ཨ་ཁྲང་རིགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་ཁྲང་རིགས།
ཨ་ཁྲང་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན་ལ། གཙོ་བོ་ཡུན་ནན་ཞིང་ཆེན་གྱི་ཏེ་ཧོང་ཏའེ་རིགས་དང་ཅིང་ཕོ་རིགས་རང་སྐྱོང་ཁུལ་གྱི་ལུང་ཁྲོན་དང་ལིང་ཧི་སོགས་རྫོང་ཁག་ཏུ་འདུས་སྡོད་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
阿昌族
ཕྱི་ཡིག་གི་མིང་།
Achang people
སྐད་ཡིག
ཨ་ཁྲང་སྐད་དང་ཡི་གེ་མེད།
མི་གྲངས།
39555(2010ལོར་སྡོམ་རྩིས་བྱས་པ)
ཆོས་ལུགས།
གདོད་མ་དང་མེས་པོ། ནང་བསྟན་ཐེག་ཆུང་།
སྡོད་གནས།
ཡུན་ནན་ཞིང་ཆེན་གྱི་ཏེ་ཧོང་ཏའེ་རིགས་དང་ཅིང་ཕོ་རིགས་རང་སྐྱོང་ཁུལ་གྱི་ལུང་ཁྲོན་དང་ལིང་ཧི་སོགས་རྫོང་ཁག་ཏུ་འདུས་སྡོད་བྱས་ཡོད།
1 ངོ་སྤྲོད།

ཨ་ཁྲང་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན་ལ། གཙོ་བོ་ཡུན་ནན་ཞིང་ཆེན་གྱི་ཏེ་ཧོང་ཏའེ་རིགས་དང་ཅིང་ཕོ་རིགས་.jpgརང་སྐྱོང་ཁུལ་གྱི་ལུང་ཁྲོན་དང་ལིང་ཧི་སོགས་རྫོང་ཁག་ཏུ་འདུས་སྡོད་བྱས་ཡོད་ཅིང་། སྤྱི་ལོ2010ལོའི་རྒྱལ་ཡོངས་མི་གྲངས་བརྩིས་བཤེར་ཐེངས་དྲུག་པ་ལས་བསྡོམས་པས་མི་གྲངས39555ལྷག་ཡོད། ཁོ་ཚོར་མི་རིགས་རང་གི་སྐད་ཡོད་པ་ལས་ཡི་གེ་མེད་པས་ཡོངས་ཁྱབ་ཏུ་རྒྱ་ཡིག་དང་ཏའེ་ཡིག་བཀོལ་སྤྱོད་བྱེད་བཞིན་ཡོད་ལ། རྒྱ་བོད་སྐད་ཁོངས་ཀྱི་བོད་འབར་སྐད་རིགས་དང་དེའི་འབར་མའི་སྐད་ལག་ཏུ་གཏོགས།

2 ཡུལ་སྲོལ་གོམས་གཤིས།

ཨ་ཁྲང་རིགས་ཀྱི་མི་དམངས་ཀྱི་གཤིས་ཀར་སྤྲོ་སྣང་ལྡན་ལ། དམངས་གླུ་ལེན་པར་མཁས། གུས་པ་ཆེན་པོས་མགྲོན་པོ་བསུ་ལ། རྒན་རབས་ལ་ལྷག་ཏུ་བརྩི་བཀུར་བྱེད་པ་དང་། མི་རིགས་དེའི་སྐྱེས་པ་ཚོས་གཞུང་གཤགས་སྟོད་ཐུང་དང་མདོག་ནག་པོའི་རྐང་སྣམ་གོན་པ་དང་། མགོ་དཀྲིས་དཀྲི་བ། བུད་མེད་རྣམས་ཀྱིས་སྤྱིར་བཏང་དུ་གཞུང་གཤགས་སྟོད་ཐུང་དང་སྨད་གཡོགས་སྦུབས་མ་གོན་པར་དགའ།

3 རིག་གནས།

ཨ་ཁྲང་རིགས་ཀྱི་རྩོམ་རིག་ནི་གཙོ་བོ་ངག་ཐོག་གི་རྩོམ་རིག་ཡིན། སྲིད་པ་ཆགས་པའི་དོན་བརྗོད་སྙན་ངག《ཀྲའེ་མ་དང་ཀྲའེ་སྨིས་མ》ཡིས་.jpgཨ་ཁྲང་རིགས་ཀྱི་ཕ་མེས་ཡང་མེས་ཀྱིས་རང་བྱུང་ཁམས་ལ་འགྲེལ་བཤད་བྱས་པ་མཚོན་ཡོད་པས། ཨ་ཁྲང་རིགས་ཀྱི་ལོ་རྒྱུས་དང་ཆོས་ལུགས། ཡུལ་སྲོལ་བཅས་ལ་ཞིབ་འཇུག་གི་རིན་ཐང་ངེས་ཅན་ཞིག་ལྡན། དེ་མིན་ཨ་ཁྲང་རིགས་ཀྱི་བཟོ་བཀོད་མཛེས་རྩལ་ཐད་དུ་གཙགས་དྲུབ་དང་བརྐོས་རིས། དངུལ་ཆས་བཟོ་བ་སོགས་ཡོད་ཅིང་། ཁྱད་པར་དུ་བརྐོས་རིས་ལག་རྩལ་གྱི་ཆུ་ཚད་ཤིན་ཏུ་མཐོ།

4 ཆོས་ལུགས་དད་མོས།

གདོད་མའི་ཆོས་ལུགས་ལ་དད་པ་དང་མེས་པོ་ལ་དད་པ་བྱེད་ཅིང་། ས་ཁུལ་ཁ་ཤས་ཤིག་ཐེག་ཆུང་ནང་བསྟན་ཆོས་ལུགས་ལ་དད་པ་བྱེད་ཀྱིན་ཡོད།

5 དུས་ཆེན།

ཨ་ཁྲང་རིགས་ལ་ཡ་མཚན་པའི་ལུགས་སྲོལ་ཞིག་ཡོད་པ་ནི་ལུགས་རྙིང་གི་ཟླ8པའི་ཚེས15ཟླ་མཆོད་དུས་ཆེན་ལ་ཐོན་དུས། མི་རྣམས་ཀྱིས་ནངས་ཇ་མ་འཐུང་བའི་སྔོན་ལ་ཐོག་མར་སྒོར་ཁྱིར་ལྟོ་སྡུད་ངེས་ཡིན་ཞིང་། དཔྱང་ཐག་རྩེ་བ་ནི་ཨ་ཁྲང་རིགས་ཀྱི་ལོ་སར་དུས་ཆེན་སྐབས་ཀྱི་ལུས་རྩལ་བྱ་འགུལ་གཙོ་བོ་ཞིག་ཡིན། ཧུའུ་ལས་ས་ཁུལ་དུ་གནས་པའི་ཨ་ཁྲང་རིགས་ཀྱིས་སངས་རྒྱས་ཆོས་ལུགས་ཀྱི་ཐེག་པ་ཆུང་ངུའི་ལུགས་ལ་དད་པ་བྱེད་ཅིང་། ལེང་ཧི་ས་ཁུལ་དུ་གནས་པའི་ཨ་ཁྲང་རིགས་ཀྱིས་ལྷ་འདྲེ་ལ་དད་པ་བྱེད། ས་ཁུལ་ཁ་ཤས་ལ་རྒྱའི་ཤན་ཞུགས་ནས་མེས་པོར་མཆོད་བཀུར་བྱེད་པའང་ཡོད། ཨ་ཁྲང་རིགས་ལ་ལྷ་འདྲེར་མཆོད་བཀུར་བྱེད་པའི་བྱ་འུལ་མང་བོ་ཡོད་ལ། དེ་དག་གི་ཁྲོད་ནས་ཀྱང་ས་བདག་ལ་མཆོད་པ་ཆེས་མང་སྟེ། མི་ལ་ན་ཚ་མེད་པ་དང་ཕྱུགས་ལ་གོད་ཁ་མེད་པ། ཞིང་ལ་ལོ་ལེགས་འབྱུང་བ་སོགས་ཀྱི་ཆེད་ལོ་རེའི་ཟླ2པའི་ནང་དང་ཟླ5བའི་ཚེས28ཉིན། ཟླ6པའི་ཚེས5ཉིན་ས་བདག་ལ་མཆོད་པའི་སྲོལ་ཡོད་དོ།།


བརྡ་འགྲེལ་གདོང་འཛར།

སྤྱི་ཚོགས། མི་རིགས། ཨ་ཁྲང་རིགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-08-16

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།