མའོ་ནན་རིགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མའོ་ནན་རིགས།
མའོ་ནན་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན། གཙོ་བོ་ཀོང་ཞི་ཧོན་ཅང་རྫོང་གི་ལྷོ་རྒྱུད་ཀྱི་རི་ཁུལ་དུ་འདུས་སྡོད་བྱས་ཡོད། མི་རིགས་རང་གིས་རང་ལ“ཨ་ནན”ཞེས་འབོད་པ་དང་། 1986ལོའི་ཟླ6པར་མའོ་ནན་རིགས་ཞེས་བསྒྱུར། བསྡོམས་པས་མི་གྲངས101192ལྷག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
毛南族
སྐད་ཡིག
མའོ་ནན་སྐད་དང་རྒྱ་སྐད་རྒྱ་ཡིག ཀྲོང་སྐད།
མི་གྲངས།
101192(2010ལོར་སྡོམ་རྩིས་བྱས་པ)
སྡོད་གནས་གཙོ་ཆེ་བ།
ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས།
1 ​ངོ་སྤྲོད།

མའོ་ནན་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན། གཙོ་བོ་ཀོང་ཞི་ཧོན་ཅང་རྫོང་གི་ལྷོ་རྒྱུད་ཀྱི་རི་ཁུལ་དུ་.jpgའདུས་སྡོད་བྱས་ཡོད། མི་རིགས་རང་གིས་རང་ལ“ཨ་ནན”ཞེས་འབོད་པ་དང་། 1986ལོའི་ཟླ6པར་མའོ་ནན་རིགས་ཞེས་བསྒྱུར། བསྡོམས་པས་མི་གྲངས101192ལྷག་ཡོད། ཁོ་ཚོར་རང་མི་རིགས་ཀྱི་ཡི་གེ་མེད་པས་རྒྱ་ཡིག་བཀོལ་སྤྱོད་བྱེད་བཞིན་ཡོད། ཕལ་ཆེ་བས་ཀྲོང་རིགས་ཀྱི་སྐད་དང་རྒྱ་སྐད་བཤད་ཤེས།

2 ཡུལ་སྲོལ་གོམས་གཤིས།

མའོ་ནན་རིགས་ཀྱི་སྐྱེས་པ་ཚོས་གཞུང་གཤགས་སྟོད་ལྭ་དང་རྐང་སྣམ་རིང་བ་གོན་པ་དང་། སྐྱེས་མ་ཚོས་གཡས་གཤགས་སྟོད་ལྭ་.jpgདང་རྐང་སྣམ་རིང་བོ་གོན། ཕུར་ཁ་དང་རྐང་སྣམ་གྱི་འདབས་སུ་རས་མདོག་དམར་ལྗང་ནག་གསུམ་གྱིས་ཤན་ཡོད་ཅིང་། སྤྱིར་བཏང་དུ་སྨྱུག་མས་སླས་པའི་ཞྭ་གོན་པར་དགའ། མའོ་ནན་རིགས་ལ་རོ་བཅུད་ཕུན་སུམ་ཚོགས་པའི་མི་རིགས་རང་ཉིད་ཀྱི་ཟ་མ་མང་བོ་ཡོད་ལ། ཁོ་ཚོས་ཕག་ཤ་དང་བྱ་ཤ་སོགས་ཟ་བ་དང་གཞན་ད་དུང་ཁྱི་ཤ་ཟ་རྒྱུར་ཧ་ཅང་དགའ། ལོ་རེའི་ལུགས་རྙིང་གི་ཟླ་ལྔ་བའི་ནང་མའོ་ནན་རིགས་ཀྱིས་རང་གི་སྲོལ་རྒྱུན་གྱི་དུས་ཆེན་ཏེ་ལྷ་མཆོད་དུས་ཆེན་ལ་རོལ་བཞིན་ཡོད། ཉེན་དེར་སྐྱེས་ཕོ་མོ་རྒན་གཞོན་ཚང་མས་གཟབ་འཆོར་སྤྲས་ཏེ་ཕན་ཚུན་གྱི་ཁྱིམ་དུ་འགྲོ་བ་དང་དགའ་སྟོན་གྱི་དུས་ཆེན་ཅི་དགར་རོལ། ལུས་རྩལ་བྱ་འགུལ་དུ་མིག་མང་རྩེ་སྲོལ་ཡོད་ཅིང་། རྩེ་ཚུལ་ལའང་རིགས་སྣ་ཚོགས་ཡོད།

3 རིག་གནས།

མའོ་ནན་རིགས་ཀྱི་ངག་ཐོག་རྩོམ་རིག་ལ་དམངས་གླུ་དང་ལྷ་སྒྲུང་། ངག་རྒྱུན། གཏམ་རྒྱུད་སོགས་ཡོད། དར་ཁྱབ་ཆེ་བའི་ལྷ་སྒྲུང.jpg《ཕན་ཀུའུ་ཡི་གཏམ་རྒྱུད》དང《སྨྱུག་ཞྭ་ཁྲ་ཁྲའི་གཏམ་རྒྱུད》སོགས་ཀྱིས་མའོ་ནན་རིགས་ཀྱི་ངལ་རྩོལ་མི་དམངས་ཀྱི་འཚོ་བའི་བརྒྱུད་རིམ་མཚོན་ཡོད་པར་མ་ཟད། སྤྱི་ཚོགས་རིང་ལུགས་ཀྱི་འཚོ་བ་གསར་བ་ལའང་བསྟོད་བསྔགས་མཛད་ཡོད། དེ་མིན་གླུ་དབྱངས་ལེན་པ་ནི་མའོ་ནན་རིགས་ཆེས་དགའ་བའི་རོལ་རྩེད་བྱ་འགུལ་ཞིག་ཡིན་ལ། མང་ཆེ་བ་གཉེན་སྟོན་དང་དགའ་སྟོན་གྱི་དུས་ཆེན་སྟེང་དུ་ཕོ་མོ་ཕན་ཚུན་བར་དུ་ལེན་རེས་བྱེད་པ་ཞིག་ཡིན། གཞན་ཡང་མའོ་ནན་རིགས་ཀྱི་བརྐོས་རིས་དང་འཁེལ་འཐག་གི་ལག་ཤེས་ལ་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པས། མང་ཚོགས་རྣམས་དེར་ཧ་ཅང་དགའ།

4 སྐད་ཡིག

མའོ་ནན་སྐད་སྤྱོད་བཞིན་ཡོད་ལ། མི་རིགས་རང་ཉིད་ཀྱི་ཡི་གེ་མེད་པར་མི་མང་ཆེ་བས་ཀྲོང་སྐད་དང་རྒྱ་སྐད་བཤད་ཤེས་ལ། རྒྱ་ཡིག་སྤྱོད་བཞིན་ཡོད།

5 ཆོས་ལུགས།

མའོ་ནན་རིགས་ཏའོ་ཅའོ་ཆོས་ལུགས་ལ་དད་ཅིང་། ལྷ་མང་ལའང་དད། སྨོན་ལམ་འདེབས་པ་དང་དམ་བཅའ་འཇོག་པ་ནི་མའོ་ནན་པ་རྣམས.jpg་ཀྱི་ཆེས་གལ་ཆེ་ལ་རྒྱ་ཆེ་བའི་ཆོས་ལུགས་བྱ་འགུལ་ཞིག་ཀྱང་ཡིན།

6 དུས་ཆེན།

ལུགས་རྙིང་ལོ་སར་དང་ཀྲུང་ཡོན་དུས་སྟོན། འདས་མཆོད་དུས་སྟོན། དེ་མིན་འབྲུག་མཆོད་དུས་སྟོན་སོགས་ཡོད་ལ། འབྲུག་མཆོད་དུས་སྟོན་ལ་ཟླ་ལྔ་བའི་ཆོས་ཚོགས་ཀྱང་ཟེར། དེ་ནི་མའོ་ནན་རིགས་ལ་ཐུན་མིན་དུ་ལྡན་པའི་དུས་སྟོན་ཞིག་ཡིན་ལ། ལུགས་རྙིང་གི་འབྲུག་མཆོད་ཉིན་གྱི་ཉིན་གཉིས་ཀྱི་སྔོན་ལ་སྤེལ་སྲོལ་ཡོད་ལ། གཙོ་བོ་འབྲུ་རིགས་སྣ་ལྔ་ལོ་ལེགས་ཡོང་བར་སྨོན་ལམ་འདེབས་པ་ཞིག་ཡིན།


བརྡ་འགྲེལ་གདོང་འཛར།

སྤྱི་ཚོགས། མི་རིགས། མའོ་ནན་རིགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-19

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།