ཧ་ཉི་རིགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧ་ཉི་རིགས།
ཧ་ཉི་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན། གཙོ་བོ་ཡུན་ནན་ཞིང་ཆེན་ལྷོ་ནུབ་ཕྱོགས་ཀྱི་ལིས་ཧྲིག་གཙང་བོའི་སྨད་རྒྱུད་ཀྱི་ཞིན་ཕིན་དང་ཀྲིན་ཡོན། ཅང་ཁྲིན་སོགས་ཀྭི་རྫོང་མཁར་དུ་ཁྱབ་ཡོད་ལ་བསྡོམས་པས་མི་གྲངས1660000ལྷག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
哈尼族
ཕྱི་ཡིག་གི་མིང་།
Hani  minority
སྐད་ཡིག
ཧ་ཉིའི་སྐད་ཡིག
མི་གྲངས།
1660932(2010ལོར་སྡོམ་རྩིས་བྱས་པ)
ཆོས་ལུགས།
ལྷ་མང་ལ་དད་ཅིང་མེས་པོ་ལ་ཡང་དད།
སྡོད་གནས་གཙོ་ཆེ་བ།
ཡུན་ནན་ཞིང་ཆེན།
1 ངོ་སྤྲོད།

ཧ་ཉི་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན། གཙོ་བོ་ཡུན་ནན་ཞིང་ཆེན་ལྷོ་ནུབ་ཕྱོགས་ཀྱི་ལིས་ཧྲིག་གཙང་བོའི་སྨད་རྒྱུད་ཀྱི་ཞིན་ཕིན་.jpgདང་ཀྲིན་ཡོན། ཅང་ཁྲིན་སོགས་ཀྭི་རྫོང་མཁར་དུ་ཁྱབ་ཡོད་ལ་བསྡོམས་པས་མི་གྲངས1660000ལྷག་ཡོད། 1957ལོར་ལ་ཏིང་ཡི་གེ་རྨང་གཞི་བྱས་ཐོག་རང་མི་རིགས་ཀྱི་ཡི་གེ་གསར་གཏོད་བྱས། འོན་ཀྱང་ཁྱབ་གཏལ་དུ་གཏོང་མ་ཐུབ། དེའི་རྐྱེན་རང་ཉིད་ཀྱི་སྐད་ཆ་ལས་མེད།

2 ཡུལ་སྲོལ་གོམས་གཤིས།

ཧ་ཉི་རིགས་མང་ཆེ་བ་རི་རྐེད་དུ་གཞིས་ཆགས་ཤིང་། རི་དབྱིབས་དང་བསྟུན་ནས་གྲོང་སྡེ་བསྐྲུན་ཡོད། ཞིང་ལས་གཙོ་བོར་གཉེར་ཞིང་། ཐེམ་ཞིང་རྨོ་འདེབས་ལ་མཁས། རང་ཉིད་ཀྱིས་ཚོན་བརྒྱབ་འཐག་བཟོ་བྱས་པའི་ལག་འཐག་རས་སྔོ་ནག་གིས་གྱོན་ཆས་བཟོ་བ་དང་། སྐྱེས་པ་མང་ཆེ་བས་གཞུང་གཤགས་སྟོད་ལྭ་དང་རྐང་སྣམ་རིང་བོ་གོན་པ་དང་མགོ་ལ་རས་ནག་དང་.jpgཡང་ན་རས་དཀར་དཀྲི། སྐྱེས་མ་མང་ཆེ་བས་གཡས་གཤགས་གོང་མེད་ལྭ་བ་དང་རྐང་སྣམ་རིང་བོ་གོན། ཕུར་ཁ་དང་རྐང་སྣམ་གྱི་ཁ་འབབ་སོགས་ལ་མདོག་ལྡན་མེ་ཏོག་གཙགས་ཡོད། ཁོ་ཚོའི་གྱོན་ཆས་སྟེང་ནས་གཉེན་སྒྲིག་ཡོད་མེད་ཤེས་ཐུབ། ཧ་ཉི་རིགས་ཀྱི་གཉེན་སྒྲིག་མང་ཆེ་བ་ཉི་མ་ནུབ་ཁར་བྱེད། ཕྱི་ཉིན་གྱི་ནངས་སྔ་མོར་བག་མས་འབྲས་སྤར་མ་གང་ཁྱེར་ནས་རང་ཁྱིམ་དུ་ཡོང་དགོས། དུས་དེ་ནས་བཟུང་མོ་རང་ཆུ་འདི་འཐུང་བའི་མི་ཞིག་ཏུ་གྱུར་པ་མཚོན་ཞིང་། ཁྱིམ་ཚང་གང་བོས་མོས་ཁུར་ཡོང་བའི་ཆུ་དེ་འཐུང་ན་བཀྲ་ཤིས་བདེ་ལེགས་ཡོང་བའང་མཚོན་པ་རེད། ཧ་ཉི་རིགས་ལ་ལུགས་རྙིང་གི་ཟླ་དྲུག་པའི་ལོ་གསར་དང་ཟླ་བཅུ་བའི་ལོ་གསར་སོགས་དུས་ཆེན་གཉིས་ཡོད། ཉེན་དེར་སྐྱེས་ཕོ་མོས་གཟབ་མཆོར་སྤྲས་ནས་གླུ་ལེན་གར་རྩེ་བྱེད་པ་དང་རྒན་པ་ཚོས་ཆང་འཐུང་ནས་དགའ་སྐྱིད་ཀྱི་དུས་ཆེན་ལ་རོལ་བ་དང་། ཁོ་ཚོའི་སྲོལ་རྒྱུན་གྱི་ལུས་རྩལ་བྱ་འགུལ་ལ་བྱ་སྒྲོ་ལྒང་ལི་དང་ཕྲག་གཏུག་འགྲན་སྡུར་སོགས་ཡོད།

3 རིག་གནས།

ཧ་ཉི་རིགས་ཀྱི་རྩོམ་རིག་ནི་དམངས་ཁྲོད་ངག་ཐོག་གི་རྩོམ་རིག་གཙོ་བོ་ཡིན། ལྷ་སྒྲུང《གནམ་དང་ས། མི་བཅས་ཀྱི་ངག་རྒྱུན》དང《ཉི་མ་དང་ཟླ་བ》.jpgསོགས་ཡོད་པ་དང་། དམངས་གླུ་ནི་ངག་ཐོག་རྩོམ་རིག་གི་གྲུབ་ཆ་གཙོ་བོ་ཡིན། བཅིངས་འགྲོལ་རྗེས་སུ་ཧ་ཉི་རིགས་ལ་རྩོམ་པ་པོ་དང་གསར་རྩོམ་མང་བོ་ཞིག་བྱུང་ཡོད། ཧ་ཉི་རིགས་ནི་མགྲོན་ལ་ཧ་ཅང་དགའ་ཞིང་ཁོ་ཚོས་མགྲོན་པོ་ཁྱིམ་དུ་ཡོང་མ་ཐག་ཐོག་མར་ཆང་གིས་སྣེ་ལེན་བྱེད་པ་དང་དེར་མཐུད་ཇ་དང་ཟས་རིགས་གཞན་པས་མགྲོན་བསུ་བྱེད། གཞན་ཡང་རི་དྭགས་བརྔོན་ན་མི་ཚང་མར་བསྐལ་བགོས་ནས་ཕན་ཚུན་མཛའ་བརྩེ་དང་མཐུན་སྒྲིལ་གྱི་བརྩེ་དུངས་དྲི་མ་མེད་པ་མཚོན།

4 ཆོས་ལུགས།

ལྷ་མང་ལ་དད་ཅིང་མེས་པོ་ལ་ཡང་དད།.jpg

5 དུས་ཆེན།

ཟླ་བཅུ་བའི་ལོ་སར་དང་ཟླ་དྲུག་པའི་ལོ་སར། གསར་མྱོང་དུས་ཆེན་བཅས་ཡོད། ས་ཆ་ལ་ལས་ལུགས་རྙིང་ལོ་སར་དང་ཟླ་ལྔ་བའི་ཚེས་ལྔ། བརྒྱད་པའི་ཚེས་བཅོ་ལྔ་སོགས་རོལ་བཞིན་ཡོད།


བརྡ་འགྲེལ་གདོང་འཛར།

སྤྱི་ཚོགས། མི་རིགས། ཧ་ཉི་རིགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-09

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།