ཀྲོང་རིགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲོང་རིགས།
ཀྲོང་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན། འདུས་སྡོད་བྱེད་ས་གཙོ་བོ་ནི་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཡིན་ལ། དེ་ལས་གཞན་ཡུན་ནན་དང་ཀོང་ཏུང་། ཧུའུ་ནན། ཀུའེ་ཀྲོའུ། སི་ཁྲོན་ཞིང་ཆེན་སོགས་སུའང་ཉུང་ཤོས་ཤིག་ཡོད་པ་དང་། བསྡོམས་པས་མི་གྲངས16926381ལྷག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
壮族
ཕྱི་ཡིག་གི་མིང་།
Bouxcuengh
སྐད་ཡིག
ཀྲོང་རིགས་ཀྱི་སྐད་ཡིག་དང་རྒྱ་སྐད་རྒྱ་ཡིག
མི་གྲངས།
16926381(2010ལོར་སྡོམ་རྩིས་བྱས་པ)
སྡོད་གནས་གཙོ་ཆེ་བ།
ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་དང་། ཡུན་ནན་ཞིང་ཆེན། ཀོང་ཏུང་ཞིང་ཆེན། ཀུའེ་ཀྲོའུ་ཞིང་ཆེན་བཅས།
1 ​ངོ་སྤྲོད།

ཀྲོང་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན། འདུས་སྡོད་བྱེད་ས་གཙོ་བོ་ནི་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཡིན་ལ།.jpeg དེ་ལས་གཞན་ཡུན་ནན་དང་ཀོང་ཏུང་། ཧུའུ་ནན། ཀུའེ་ཀྲོའུ། སི་ཁྲོན་ཞིང་ཆེན་སོགས་སུའང་ཉུང་ཤོས་ཤིག་ཡོད་པ་དང་། བསྡོམས་པས་མི་གྲངས16926381ལྷག་ཡོད། གྲངས་ཉུང་མི་རིགས་ཀྱི་ཁྲོད་དུ་ཀྲོང་རིགས་ནི་མི་གྲངས་ཆེས་མང་བའི་མི་རིགས་ཤིག་ཡིན། ཁོ་ཚོས་བཀོལ་བཞིན་པའི་ཀྲོང་ཡིག་ནི1955ལོར་གསར་བཟོ་བྱས་ཤིང་། 1982ལོར་བཟོ་བཅོས་བརྒྱབ་ནས་གཏན་འཁེལ་བྱས་པ་རེད།

2 འཕེལ་རིམ།

ཀྲོང་རིགས་ཀྱི་མེས་པོ་ནི་གནའ་རབས་ཀྱི་པའེ་ཡོས་རིགས་རྒྱུད་ཀྱི་ཁོངས་སུ་གཏོགས་པ་དང་། ཀྲུང་གོ་གསར་བ་དབུ་བརྙེས་རྗེས། མི་རིགས་ཀྱི་འབྱུང་ཁུངས་.jpgདབྱེ་འབྱེད་བྱས་ཏེ་གཅིག་གྱུར་དུ་ཀྲོང་རིགས་ཀྱི་གྲས་སུ་གཏོགས་པར་བྱས། 1952ལོའི་ཟླ12པའི་ཚེས9ཉིན་ཀོང་ཞིའི་ནུབ་ཕྱོགས་སུ་ནུབ་ཀོས་ཀྲོང་རིགས་རང་སྐྱོང་ལྗོངས་བཙུགས་པ་དང། 1956ལོར་རང་སྐྱོང་ཁུལ་དུ་བསྒྱུར། 1958ལོའི་ཟླ3པའི་ཚེས5ཉིན་སྔོན་གྱི་ཀོང་ཞི་ཞིང་ཆེན་གཞི་ཁྱོན་དུ་བཟུང་ནས་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་བཙུགས། 1958ལོའི་ཟླ4བའི་ཚེས1ཉིན་ཡུན་ནན་བིན་ཧྲན་ཀྲོང་རིགས་མིའོ་རིགས་རང་སྐྱོང་ཁུལ་བཙུགས། 1962ལོའི་ཟླ9བའི་ཚེས26ཉིན་ཞོང་ཏུང་ལན་ཧྲན་ཀྲོང་རིགས་ཡའོ་རིགས་རང་སྐྱོང་རྫོང་བཙུགས་པ་རེད།

3 རིག་གནས་གོམས་སྲོལ།
3_1 སྐད་ཡིག

རང་རྒྱལ་གྱི་ཆེད་མཁས་པ་དག་གིས་ཀྲོང་སྐད་ནི་རྒྱ་བོད་སྐད་ཁོངས་ཀྲོང་ཏུང་སྐད་རིགས་ཏའེ་སྐད་ཡན་ལག་གི་ཁོངས་སུ་གཏོགས་པར་བཤད་དེ། གཙོ་བོ་ལྷོ་ནུབ་ཡུལ་སྐད་ཆེན་པོ་གཉིས་ཡོད། ཡང་རྒྱལ་ཕྱིའི་ཆེད་མཁས་པ་ཁག་ཅིག་གིས་ཀྲོང་སྐད་ཀྱི་ཁུངས་གཅིག་ཐ་སྙད་ཀྱི་གནས་ཚུལ་ལ་གཞིགས་ནས་ཀྲོང་སྐད་ཨོ་ཐའེ་སྐད་ཁོངས་ཀྱི་གྲས་སུ་བགར་བ་རེད།.jpg དེ་ཡང་ལོ་རྒྱུས་སྟེང་དུས་རབས་བདུན་པ་སྟེ་ཐང་རྒྱལ་རབས་ཀྱི་དུས་རྒྱ་ཡིག་ལ་བལྟས་ནས་ཀྲོང་ཡིག་ཅིག་བཟོས་ཏེ་དམངས་ཁྲོད་དུ་བཀོལ་བཞིན་ཡོད་མོད།  འོན་ཀྱང་བཀོལ་སྤྱོད་ཀྱི་གཞི་རྒྱ་བསྐྱེད་མ་ཐུབ་པས་དམངས་ཡོངས་ཀྱི་ཁྲོད་དར་སྤེལ་འགྲོ་མ་ཐུབ།  1950ལོར་སྲིད་གཞུང་གི་ཆེད་མཁས་པ་དག་གིས་ལ་ཏིང་དབྱངས་གསལ་ཡི་གེ་རྨང་གཞི་ཡིན་པའི་ཀྲོང་ཡིག་གསར་བཟོ་བྱས་པ་དང་།  1982ལོར་ཡང་བསྐྱར་བཟོ་བཅོས་མཛད།  འོན་ཀྱང་ལ་ཏིང་དབྱངས་གསལ་ཡི་གེ་རྨང་གཞི་བྱས་པའི་ཀྲོང་ཡིག་གསར་པ་དེ་མཐོང་ཆེན་དང་དར་སྤེལ་འགྲོ་མ་ཐུབ་ལ།  ཀྲོང་རིགས་ཀྱི་སློབ་གསོའི་ཁྲོད་དུའང་ཚུད་མ་ཐུབ་པས་མིང་ཙམ་ལས་དོན་སྙིང་ཅི་ཡང་མེད་པར་གྱུར།

3_2 རྒྱན་གོས།

ཀྲོང་རིགས་གཞོན་ནུའི་གྱོན་ཆས་རྒྱ་རིགས་དང་འདྲ་ལ་མཐའ་འཁོབ་ས་ཁུལ་དུ་སྔར་བཞིན་རང་མི་རིགས་ཀྱི་གྱོན་པའི་ཁྱད་ཆོས་རྒྱུན་འཛིན་བྱས་ཡོད།.jpg  སྔོན་པོ་དང་ནག་པོ། རྫ་མདོག་གསུམ་ནི་ཀྲོང་རིགས་ཀྱི་གྱོན་གོས་ཀྱི་མདོག་གཙོ་བོ་ཡིན་ལ། སྐྱེས་པ་ཚོས་གོང་བ་མེད་པའི་སྟོད་ལྭ་དང་རྐང་སྣམ་རིང་བོ་གོན་ཞིང་སྐེ་རགས་བཅིངས་པ་དང་རས་དཀར་བོའི་མགོ་རིས་དཀྲིས་ཡོད།

3_3 བཟའ་བཏུང་།

ཀྲོང་རིགས་མི་དམངས་ཧ་ཅང་དགའ་བའི་ཟས་ནི་མདོག་ལྡན་ཆང་འབྲས་ཡིན། ཆང་འབྲས་དེ་ནི་ལས་སྣོན་བྱས་ནས་བཙོས་རྗེས་མདོག་སྣ་ཁ་དྲུག་ཙམ་མངོན་ལ་ཟས་ན་ཧ་ཅང་ཞིམ། དེ་མིན་ཚོད་མ་བསྙལ་བའི་སྐྱུར་ཟས་དང་། ཉ་ཤ་ལེབ་མོ་ཟ་བར་ཤིན་ཏུ་དགའ།  ཟས་གཙོ་བོ་ནི་འབྲས་དང་མ་རྨོས་ལོ་ཏོག་ཡིན།

3_4 ཆོས་ལུགས་དད་མོས།

ཀྲོང་རིགས་ཀྱིས་རང་བྱུང་ཁམས་དང་མེས་པོར་དད་མོས་བྱེད་པ་དང་།  ཐང་དང་སུང་རྒྱལ་རབས་ཀྱི་རྗེས་ནས་ནང་བསྟན་དང་ཏའོ་ཅའོ་ཆོས་ལུགས་སྔ་རྗེས་སུ་དར་ནས་དགོན་སྡེ་བཙུགས། 1858ལོའི་རྗེས་ནས་གནམ་བདག་ཆོས་ལུགས་དར་ཞིང་། 1862ལོར་ཡེ་ཤུའི་ཆོས་ལུགས་དར་མོད།  འོན་ཀྱང་དར་སྤེལ་ཆེན་པོ་འགྲོ་མ་ཐུབ།

3_5 མི་ཚེ་ཆོ་སྒྲུབ།

ཀྲོང་རིགས་འདུས་སྡོད་བྱེད་པའི་ས་གནས་སུ་ད་དུང་མག་པར་འགྲོ་བའི་སྲོལ་དེ་རྒྱུན་འཛིན་བྱས་ཡོད། མག་པ་དེ་ཁྱིམ་ཚང་དང་སྡེ་མི་ཚང་མས་བརྩི་བཀུར་བྱེད་པས་རང་སྡེའི་སྐྱེས་པ་གཞན་དང་འདྲ་མཉམ་ཡིན། ཀྲོང་རིགས་ཀྱི་འདས་མཆོད་ཐད་ལ་རང་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་ཡོད་དེ།  ཁོ་ཚོར་འདས་མཆོད་ཐེངས་གཉིས་བྱེད་པའི་སྲོལ་ཡོད། དེ་ཡང་མི་ཤི་ནས་དུར་དུ་བཅུགས་ནས་ལོ་གསུམ་གྱི་རྗེས་སུ་ཡང་བསྐྱར་དུར་ལས་སློག་སྟེ་ཀེང་རུས་རྫ་བུམ་དུ་འཇོག་པ་དང་། ཉིན་བཟང་དུས་བཟང་ཞིག་ལ་རྫ་བུམ་དེ་བྲག་ཕུག་ཏུ་དུར་ལ་འཇོག་པ་ཡིན། དེ་མིན་རྐྱེན་ངན་ལས་འཆི་བར་ངེས་པར་དུ་སྦྱིན་སྲེག་གཏོང་བ་ཡིན།

3_6 དུས་ཆེན།

ཀྲོང་རིགས་ལ་སྲོལ་རྒྱུན་གྱི་དུས་ཆེན་མང་པོ་ཞིག་འདུག་སྟེ། ཕལ་ཆེར་ཟླ་རེ་རེར་དུས་ཆེན་རེ་ཡོད། དཔེར་ན། ལོ་སར་དང་གསུམ་པའི་ཚེས་གསུམ། བདུན་པའི་.jpgཚེས་བཅུ་བཞི་བཅས་ནི་ཀྲོང་རིགས་ཀྱི་དུས་ཆེན་གལ་ཆེན་དག་ཡིན། དེ་མིན་གཉིས་པའི་ཚེས་གཉིས་དང་། བཞི་བའི་ཚེས་བརྒྱད། ལྔ་པའི་ཚེས་ལྔའི་དུས་ཆེན། དྲུག་པའི་ཚེས་དྲུག བདུན་པའི་ཚེས་བདུན། བརྒྱད་པའི་བཅོ་ལྔ་སོགས་དུས་ཆེན་མང་པོ་འདུག ཀྲོང་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཏེ་ཟླ་གསུམ་པའི་ཚེས་གསུམ་གྱི་གླུ་གར་ནི་ཧ་ཅང་གཟབ་རྒྱས་ཆེ་ཞིང་གཙོ་བོ་ཕན་ཚུན་བར་དུ་གླུ་ལེན་རེས་བྱེད་པ་དེ་ཡིན།

ཀྲོང་རིགས་མི་དམངས་ཀྱི་ལོ་སར་ལ་རང་གི་ཁྱད་ཆོས་ཡོད། ཚེས་གཅིག་གི་ནངས་མོར་བུད་མེད་ཚོ་ཆུ་ལེན་དུ་འགྲོ་དུས་གོན་པ་གསར་བ་གྱོན་ཞིང་ལག་ཏུ་ནོར་དང་རྟ། ལུག ཕག ཁྱི། བྱི་བ་བཅས་ཀྱི་མཚོན་པའི་རྡོ་བཟུང་ནས་དེ་དག་གི་སྐད་ལ་ལད་མོ་བྱེད་ལ། དེ་ནི་ཕྱུགས་རིགས་འཕེལ་བའི་རྟེན་འབྲེལ་མཚོན་པ་དང་། ཆུ་ཁུར་ནས་ཕྱིར་བསླེབས་རྗེས་ཆུའི་ནང་དུ་ཀ་ར་ནག་པོ་དང་སྨྱུག་མའི་ལོ་མ། ཙོང་གི་མེ་ཏོག ལྒ་སྨུག་བཅས་འཕངས་ནས་གདུས་རྗེས་ཁྱིམ་གང་བོ་དང་མགྲོན་པོ་ཚོས་མཉམ་དུ་འཐུང་ནས་ལོ་སར་ལ་རོལ་པ་དེ་ནི་མི་ཚང་མ་སྤྱང་གྲུང་འཛོམ་པའི་ཆེད་དུ་ཡིན།

3_7 སྒྱུ་རྩལ།

ཀྲོང་རིགས་མི་དམངས་གླུ་གར་ལ་མཁས་ཤིང་དམངས་གཞས་ལེན་པར་དེ་བས་དགའ། ལུགས་རྙིང་གི་ཟླ་གསུམ་པའི་ཚེས་གསུམ་ལ་གླུ་ཚོགས་བསྡུ་བ་དང་། མི་ཁྲི་ལྷག་མཉམ་དུ་འཛོམས་ནས་གླུ་ལེན་རེས་བྱེད་ལ། གླུ་ཡི་ནང་དོན་ཐད་ལའང་གདན་འདྲེན་པ། གླུ་སློང་བ། ཕན་ཚུན་ལེན་རེས། གྱེས་གླུ། མཛའ་གཞས་སོགས་མང་པོ་འདུག མིང་དུ་གྲགས་པའི་ལིའུ་སན་ཅའེ་ནི་ཀྲོང་རིགས་གླུ་གཞས་ཀྱི་ཚབ་མཚོན་གླུ་མ་ཡིན། ཟངས་རྔ་ནི་ཀྲོང་རིགས་ཀྱི་རོལ་ཆས་ཤིག་ཡིན་པ་མ་ཟད། ཁེ་དབང་དང་རྒྱུ་ནོར་གྱི་མཚོན་རྟགས་ཀྱང་ཡིན་ལ། ཀྲོང་རིགས་ཀྱི་ཟངས་རྔ་ལ་ལོ་ངོ2000ལྷག་གི་ལོ་རྒྱུས་ལྡན།

3_8 ལུས་རྩལ།

ཀྲོང་རིགས་མི་དམངས་ཀྱི་སྲོལ་རྒྱུན་ལུས་རྩལ་བྱ་འགུལ་ལ་ཕྲག་ཤིང་རྒྱག་པ་དང་། དར་མདུང་གྲུ་གུ་གཡུག་པ་སོགས་ཡོད། ལུས་རྩལ་བྱ་འགུལ་དེ་དག་བརྒྱུད་ནས་གཞོན་ནུ་ཕོ་མོ་མི་ཉུང་བ་ཞིག་གི་བར་དུ་མཛའ་བརྩེ་ཆགས་ཤིང་། ཕན་ཚུན་རྒྱུས་ལོན་རྗེས་ཐུན་མོང་གིས་ངལ་རྩོལ་ལ་འབད་བརྩོན་བྱེད་བཞིན་ཡོད།

3_9 རྩོམ་རིག

ཀྲོང་རིགས་ཀྱི་རྩོམ་རིག་གཙོ་བོ་ནི་ངག་རྒྱུན་རྩོམ་ཡིག་ཡིན། དེའི་ནང་དུ་ལྷ་སྒྲུང་དང་གཏམ་རྒྱུད། ངག་རྒྱུན། གླུ་སོགས་འདུས། ཀྲོང་རིགས་ནི་གླུ་ལེན་པར་མཁས་པའི་མི་རིགས་ཤིག་ཡིན། མིང་དུ་གྲགས་ཤིང་ཀུན་ལ་ཁྱབ་པའི་ལིའུ་སན་ཅའེ་ཡི་ངག་རྒྱུན་དང་གླུ་དབྱངས་དག་ལ་མང་ཚོགས་ཀྱིས་དགའ་བསུ་ཐོང་ཅིང་། ཀྲོང་རིགས་མི་དམངས་ཀྱིས་ལས་སྣོན་བྱས་པ་དང་ཕུན་ཚོགས་སུ་བཏང་བ་བརྒྱུད།གཏམ་རྒྱུད་ཀྱི་བྱུང་རིམ་ཚད་མཐོན་པོ་ཞིག་ལ་བསླེབས་པས། རིགས་སོ་སོའི་མི་དམངས་ཀྱིས་དགའ་མགུ་ཡི་རང་བྱེད་ཀྱིན་ཡོད།


བརྡ་འགྲེལ་གདོང་འཛར།

སྤྱི་ཚོགས། མི་རིགས། ཀྲོང་རིགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-13

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།