ནུའུ་རིགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ནུའུ་རིགས།
ནུའུ་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན། གཙོ་བོ་ཡུན་ནན་ཞིང་ཆེན་གྱི་པེ་ཅིང་དང་ཧྥུ་གོང་། གོང་ཧྲང་བཅས་རྫོང་གསུམ་དུ་འདུས་སྡོད་བྱས་ཡོད་ཅིང་། བསྡོམས་པས་མི་གྲངས37523ལྷག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
怒族
ཕྱི་ཡིག་གི་མིང་།
The Nu nationality
སྐད་ཡིག
ནུའུ་སྐད་དང་རྒྱ་ཡིག
ཆོས་ལུགས།
ནང་བསྟན་དང་། གནམ་བདག་ཆོས་ལུགས། ཡེ་ཤུའི་ཆོས་ལུགས་ལ་དད་པ།
མི་གྲངས།
37523(2010ལོར་སྡོམ་རྩིས་བྱས་པ)
སྡོད་གནས་གཙོ་ཆེ་བ།
ཡུན་ནན་ཞིང་ཆེན།
1 ​ངོ་སྤྲོད།

ནུའུ་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན། གཙོ་བོ་ཡུན་ནན་ཞིང་ཆེན་གྱི་པེ་ཅིང་དང་ཧྥུ་གོང་། གོང་ཧྲང་བཅས་རྫོང་གསུམ.jpg་དུ་འདུས་སྡོད་བྱས་ཡོད་ཅིང་། བསྡོམས་པས་མི་གྲངས37523ལྷག་ཡོད། དེ་སྔ་མི་རིགས་དེར་འབོད་ཚུལ་མང་བོ་ཞིག་ཡོད་ཀྱང་། བཅིངས་འགྲོལ་བྱས་རྗེས་གཅིག་གྱུར་གྱིས་ནུའུ་རིགས་ཞེས་མིང་བཏགས། མི་རིགས་རང་ལ་ཡི་གེ་མེད་པས་རྒྱ་ཡིག་བཀོལ་བཞིན་ཡོད།

2 ཡུལ་སྲོལ་གོམས་གཤིས།

ནུའུ་རིགས་ཀྱི་སྐྱེས་པ་ཚོས་སོ་རས་ཀྱི་ལྭ་རིང་དང་རྐང་སྣམ་ཐུང་ཐུང་གོན་པ་དང་། མགོ་དཀྲི་ནག་པོ་དཀྲི་ཞིང་། སྐྱེས་པ་དར་མ་རྣམས་གྲི་འ.jpgདོགས་པ་དང་མདའ་གཞུ་འཁུར་བར་དགའ། བུད་མེད་ཀྱི་གྱོན་པ་ནི་ས་ཆའི་དབང་གིས་མི་འདྲ་བ་སྣ་ཚོགས་ཡོད་ཀྱང་། སྤྱིར་ཐུ་བ་བསྣོལ་བའི་གོས་རིང་དང་སོ་ཆས་ཀྱི་སྨད་གཡོགས་གོན་པ་ཡིན། ནུའུ་རིགས་ཀྱི་སྐྱེས་ཕོ་མོ་ཚང་མ་ཆང་འཐུང་བར་དགའ་ཞིང་། ཆང་འཐུང་དུས་བཟི་དགོས་པ་དང་བཟི་དུས་གླུ་ལེན་དགོས་པའི་ལུགས་སྲོལ་ཡོད།

3 རིག་གནས།

ནུའུ་རིགས་ཀྱི་རྩོམ་རིག་ནི་གཙོ་བོ་དམངས་ཁྲོད་ཀྱི་ངག་ཐོག་རྩོམ་རིག་ཡིན། དེར་ལྷ་སྒྲུང་དང་ངག་རྒྱུན། གཏམ་རྒྱུད། དམངས་གླུ་སོགས་ཡོད་ཅིང་། .jpgདམངས་གླུ་ནི་ནུའུ་རིགས་ཀྱི་རྩོམ་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། དེ་ལས《རྔོན་པའི་གླུ》དང《ད་ཕྲུག་གི་གླུ》སོགས་ཀྱིས་ཕྱོགས་མི་འདྲ་བའི་སྒོ་ནས་ནུའུ་རིགས་མི་དམངས་ཀྱི་འཚོ་བའི་ལོ་རྒྱུས་དང་མི་རིགས་རང་གི་སེམས་ཁམས་མཚོན་ཡོད་པར་མ་ཟད། ནང་དོན་ཕུན་སུམ་ཚོགས་ཤིང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་དོན་སྙིང་ཟབ་མོ་ཡོད།

4 སྐད་ཡིག

ནུའུ་སྐད་སྤྱོད་བཞིན་ཡོད་ལ། ས་ཆ་སོ་སོའི་ཡུལ་སྐད་ལ་ཁྱད་པར་ཧ་ཅང་ཆེ། མི་རིགས་རང་ཉིད་ཀྱི་ཡི་གེ་མེད། ཕལ་ཆེར་གྱིས་ལི་སུའུ་སྐད་བཤད་ཤེས།

5 ཆོས་ལུགས།

གདོད་མའི་ཆོས་ལུགས་ལ་དད་ཅིང་བྱ་དངོས་ཀུན་ལ་རྣམ་ཤེས་ཡོད་པར་ཡིད་ཆེས་བྱེད་ལ། རང་བྱུང་ཁམས་ལའང་དད་པ་བྱེད་སྲོལ་ཡོད། .jpgནུའུ་རིགས་ཁ་ཤས་ཤིག་བོད་བརྒྱུད་ནང་བསྟན་དང་ཡང་ན་གནམ་བདག་ཆོས་ལུགས། ཡེ་ཤུའི་ཆོས་ལུགས་བཅས་ལའང་དད་པ་ཡོད།

6 དུས་ཆེན།

ལོ་རེའི་ལུགས་གསར་ལོ་སར་གྱི་སྔ་གཞུག་གམ་ལུགས་རྙིང་ལོ་སར་གྱི་སྔ་གཞུག་ཏུ་ནུའུ་རིགས་ཀྱིས་ལོ་གསར་བྱེད་པ་དང་། ལོ་རེའི་ལུགས་རྙིང་གི་ཟླ3པའི་ཚེས15ཉིན་ལྷ་མོའི་དུས་ཆེན་ལ་རོལ་བཞིན་ཡོད། སྨྱུག་མའི་སྟེང་ནས་མཐོ་ལྡིང་འགྲན་སྡུར་བྱེད་པ་ནི་ནུའུ་རིགས་ཀྱི་ལུས་རྩལ་བྱ་འགུལ་གཙོ་བོ་ཡིན། 


བརྡ་འགྲེལ་གདོང་འཛར།

སྤྱི་ཚོགས། མི་རིགས། ནུའུ་རིགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-19

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།