ཡོངས་འཛིན་རིག་མཛོད། >ཚན་རིག >རྩིས་དངོས་རྫས། > དངོས་ལུགས།

འོད་ཁྱབ་སྤེལ།

འོད་ནི་མཁའ་རླུང་དང་། ཆུ། ཤེལ་སྒོ་སོགས་དྭངས་གསལ་དངོས་པོའི་ཁྲོད་དུ་ཁྱབ་སྤེལ་བྱེད་ཐུབ། དངོས་པོ་འདི་དག་ལ་བར་རྫས་ཟེར། བར་རྫས་སྙོམས་པོའི་ནང་དུ་འོད་ནི་དྲང་ཐིག་ལྟར་ཁྱབ་སྤེལ་བྱེད། འོད་ཁུངས་དེ་འོད་འཕྲོ་ཐུབ་པའི་ཚེག་ཅིག་ཏུ་བལྟས་ཆོག་སྟེ། ཚེག་འོད་ཁུངས་ཟེར། མིག་སྔར་སྟོང་སངས་སུ་འོད་ཀྱི་འགྲོས་ཚད་ཀྱི་ཆེས་ཡིད་རྟོན་རུང་བའི་གྲངས་ཐང་ནི c=299 792 458m∕sཡིན།

རིགས་དབྱེ།  

ཁབ་ལེན་ར་བ།

ཁབ་ལེན་ནི་མཐོང་མི་ཐུབ་པ་དང་རེག་མི་ཐུབ་པའི་དངོས་པོ་ཞིག་ཡིན། གློག་འདོན་འཕྲུལ་འཁོར། ཁ་པར། བརྙན་འཕྲིན། དེ་མིན་གློག་རྡུལ་རྩིས་འཁོར་དང་གློག་ཤུགས་དཔྱད་ཆས་སོགས་དང་འབྲལ་ཐབས་མེད། འདི་དག་ཚང་མ་ཁབ་ལེན་ར་བའི་སྣང་ཚུལ་དང་འབྲེལ་བ་ཡོད། ཁབ་ལེན་ར་བའི་སྣང་ཚུལ་དེ་གློག་གི་སྣང་ཚུལ་དང་གྱེས་ཐབས་མེད་པའི་འབྲེལ་བ་ཡོད་དེ། གློག་གི་སྣང་ཚུལ་མང་པོར་ཁབ་ལེན་ར་བའི་སྣང་ཚུལ་ལྡན།

རིགས་དབྱེ།  

ཁབ་ལེན་སྤྱིན་ཐག

སྒྲ་གཏོང་གིས་སྐད་སྒྲ་སྒྲ་ཟློས་གློག་རྒྱུན་དུ་བསྒྱུར་ནས་ཇེ་ཆེར་བཏང་རྗེས་སྒྲ་ཕབ་ལེན་མགོར་སྐྱེལ་བ་རེད། སྒྲ་ཕབ་ཁབ་ལེན་མགོ་ནི་དོན་དངོས་སུ་རྨིག་དབྱིབས་ཅན་གྱི་གློག་གི་ལྕགས་ཁབ་ལེན་ཡིན། སྣེ་གཉིས་བར་ཐག་ཧ་ཅང་ཉེ་ཞིང་། དཀྱུལ་དུ་སྲུབས་ཀ་ཞིག་མ་གཏོགས་མེད། ཁབ་ལེན་མགོ་ཧྲིལ་བོ་ལྕགས་རིགས་ཀྱི་ཕྱི་སྐོགས་ནང་དུ་བཏུམས་ཡོད།

རིགས་དབྱེ།  

གློག་ཁབ་ལེན།

སྟོང་སངས་སུ་གློག་ཁབ་ལེན་རླབས་ཀྱི་ཁྱབ་སྤེལ་འགྲོས་ཚད་འོད་ཀྱི་འགྲོས་ཚད་དང་མཚུངས་ཤིང་། ཧ་ལམC=3.0×108m∕Sཡིན། གློག་ཁུར་ལས་གློག་ར་འབྱུང་ཐུབ་པ་མ་ཟད། འགྱུར་བཞིན་པའི་ཁབ་ལེན་ར་བ་ལས་ཀྱང་གློག་ར་འབྱུང་ཐུབ། གློག་རྒྱུན་ལས་ཁབ་ལེན་ར་བ་འབྱུང་ཐུབ་མ་ཟད། འགྱུར་བཞིན་པའི་གློག་ར་ལས་ཀྱང་ཁབ་ལེན་ར་བ་འབྱུང་ཐུབ།

རིགས་དབྱེ།  

གློག་གཏོང་སྣང་ཚུལ།

གནོན་མཐོ་གློག་ལྡན་གཟུགས་འདྲེན་གཟུགས་དང་བཅར་བ་ཧ་ཅང་ཉེ་སྐབས། གློག་ར་དྲག་པོས་དེ་དག་བར་གྱི་མཁའ་རླུང་སྐད་ཅིག་ཙམ་ལ་གློག་གྱེས་འབྱུང་དུ་འཇུག་སྲིད། གློག་གྱེས་པའི་མཁའ་རླུང་བརྒྱུད་དེ་གློག་ཁུར་གློག་རྒྱུན་དུ་གྲུབ་པ་རེད། གློག་ལྡན་སྤྲིན་ཕུང་ཆགས་རིམ་བར་རམ་ཡང་ན་གློག་ལྡན་སྤྲིན་ཕུང་ཆགས་རིམ་དང་ས་ངོས་བར་གློག་གཏོང་དྲག་པོ་འབྱུང་སྐབས། མིག་འཚེར་བའི་འཁྱུག་འོད་དང་སྒྲ་ཆེན་པོ་འབྱུང་བ།

རིགས་དབྱེ།  

གློག་ཚོར།

གློག་ཚོར་དཀྲིས་སྐུད་དང་འོད་དཀར་གློག་ཞུ་ཕྲེང་འབྲེལ་བྱས་ཏེ་སྔ་གཞུག་ཏུ་གློག་གནོན་འདྲ་བའི་དྲང་རྒྱུག་གློག་ཁུངས་དང་སྤེལ་རྒྱུག་གློག་ཁུངས་སུ་སྦྲེལ་ན། དྲང་རྒྱུག་གློག་ཁུངས་སུ་མཐུད་རྗེས་གློག་ཞུ་ཅུང་གསལ་བ་དང་། སྤེལ་རྒྱུག་གློག་ཁུངས་སུ་མཐུད་རྗེས་གློག་ཞུ་ཅུང་མུན་པ་མཐོང་ཐུབ། དྲང་རྒྱུག་གློག་ལམ་ནང་དུ། གློག་གནོནUདང་། གློག་རྒྱུནIདང་། གློག་འགོགRབཅས་བར་གྱི་འབྲེལ་བ་ཨོ་མུ་གཏན་སྲོལ་དང་མཐུན་པ་ཡིན།

རིགས་དབྱེ།  

གློག་རའི་དྲག་ཚད།

གློག་ར་ནང་གི་ཚེག་ག་གེ་མོའི་གློག་ཁུར་ལ་ཐེབས་པའི་གློག་རའི་ཤུགསFདང་དེའི་གློག་ཁུར་ཚདQཡི་སྡུར་ཐང་ལ་ཚེག་དེའི་གློག་རའི་དྲག་ཚད་ཟེར། རྟགསEཡི་མཚོན།

རིགས་དབྱེ།  

གློག་རླབས་ཁྱབ་སྤེལ།

རླབས་ཐག་མི་འདྲ་བའི་གློག་ཁབ་ལེན་རླབས་ལ་ཁྱབ་སྤེལ་གྱི་ཁྱད་གཤིས་མི་འདྲ་བ་ལྡན། རྒྱུན་པར་སྐུད་མེད་གློག་རླབས་ཁྱབ་སྤེལ་བྱེད་ཚུལ་ལ་རིགས་གསུམ་ཡོད་པ་སྟེ། ས་རླབས་དང་། གནམ་རླབས། དྲང་ཐིག་ལྟར་ཁྱབ་སྤེལ་བྱེད་པའི་རླབས་བཅས།

རིགས་དབྱེ།  

གློག་སྟོབས་ཁྱད།

གློག་ཁུར་གློག་རའི་ནང་དུ་སྤོར་འགུལ་བྱེད་སྐབས། གློག་རའི་ཤུགས་ཀྱིས་རྩོལ་བ་འདོན་པ་ཡིན། གློག་ཁུར་གཅིག་ཚེག་གཅིག་ནས་སྤོར་འགུལ་བྱས་ཏེ་ཚེག་གཞན་ཞིག་ཏུ་སླེབ་སྐབས། གློག་རའི་ཤུགས་ཀྱིས་རྩོལ་བ་བཏོན་པ་ཇི་ལྟར་མང་ན། ཚེག་འདི་གཉིས་བར་གྱི་གློག་སྟོབས་ཁྱད་དེ་ལྟར་ཆེ་བ་ཡིན། རྒྱུན་བཀོལ་འཇལ་བྱེད་ལ་ཝོལ་ཐི(V)དང་བསྡུས་ན་ཝོལ་ཟེར། ཧའོ་ཧྥུ(mV) ཝོལ་ཧྥུ(μv) སྟོང་ཝོལ(kV)སོགས།

རིགས་དབྱེ།  

དངོས་པོ་ཆགས་གཞི།

སྤུས་རྡུལ་དང་མ་ནིང་རྡུལ་གྱིས་མ་རྡུལ་ཉིང་གྲུབ་པ་དང་མ་རྡུལ་ཉིང་དང་གློག་རྡུལ་གྱིས་མ་རྡུལ་གྲུབ། གློག་རྡུལ་དང་། སྤུས་རྡུལ། མ་ནིང་རྡུལ་བཅས་ནི་དངོས་པོ་འགྲུབ་བྱེད་ཀྱི་ཆེས་གཞི་རྩའི་རིལ་རྡུལ་ཡིན།

རིགས་དབྱེ།  

བརྙན་འཕྲིན།

བརྙན་འཕྲིན་རྒྱང་བསྒྲགས་སུ་རྒྱུན་པར་སྨི་རླབས་སྤྱོད་པ་ཡིན། དེ་གེགས་དངོས་ལས་ལྡོག་འཕྲོ་བྱེད(དཔེར་ན་རི་བོ་དང་། བཟོ་བཀོལ་སོགས་ལྟ་བུ)སླ། བརྙན་འཕྲིན་གནམ་སྐུད་ཀྱིས་བརྡ་རྟགས་དྲག་པོ་སྡུད་ལེན་བྱས་རྗེས། ཡང་མུ་མཐུད་དུ་གེགས་དངོས་ལས་ལྡོག་འཕྲོ་བྱས་པའི་བརྡ་རྟགས་ཞན་པ་སྡུད་ལེན་བྱེད་པ་ཡིན། བརྡ་རྟགས་འདི་གཉིས་བསླེབས་པའི་དུས་ཚོད་ཧ་ཅང་ཉེ་བས་བརྙན་ཡོལ་སྟེང་དུ་གྲིབ་བརྙན་དྲག་ཞན་གཉིས་མངོན་པ(བརྩེགས་བརྙན)ཡིན།

རིགས་དབྱེ།  

མ་རྡུལ་ཉིང་།

ར་ཟེར་ཧྥོར་གྱིས་ཕྱོགས་སོ་སོར་ཐོར་འཕྲོ་བྱས་པའིαརིལ་རྡུལ་གྱི་གྲངས་ཀ་སྡོམ་རྩིས་ཞིབ་ཅིང་དག་པ་བྱས། རྨང་གཞི་དེའི་སྟེང་དུ་མ་རྡུལ་གྱི་ཉིང་དབྱིབས་ཆགས་ཚུལ་གྱི་དཔེ་དབྱིབས་བཏོན་པ་སྟེ། མ་རྡུལ་གྱི་ལྟེ་བར་ཉིང་ཧ་ཅང་ཆུང་བ་ཞིག་ཡོད། དེ་ལ་མ་རྡུལ་ཉིང་ཟེར། མ་རྡུལ་གྱི་གློག་ཁུར་ཕོ་ཡོད་ཚད་དང་སྤུས་ཚད་ཡོད་ཚད་ཕལ་ཆེ་བ་མ་རྡུལ་ཉིང་གི་ནང་དུ་འདུས་པ་དང་། མོ་གློག་ལྡན་པའི་གློག་རྡུལ་དེ་ཉིང་ཕྱིའི་བར་སྟོང་དུ་འགུལ་སྐྱོད་བྱེད་པ་རེད།

རིགས་དབྱེ།  

འཁྱོག་ཐིག་འགུལ་སྐྱོད།

འཁྱོག་ཐིག་འགུལ་སྐྱོད་ཁྲོད་དུ་འགྲོས་ཚད་ཀྱི་ཁ་ཕྱོགས་ནི་ནམ་ཡིན་རུང་འགྱུར་བཞིན་པ་ཡིན་ལ། གནས་ག་གེ་མོ་ཞིག་གི་སྤུས་གནས་ཀྱི་འགྲོས་ཚད་ཀྱི་ཁ་ཕྱོགས་ནི་འཁྱོག་ཐིག་གི་གནས་དེའི་ཕྲད་ཐིག་ཁ་ཕྱོགས་ཡིན། འགུལ་སྐྱོད་དངོས་གཟུགས་ལ་ཐེབས་པའི་སྡོམ་ཤུགས་ཀྱི་ཁ་ཕྱོགས་དང་དེའི་འགྲོས་ཚད་ཀྱི་ཁ་ཕྱོགས་དྲང་ཐིག་གཅིག་གི་ཐོག་ཏུ་མེད་ཚེ། དངོས་གཟུགས་འཁྱོག་ཐིག་འགུལ་སྐྱོད་བྱེད་པ་རེད། འགུལ་སྐྱོད་དངོས་གཟུགས་ཀྱི་འགྲོས་སྣོན་ཚད་ཀྱི་ཁ་ཕྱོགས་ནི་དེར་ཐེབས་པའི་སྡོམ་ཤུགས་ཀྱི་ཁ་ཕྱོགས་དང་འདྲ་མཚུངས་ཡིན།

རིགས་དབྱེ།  

འཕྲུལ་ཆས་ནུས།

དངོས་གཟུགས་མི་འདྲ་བས་རྩོལ་བ་རིགས་འདྲ་འདོན་པར་བཀོལ་བའི་དུས་ཚོད་མི་འདྲ། གསལ་བོར་བཤད་ན་རྩོལ་བ་འདོན་པའི་དལ་མགྱོགས་མི་འདྲ། ལྗིད་འདེགས་འཕྲུལ་འཁོར་ཞིག་གིས1minནང1tཅན་གྱི་ཚོང་ཟོག་དེ་སྔར་གཏན་ཁེལ་བྱས་པའི་མཐོ་ཚད་དུ་འདེགས་ཐུབ། ལྗིད་འདེགས་འཕྲུལ་འཁོར་གཞན་ཞིག་གིས30sཙམ་གྱིས་དེ་དང་འདྲ་བའི་རྩོལ་བ་འདོན་ཐུབ། རྒྱལ་སྤྱིའི་འཇལ་བྱེད་ལུགས་སུ། རྩོད་ཕྱོད་ཀྱི་འཇལ་བྱེད་ནི་ཝ་ཐེ་ཡིན་ཞིང་། བསྡུས་མིང་ལ་ཝ་ཟེར། མཚོན་རྟགས་ནིWཡིན། 1W=1J/sཝ་ཞེས་པའི་འཇལ་བྱེད་འདི་ཅུང་ཆུང་བས་ལག་རྩལ་ཐད་དུ་རྒྱུན་པར་སྟོང་ཝ(kW)བཀོལ་ནས་རྩོལ་ཕྱོད་ཀྱི་འཇལ་བྱེད་བྱེད་པ་ཡིན། 1kW=1000W རྩོད་ཕྱོད་ལ་ཤུགས་དང་འགྲོས་ཚད་ཀྱིས་ཀྱང་མཚོན་ཆོག་པ་སོགས་བསྟན།

རིགས་དབྱེ།  

འཕྲུལ་ཆས་རླབས།

འཕྲེད་མདའ(χམདའ)དང་གཞུང་མདའ(yམདའ)བཀོད་ན། འཕྲེད་རླབས་འདིའི་དཔེ་རིས་ཤིག་ཐོབ་པ་ཡིན། སྤུས་གནས་སོ་སོའི་དོ་མཉམ་གནས་ཚང་མχམདའ་ཐིག་སྟེང་དུ་གནས་པ་དང་། འཁྱོག་ཐིག་སྟེང་གི་གནས་སོ་སོའི་གཞུང་གནས་ཚད་ཀྱིས་དུས་མཚམས་གཅིག་གི་སྤུས་གནས་སོ་སོའི་དོ་མཉམ་གནས་སྤོ་མཚོན་པ་ཡིན། སྤུས་གནས་འདར་འགུལ་བྱེད་པའི་ཁ་ཕྱོགས་དེ་རླབས་ཁྱབ་སྤེལ་བྱེད་པའི་ཁ་ཕྱོགས་དང་དྲང་འཕྱང་དུ་གནས། རླབས་འདི་ལྟ་བུ་ལ་འཕྲེད་རླབས་ཟེར།

རིགས་དབྱེ།  

འོད་གློག་ནུས་སྣང་།

དངོས་གཟུགས་ལས་གློག་རྡུལ་འཕྲོ་གཏོང་བྱེད་པའི་སྣང་ཚུལ་ལ་འོད་གློག་ནུས་སྣང་ཟེར་བ་དང་། ཕྱིར་འཕྲོ་གཏོང་བྱས་པའི་གློག་རྡུལ་ལ་འོད་གློག་རྡུལ་ཟེར། ནུས་ཚད་ཆ་ཤས་རེ་རེhνདང་མཚུངས་པར་སྙམ། དེའི་ནང་གིνནི་རྩིབས་འཕྲོའི་གློག་ཁབ་ལེན་རླབས་ཀྱི་ཟློས་ཕྱོད་ཡིན་པ་དང་། hནི་རྒྱུན་ཚད་ཅིག་ཡིན་ཏེ་ཕི་ལན་ཁི་རྒྱུན་ཚད་ཟེར།

རིགས་དབྱེ།  

འོད་མདོག་ཐོར།

འོད་ཐིག་གྲུ་ཤེལ་ནང་དུ་འཕྲོ་སྐབས་འོད་ཧྲལ་བར་རྫས་ནས་འོད་སྟུག་བར་རྫས་སུ་ཞུགས་པའི་རྐྱེན་གྱིས་འོད་ཐིག་གཏན་ཐིག་གི་ཕྱོགས་སུ་བཅར་བ་དང་། འོད་ཐིག་གྲུ་ཤེལ་ནས་ཕྱིར་འཕྲོ་སྐབས་དེ་ལས་ལྡོག་སྟེ། གཏན་ཐིག་དང་རྒྱང་རིང་བ་རེད། གྲུ་ཤེལ་ནི་འཕྲེད་བཅད་ངོས་ཟུར་གསུམ་དབྱིབས་ཡིན་པའི་གྲུ་གསུམ་ཤེལ་ཡིན། བསྡུས་མིང་ལ་གྲུ་ཤེལ་ཟེར།

རིགས་དབྱེ།  

འོད་སྐོར་འཕྲོ།

རླབས་ཐག་སྨུག་ཕྱིའི་ཐིག་ལས་ལྷག་པར་ཐུང་བའི་འོད་ལXའཕྲོ་ཐིག་ཟེར་ལ། རོན་ཅེན་འཕྲོ་ཐིག་ཀྱང་ཟེར། Xའཕྲོ་ཐིག་གི་རྟོལ་ཤུགས་ཧ་ཅང་དྲག་པས། གསོ་བ་རིག་པའི་ཐད་དུ་མི་ལུས་ལ་གློག་པར་རྒྱག་པར་བཀོལ་བ་རེད། དེ་ལས་གཞན་ད་དུང་རོན་ཅེན་འཕྲོ་ཐིག་གི་རླབས་ཐག་ལས་ལྷག་པར་ཐུང་བའི་གློག་ཁབ་ལེན་རླབས་ཡོད་པ་དེ་ནིγའཕྲོ་ཐིག་ཡིན།

རིགས་དབྱེ།  

འོད།

ལྡོག་འཕྲོའི་འོད་ཐིག་དང་། ཚུར་འཕྲོའི་འོད་ཐིག་མཚམས་ངོས་ཀྱི་གཏན་ཐིག་བཅས་ངོས་སྙོམས་གཅིག་གི་སྟེང་དུ་གནས་ཤིང་། ལྡོག་འཕྲོའི་འོད་ཐིག་དང་ཚུར་འཕྲོའི་འོད་ཐིག་སོ་སོ་གཏན་ཐིག་གི་ལོགས་གཉིས་སུ་གནས། ལྡོག་འཕྲོའི་ཟུར་ཚུར་འཕྲོའི་ཟུར་དང་འདྲ་མཚུངས་ཡིན།

རིགས་དབྱེ།  

ཡང་ཉིང་འདུས་འགྱུར།

ཡང་ཉིང་ཁ་ཤས་ལྷན་གཅིག་ཏུ་འདྲེས་སྦྱོར་བྱས་ནས་མ་རྡུལ་ཉིང་ཅུང་ཆེ་བ་ཞིག་འགྲུབ་ཐུབ། ཉིང་འགྱུར་འབྱུང་འདི་རིགས་ལ་འདུས་འགྱུར་ཟེར། འདུས་འགྱུར་འགྱུར་འབྱུང་ལས་ཕྱིར་བཏང་བའི་ནུས་ཚད་དེ་བས་ཀྱང་མང་། ཏེའུ་ཉིང་གཅིག་དང་ཕྲིམ་ཉིང་གཅིག་འདྲེས་སྦྱོར་བྱས་ནས་ཧེལ་ཉིང་གཅིག་ཏུ་གྲུབ་སྐབས། ནུས་ཚད17.6MeVཕྱིར་གཏོང་བ་དང་། ཉིང་རྡུལ་རེས་ཆ་སྙོམས་ཀྱིས་ཕྱིར་བཏང་བའི་ནུས་ཚད3MeVགྱི་ཡན་ཡིན།

རིགས་དབྱེ།  

རླབས་ཐེ་གཏོགས།

ཟློས་ཕྱོད་འདྲ་བའི་རླབས་རྩེག་སྣོན་བྱེད་སྐབས། བར་སྟོང་གི་མཚམས་ཁོངས་ཁ་ཤས་ཤིག་གི་འདར་རྒྱ་ཇེ་ཆེར་འགྱུར་བ་དང་། མཚམས་ཁུངས་གཞན་ཁ་ཤས་ཀྱི་འདར་རྒྱ་ཇེ་ཆུང་དུ་འགྱུར་བ་ཤེས། སྣང་ཚུལ་འདི་ལ་རླབས་ཀྱི་ཐེ་གཏོགས་ཟེར།

རིགས་དབྱེ།  

རླབས་ཐག

འདར་འགུལ་བྱེད་རིམ་ཁྲོད་ཀྱི་གནས་སྤོ་ནམ་ཡང་འདྲ་མཚུངས་ཡིན་པའི་སྤུས་གནས་བར་གྱི་བར་ཐག་ལ་རླབས་ཐག་ཟེར། རླབས་ཐག་ལ་རྒྱུན་དུ་གསལ་བྱེད་ཡི་གེλཡིས་མཚོན་པ་ཡིན། རླབས་ཀྱི་འགྲོས་ཚད་རྒྱུན་དུ་གསལ་བྱེད་ཡི་གེυཡི་མཚོན་པ་ཡིན། ཟློས་ཕྱོད་ཀྱིས་འཇལ་བྱེད་དུས་ཚོད་ནང་དུ་བརྒྱུད་པའི་ལངས་འཇགས་ཀྱི་ཐེངས་གྲངས་མཚོན་ཞིང་། ལངས་འཇགས་ཆ་ཚང་རེ་རེའི་རིང་ཚད་ཀྱང་རླབས་ཐག་དང་མཚུངས་པའི་རྐྱེན་གྱིས། རླབས་ཐག་དང་ཟློས་ཕྱོད་ཀྱི་བསྒྱུར་ཐོབ་རླབས་ཀྱི་འགྲོས་ཚད་དང་མཚུངས། υ=λf

རིགས་དབྱེ།  

ལྗིད་ཉིང་གས་འགྱུར།

གས་འགྱུར་བྱུང་ནས་ཁྭོར་དང་པཱ་རུ་འགྱུར་བ་དང་། དུས་མཚུངས་སུ་མ་ནིང་རྡུལ3ཕྱིར་གཏོང་བ་རེད། ཡུ་ཉིང་གས་འགྱུར་འབྱུང་སྐབས་ནམ་ཡང་མ་ནིང་རྡུལ2~3ཕྱིར་གཏོང་བ་ཡིན། མ་ནིང་རྡུལ་འདི་དག་གིས་ཀྱང་ཡུ་ཉིང་གཞན་པ་གས་འགྱུར་བསློང་བ་རེད།

རིགས་དབྱེ།  

ལྡོག་འཕྲོ།

ཚུར་འཕྲོའི་ཟུར་ཇེ་ཆེར་འཕར་བའི་བྱ་རིམ་ནང་དུ་ཡོངས་རྫོགས་ལྡོག་འཕྲོ་འབྱུང་ཐུབ་པའི་སྐབས་ཀྱི་ཚུར་འཕྲོའི་ཟུར་ལ་ཡོངས་རྫོགས་ལྡོག་འཕྲོའི་འགྱུར་མཚམས་ཟུར་ཟེར། འོད་མཁའ་རླུང་ནས་ཚུར་འཕྲོའི་ཟུརiལྟར་དཀྱོག་འཕྲོའི་ཕྱོདnཡིན་པའི་བར་རྫས་ཀྱི་འགྱུར་མཚམས་སུ་འཕྲོ་སྐབས། དཀྱོག་འཕྲོའི་ཟུརrཡིན།

རིགས་དབྱེ།  

སྐུད་མེད་གློག་རླབས།

སྐུད་མེད་གློག་ལག་རྩལ་ཁྲོད་དུ་བཀོལ་བའི་གློག་ཁབ་ལེན་རླབས་ལ་སྐུད་མེད་གློག་རླབས་ཟེར། སྐུད་མེད་གློག་རླབས་ཀྱི་རླབས་ཐག་ཧའོ་སྨི་འགའ་ནས་སྟོང་སྨི་བཅུ་ཕྲག་འགའི་བར་ཡིན། རྒྱུན་པར་རླབས་ཐག་གམ་ཡང་ན་ཟློས་ཕྱོད་ལྟར་སྐུད་མེད་གློག་རླབས་ལ་རླབས་ཚན་དུ་མར་བགོས་པ་ཡིན།

རིགས་དབྱེ།  

གློག་གནོན་སྒྱུར་ཆས།

དངོས་བཀོལ་ཁྲོད་དུ་རྒྱུན་པར་སྤེལ་འགྱུར་གློག་རྒྱུན་གྱི་གློག་གནོན་བསྒྱུར་དགོས། གློག་འདོན་འཕྲུལ་འཁོར་ཆེ་གྲས་ཀྱིས་བཏོན་པའི་སྤེལ་རྒྱུག་གི་གློག་གནོན་ནི་ཝོལ་ཁྲི་ཕྲག་འགའ་ཡིན། འོན་ཀྱང་རྒྱང་ཐག་རིང་སར་གློག་འདྲེན་པར་ཝོལ་ཁྲི་ཚོ་བཅུ་ཕྲག་འགའི་གློག་གནོན་དགོས། གློག་སྤྱོད་སྒྲིག་ཆས་སྣ་ཚོགས་ལ་མཁོ་བའི་གློག་གནོན་ཡང་འདྲ་མཚུངས་མིན། གློག་སྒྲོན་དང་། གློག་ཐབ་སོགས་ཁྱིམ་སྤྱོད་གློག་ཆས་ལ་ཝོལ220Vཅན་གྱི་གློག་གནོན་དགོས་པ་དང་། འཁོར་སྟེགས་ཐོག་གི་འོད་འགྱེད་གློག་སྒྲོན་ལ36Vཅན་གྱི་བདེ་འཇགས་གློག་གནོན་དགོས། སྤྱིར་བཏང་གི་ཕྱེད་འདྲེན་གཟུགས་སྡུད་ཕབ་འཕྲུལ་འཁོར་གྱི་གློག་ཁུངས་གློག་གནོན10Vལས་མི་བརྒལ། བརྙན་འཕྲིན་འཕྲུལ་འཁོར་གྱི་བརྙན་སྦུག་ལ10000Vཡན་གྱི་གློག་གནོན་མཐོན་པོ་དགོས། གློག་གནོན་སྒྱུར་ཆས་འདི་རིགས་ལ་གནོན་འཕར་གློག་གནོན་སྒྱུར་ཆས་ཟེར། དེ་ལས་ལྡོག་པ་ལ་གནོན་འགྲིབ་གློག་གནོན་སྒྱུར་ཆས་ཟེར།

རིགས་དབྱེ།  

སྤེལ་འགྱུར་གློག་རྒྱུན།

གློག་རྒྱུན་འཇལ་ཆས་དང་གློག་ཞུ་ཆུང་བ་ཕྲེང་འབྲེལ་བྱས་ནས་གློག་འདོན་འཕྲུལ་འཁོར་གྱི་སྣེ་གཉིས་སུ་སྦྲེལ་ཏེ། གློག་འདོན་འཕྲུལ་འཁོར་གྱི་ཡུ་བ་བསྐོར་ན། ཁབ་ལེན་སྣེ་གཉིས་བར་གྱི་དཀྲིས་སྐུད་ཀྱང་དེ་དང་བསྟུན་ནས་འཁོར་འགུལ་བྱེད་པ་རེད།

རིགས་དབྱེ།  

སྤེལ་རྒྱུག

གློག་འདོན་བཟོ་གྲྭའི་ནང་གི་སྤེལ་རྒྱུག་གློག་འདོན་འཕྲུལ་འཁོར་གྱི་གྲུབ་ཚུལ་ནི་རྙོག་འཛིང་ཆེ་མོད། འོན་ཀྱང་རྩ་བའི་གྲུབ་ཆ་ཡང་ལྟོས་འབྱུང་གློག་སྒུལ་སྟོབས་འབྱུང་བའི་དཀྲིས་སྐུད(རྒྱུན་པར་གློག་རྐང་ཟེར)དང་ཁབ་ལེན་ར་བ་འབྱུང་བའི་ཁབ་ལེན་སྣེ་ཡིན། གློག་རྐང་འཁོར་འགུལ་བྱེད་ཅིང་། ཁབ་ལེན་སྣེ་མི་འགུལ་བའི་གློག་འདོན་འཕྲུལ་འཁོར་ལ་གློག་རྐང་འཁྱིལ་འཁོར་ཅན་གྱི་གློག་འདོན་འཕྲུལ་འཁོར་ཟེར།

རིགས་དབྱེ།  

འགུག་ཤུགས།

རང་བྱུང་ཁམས་སུ་དངོས་གཟུགས་གང་རུང་གཉིས་ཕན་ཚུན་འགུལ་འདྲེན་བྱེད་པ་ཡིན། འགུག་ཤུགས་ཀྱི་ཆེ་ཆུང་ནི་དངོས་གཟུགས་དེ་གཉིས་ཀྱི་སྤུས་ཚད་ཀྱི་བསྒྱུར་ཐོབ་དང་མཐུན་སྡུར་དུ་གྲུབ་པ་དང་། དེ་དག་གི་བར་ཐག་གི་རང་ཉིས་སྒྱུར་དང་ལྡོག་སྡུར་དུ་གྲུབ།

རིགས་དབྱེ།  

ཀུན་ལྡན་འགུག་ཤུགས།

ཀུན་ལྡན་འགུག་ཤུགས་བཀོལ་ན་གནམ་གཟུགས་ཀྱི་སྤུས་ཚད་བརྩི་ཐུབ། དེའི་རྩ་བའི་བསམ་ཕྱོགས་ནི། རྒྱུ་སྐར(ཡང་ན་སྲུང་སྐར)འགུལ་སྐྱོད་བྱེད་པའི་གནས་ཚུལ་གཞིར་བཟུང་ནས། རྒྱུ་སྐར(ཡང་ན་སྲུང་སྐར)གྱི་ལྟེ་ཕྱོགས་འགྲོས་སྣོན་ཚད་བརྩི་བ། ལྟེ་ཕྱོགས་ཤུགས་ནི་ཀུན་ལྡན་འགུག་ཤུགས་ཀྱིས་འདོན་སྤྲོད་བྱས་པ་ཡིན། དེ་ལྟར་མཉམ་བྱ་བཀོད་ན་ལྟེ་གནས་གནམ་གཟུགས(ཉི་མའམ་ཡང་ན་རྒྱུ་སྐར)ཀྱི་སྤུས་ཚད་བརྩི་ཐུབ།

རིགས་དབྱེ།