་གེ་སྤྱོད་བཞིན་ཡོད།

5 ཆོས་ལུགས།

ཕལ་ཆེ་བས་དབྱི་སི་ལན་ཆོས་ལུགས་ལ་དད་པ་བྱེད།.jpg

6 དུས་ཆེན།

ཐ་ཅི་ཁེ་རིགས་ལ་སྨྱུང་གནས་གྲོལ་བའི་དུས་ཆེན་དང་། ཀུའུ་ཨར་པང་དུས་ཆེན། ཧྲིན་ཅས་དུས་ཆེན། ལོ་པ་ཐས་དུས་ཆེན་སོགས་སྲོལ་རྒྱུན་གྱི་དུས་ཆེན་ཅུང་མང་བོ་ཡོད། རྟ་ཐོག་ནས་ལུག་འཕྲོག་རེས་བྱེད་པ་ནི་ཐ་ཅི་ཁེ་རིགས་ཀྱི་མང་ཚོགས་རང་བཞིན་གྱི་བྱ་འགུལ་གཙོ་བོ་ཞིག་ཡིན། གཉེན་སྟོན་དང་དུས་ཆེན་སོགས་ཀྱི་སྐབས་སུ་བྱ་འགུལ་སྤེལ་བ་ཡིན། 


བརྡ་འགྲེལ་གདོང་འཛར།

སྤྱི་ཚོགས། མི་རིགས། ཐ་ཅི་ཁེ་རིགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-19

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།