མུའུ་ལའོ་རིགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མུའུ་ལའོ་རིགས།
མུའུ་ལའོ་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན། གཙོ་བོ་ཀོང་ཞི་ཞིང་ཆེན་ལའོ་ཁྲིན་མུའུ་ལའོ་རིགས་རང་སྐྱོང་རྫོང་དུ་འདུས་སྡོད་བྱས་ཡོད་ཅིང་། བསྡོམས་པས་མི་གྲངས550000ལྷག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
仫佬族
སྐད་ཡིག
མུའུ་ལའོ་སྐད་དང་རྒྱ་སྐད་རྒྱ་ཡིག ཀྲོང་རིགས་ཀྱི་སྐད།
མི་གྲངས།
550000(2010ལོར་སྡོམ་རྩིས་བྱས་པ)
སྡོད་གནས་གཙོ་ཆེ་བ།
ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས།
1 ​ངོ་སྤྲོད།

མུའུ་ལའོ་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན། གཙོ་བོ་ཀོང་ཞི་ཞིང་ཆེན་ལའོ་ཁྲིན་མུའུ་ལའོ་རིགས་རང་སྐྱོང་རྫོང.jpg་དུ་འདུས་སྡོད་བྱས་ཡོད་ཅིང་། བསྡོམས་པས་མི་གྲངས550000ལྷག་ཡོད། མུའུ་ལའོ་རིགས་ལ་རང་མི་རིགས་ཀྱི་སྐད་རིགས་ཡོད་ནའང་། མང་ཆེ་བས་རྒྱ་སྐད་དང་རྒྱ་ཡིག་བཀོལ་བཞིན་ཡོད།

2 ཡུལ་སྲོལ་གོམས་གཤིས།

མི་རིགས་དེའི་སྐྱེས་པ་ཚོས་མདོག་སྔོ་ནག་ཅན་གྱི་བྲང་གཤགས་སྟོད་ཐུང་དང་རྐང་སྣམ་རིང་བོ་གོན། སྐྱེས་མ་ཚོས་གོང་བ་མེད་པའི་སྟོད་ཐུང་གོ.jpgན་པ་དང་། གོང་མཐའ་དང་ཕུར་ཁ་ཚང་མར་ཐིག་ཤར་གསུམ་གཙེགས་ཡོད། དར་མ་ཡན་གྱི་སྐྱེས་མ་ཚོས་རང་གིས་འཐག་པའི་རས་ལྭ་གོན་པར་དགའ་ཞིང་། བུ་མོ་གནས་ལ་འགྲོ་སྐབས་ངེས་པར་དུ་རང་གིས་འཐག་པའི་རས་ལྭ་གོན་དགོས། མུའུ་ལའོ་རིགས་ཀྱི་ཁ་ཟས་གཙོ་བོ་འབྲས་ཡིན་ལ། དེ་ལས་གཞན་ད་དུང་ཡུང་དམར་དང་ཡུང་མ། གྲོ། མ་རྨོས་ལོ་ཏོག་སོགས་ཟ། སྤྱིར་བཏང་དུ་ཚང་མས་ཕག་ཤ་དང་སྐམ་ཤ། བྱ་ཤ། ཆུ་བྱའི་ཤ ངང་བའི་ཤ་སོགས་ཟ། མུའུ་ལའོ་རིགས་ལ་སྲུང་བྱ་མང་སྟེ། དཔེར་ན་ཟླ་གཉིས་པའི་ཚེས་གཅིག་གི་ཉིན་ཞིང་ཁར་མི་འགྲོ་བ་དང་། ཟླ་དྲུག་པའི་ཚེས་གཅིག་གི་ཉིན་ལས་ཀ་མི་ལས་པ། སོན་འདེབས་ཀྱི་སྐབས་སུ་མེ་མི་གླེང་བ་སོགས་ཡོད་ཀྱང་དེང་སང་སྲོལ་དེ་དག་རིམ་བཞིན་ཉམས་དམས་སུ་སོང་འདུག  མི་རིགས་དེར་ལུགས་རྙིང་གི་ཚེས་བཅོ་ལྔའི་ཉིན་ན་གཞོན་དུས་ཆེན་ལ་རོལ་པའི་སྲོལ་ཡོད། དུས་ཆེན་གྱི་ནང་དོན་གཙོ་བོ་ནི་ན་གཞོན་ཕོ་མོས་ཕན་ཚུན་ལ་གཞས་ལེན་རེས་བྱེད་པ་བརྒྱུད་དེ་རང་གི་འདོད་བརྩེ་མངོན་པ་དེའོ། །

3 རིག་གནས།

མུའུ་ལའོ་རིགས་ཀྱི་རྩོམ་རིག་ནི་གཙོ་བོ་ངག་ཐོག་གི་རྩོམ་རིག་ཡིན། ལྷ་སྒྲུང་སྟེ《གནམ་ནི་ཇི་ལྟར་བཏེགས་པ་ཡིན》ཞེས་པ་དང《ཧྥུ་ཡེ་མིང་སྲིང་གིས་མིའི་རིགས་བསྐྲུན་པ》སོགས་ཀྱིས་མུའུ་ལའོ་རིགས་ཀྱི་ལོ་རྒྱུས་དང་འཚོ་བ། ཡུལ་སྲོལ་གོམས་གཤིས་སོགས་མཚོན།

4 སྐད་ཡིག

མུའུ་ལའོ་སྐད་སྤྱོད་བཞིན་ཡོད་ལ། མང་ཆེ་བས་རྒྱ་སྐད་དང་ཀྲོང་སྐད་ཤེས། རྒྱ་ཡིག་བཀོལ་སྤྱོད་བྱེད་བཞིན་ཡོད།

5 ཆོས་ལུགས།

ཏའོ་ཅའོ་ཆོས་ལུགས་ལ་གཙོ་བོར་དད་ཅིང་། ནང་བསྟན་ཆོས་ལུགས་ལའང་དད།.jpg

6 དུས་ཆེན།

ལོ་རེའི་ཟླ་བཅུ་བའི་ནང་ཀོང་ཞི་ཀྲོང་རིགས་རང་སྐྱོང་ཁུལ་ལོ་ཁྲིན་རྫོང་གི་མུའུ་ལའོ་རིགས་མི་དམངས་ཚོས་སྲོལ་རྒྱུན་གྱི་ལོ་ལེགས་དགའ་སྟོན་དུས་ཆེན་རོལ། ལོ་རེར་སྟོན་ཆུང་རེ་དང་ལོ་གསུམ་རེར་སྟོན་ཆེན་རེ་བྱེད། སྟོན་ཆེན་སྡེ་བས་བྱེད་པ་དང་སྟོན་ཆུང་ཁྱིམ་ཚང་གིས་བྱེད། ལུགས་རྙིང་གི་ཟླ་བཅུ་བའི་ཚེས་གཅིག་ཉིན་མུའུ་ལའོ་རིགས་བ་གླང་རྒྱལ་པོའི་དུས་ཆེན་ལ་རོལ། ཉིན་དེར་བ་གླང་ལ་ཟས་གང་བཟང་བྱིན་ནས་ངལ་གསོ་བྱེད་དུ་བཅུག་ནས་ལོ་གཅིག་ལ་དཀའ་སྡུག་མྱངས་པར་འོ་བརྒྱལ་ཞུ་བའི་ཚུལ་མཚོན། ཁོ་ཚོའི་སྲོལ་རྒྱུན་གྱི་ལུས་རྩལ་བྱ་འགུལ་ལ་བྱ་མོས་སྒོང་རུམ་དང་ལག་ཤེད་དང་བློ་འགྲན་པ་བཅས་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-19

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།