ཁབ་ལེན་ར་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁབ་ལེན་ར་བ།
ཁབ་ལེན་ནི་མཐོང་མི་ཐུབ་པ་དང་རེག་མི་ཐུབ་པའི་དངོས་པོ་ཞིག་ཡིན། གློག་འདོན་འཕྲུལ་འཁོར། ཁ་པར། བརྙན་འཕྲིན། དེ་མིན་གློག་རྡུལ་རྩིས་འཁོར་དང་གློག་ཤུགས་དཔྱད་ཆས་སོགས་དང་འབྲལ་ཐབས་མེད། འདི་དག་ཚང་མ་ཁབ་ལེན་ར་བའི་སྣང་ཚུལ་དང་འབྲེལ་བ་ཡོད། ཁབ་ལེན་ར་བའི་སྣང་ཚུལ་དེ་གློག་གི་སྣང་ཚུལ་དང་གྱེས་ཐབས་མེད་པའི་འབྲེལ་བ་ཡོད་དེ། གློག་གི་སྣང་ཚུལ་མང་པོར་ཁབ་ལེན་ར་བའི་སྣང་ཚུལ་ལྡན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
磁场
དབྱིན་ཡིག་གི་མིང་།
magnetic field
1 ཁབ་ལེན་ར་བ།

磁场.png

ཉིན་རྒྱུན་གྱི་འཚོ་བའི་ནང་ང་ཚོས་སྣང་ཚུལ་འདི་འདྲ་ཞིག་མཐོང་སྲིད་པ་སྟེ། ལྕགས་ཁབ་ལེན་ཞིག་ལྕགས་ཁབ་ལེན་གཞན་ཞིག་ཏུ་བཅར་སྐབས། ལྕགས་ཁབ་ལེན་གཉིས་ཀྱི་ཁབ་ལེན་སྣེའི་བར་དུ་ཕན་ཚུན་བྱེད་ནུས་ཤུགས་འབྱུང་སྲིད། འདི་གློག་ཁུར་གཉིས་ཀྱི་བར་ཕན་ཚུན་བྱེད་ནུས་འདོན་པའི་གནས་ཚུལ་དང་འདྲ་བ་སྟེ། ཁབ་ལེན་སྣེ་ཕན་ཚུན་འཕྲད་མེད་རུང་། དེ་དག་བར་དུ་ཡང་ཤུགས་ཀྱི་བྱེད་ནུས་ཡོད།  གློག་ཁུར་བར་གྱི་ཞི་གློག་ཤུགས་ནི་གློག་ར་བརྒྱུད་ནས་བྱུང་བ་ཡིན། དེ་དང་འདྲ་བར། ཁབ་ལེན་སྣེ་བར་གྱི་ཕན་ཚུན་བྱེད་ནུས་ནི་ཁབ་ལེན་ར་བ་བརྒྱུད་ནས་བྱུང་བ་ཡིན། བར་སྟོང་དུ་ཁབ་ལེན་སྣེ་ལ་ཁབ་ལེན་ར་བ་བྱུང་བ་དང་། ཁབ་ལེན་ར་བས་དེའི་ནང་གི་ཁབ་ལེན་སྣེ་ལ་ཁབ་ལེན་ཤུགས་ཀྱི་བྱེད་ནུས་འདོན་པ་ཡིན།

2 གློག་རྒྱུན།

电流.png QQ图片20151125174030.pngཁབ་ལེན་གཟུགས་ལས་ཁབ་ལེན་ར་བ་འབྱུང་ཐུབ་མོད། འོན་ཀྱང་དེ་ནི་ཁབ་ལེན་ར་བའི་འབྱུང་ཁུངས་ཉག་གཅིག་མ་ཡིན། གནའ་བོའི་དུས་རབས18པར་མི་ལ་ལས་གློག་འཁྱུག་པ་དེས་གྲི་ཆུང་དང་། ཁེམ་བུ་སོགས་རྣོ་ལྕགས་ཀྱི་བཟོས་རྫས་ཁབ་ལེན་གཟུགས་སུ་བསྒྱུར་ཐུབ་པར་ལྟ་ཞིབ་བྱས་པ་དང་། དེ་མིན་མི་ཁ་ཤས་ཀྱིས་ལེ་ཏེན་དམ་བེ་ལས་གློག་གཏོང་བའི་ཐབས་ཀྱིས་རྣོ་ཁབ་ལེན་ཅན་དུ་བསྒྱུར་བ་རེད། སྟེས་དབང་གིས་ལྟ་ཞིབ་བྱས་པའི་སྣང་ཚུལ་འདི་དག་ལས་གློག་དང་ཁབ་ལེན་བར་འབྲེལ་བ་ག་གེ་མོ་ཞིག་ཡོད་པ་མཚོན་མོད། འོན་ཀྱང་སྐབས་དེར་མི་རྣམས་ཀྱིས་དམིགས་ཡུལ་ཡོད་པའི་དངོས་བཤེར་བརྒྱུད་ནས་སྡོམ་ཚིག་གསལ་བོ་ཞིག་ཕྱོགས་བསྡུས་བྱེད་མ་ཐུབ། 1820ལོར། ཏེན་མག་གི་དངོས་ལུགས་རིག་པ་བ་ཨེར་སི་ཐི(1777-1851)ཡིས་དངོས་བཤེར་ཞིག་བྱས་ཏེ་གློག་ཁབ་ལེན་རིག་པར་ཞིབ་འཇུག་བྱེད་པ་མདུན་དུ་གོམ་ཆེན་གཅིག་སྤོ་རུ་བཅུག   ཁོས་ཁབ་ལེན་ཁབ་ཀྱི་གོང་ཕྱོགས་སུ་འདྲེན་སྐུད་ཅིག་བཤིབས་ནས་བཞག་སྟེ།  འདྲེན་སྐུད་ལ་གློག་རྒྱུ་རུ་བཅུག་ཚེ་ཁབ་ལེན་ཁབ་ཀྱི་འགྲམ་དུ་ལྕགས་ཁབ་ལེན་ཞིག་བཞག་པ་དང་འདྲ་བར་ཁབ་ལེན་ཁབ་ཡོ་འཁོར་བྱེད་པ་མཐོང་། དངོས་བཤེར་འདི་ལས་གློག་རྒྱུན་ལས་ཀྱང་ཁབ་ལེན་ར་བ་འབྱུང་ཐུབ་པ་དང་། གློག་གི་སྣང་ཚུལ་དང་ཁབ་ལེན་སྣང་ཚུལ་ལ་འབྲེལ་བ་དམ་པོ་ཡོད་པ་གསལ་བཤད་བྱས།

3 ཁ་ཕྱོགས།

方向.png

ཁབ་ལེན་ཁབ་ཆུང་ལྕགས་ཁབ་ལེན་གྱི་ཁབ་ལེན་ར་བའི་ནང་དུ་བཞག་ན། ཁབ་ལེན་ཁབ་ཆུང་ལ་ཁབ་ལེན་ར་བའི་ཤུགས་ཀྱི་བྱེད་ནུས་ཐེབས་པས། ཞི་འཇགས་སུ་གནས་སྐབས་དེའི་སྣེ་གཉིས་ཁ་ཕྱོགས་ངེས་ཅན་དུ་འཁོར་ཡོད། ཁབ་ལེན་ར་བའི་ནང་གི་ཚེག་མི་འདྲ་སར། ཁབ་ལེན་ཁབ་ཆུང་ཞི་འཇགས་ཡིན་སྐབས་བསྟན་པའི་ཁ་ཕྱོགས་འདྲ་མཚུངས་ཡིན་པའི་ངེས་པ་མེད། དོན་དངོས་འདིས་ཁབ་ལེན་ར་བར་ཁ་ཕྱོགས་རང་བཞིན་ཡོད་པ་མཚོན། ཁབ་ལེན་ར་བའི་ནང་གི་ཚེག་གང་རུང་ཞིག་གི་ཁབ་ལེན་ཁབ་ཆུང་གི་བྱང་སྣེར་ཐེབས་པའི་ཤུགས་ཀྱི་ཁ་ཕྱོགས་ནི་ཚེག་དེའི་ཁབ་ལེན་ར་བའི་ཁ་ཕྱོགས་ཡིན་པར་གཏན་ཁེལ་བྱས།


4 གཏན་སྲོལ།

ཁབ་ལེན་དྲག་ཚད་ནིHཡིས་མཚོན་པ་དང་། སྟུག་ཚདBཡི་མཚོན་པ། སྡུད་འདྲེན་ཕྱོདཡི་མཚོན། སྡུད་འགྱུར་དྲག་ཚདMཡི་མཚོན་ན།


བརྡ་འགྲེལ་གདོང་འཛར།

ཚན་རིག དངོས་ལུགས། ཁབ་ལེན་ར་བ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-02

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།