འབྲེལ་ཡོད་དབྱེ་ཞིབ་ནི་གོ་གནས་འདྲ་མཚུངས་སུ་གནས་པའི་སྐབས་བསྟུན་འགྱུར་ཚད་གཉིས་སམ་གཉིས་ཡན་བར་གྱི་འབྲེལ་ཡོད་ཀྱི་འབྲེལ་བར་ཞིབ་འཇུག་བྱེད་པའི་བསྡོམས་རྩིས་དབྱེ་ཞིབ་བྱེད་ཐབས་ཤིག་ཡིན། དཔེར་ན། མིའི་གཟུགས་པོའི་རིང་ཚད་དང་ལུས་པོའི་ལྗིད་ཚད་བར། མཁའ་རླུང་ཁྲོད་ཀྱི་བལྟོས་བཅས་བརླན་ཚད་དང་ཆར་ཆུ་འབབ་ཚད་བར་གྱི་འབྲེལ་ཡོད་ཀྱི་འབྲེལ་བ་ཚང་མ་ནི་འབྲེལ་ཡོད་དབྱེ་ཞིབ་ཞིབ་འཇུག་གི་གནད་དོན་ཡིན། འབྲེལ་ཡོད་དབྱེ་ཞིབ་ཀྱིས་སྐབས་བསྟུན་འགྱུར་ཚད་བར་གྱི་འབྲེལ་ཡོད་ཁྱད་ཆོས་སྣ་ཚོགས་ཤེས་རྟོགས་བྱེད་པ་གཙོ་བོར་བཟུང་ཡོད། འབྲེལ་ཡོད་དབྱེ་ཞིབ་དེ་བཟོ་ལས་དང་ཞིང་ལས། ཆུ་རྒྱུ། གནམ་གཤིས་དང་། སྤྱི་ཚོགས་དཔལ་འབྱོར། སྐྱེ་དངོས་རིག་པ་སོགས་ཀྱི་ཐད་བཀོལ་སྤྱོད་བྱེད་བཞིན་ཡོད།
རྐྱེན་ཆ་དབྱེ་ཞིབ་ཞེས་པ་ནི་འགྱུར་ཚད་ཚོགས་ཀྱི་ཁྲོད་ནས་ཐུན་མོང་རང་བཞིན་གྱི་རྐྱེན་ཆ་ལེན་པའི་བསྡོམས་རྩིས་ལག་རྩལ་ལ་ཞིབ་འཇུག་བྱེད་པར་ཟེར། དབྱིན་ཇིའི་སེམས་ཁམས་རིག་པ་བC.E.སི་ཕི་ཨེར་མན་གྱིས་ཐོག་མར་བཏོན་པ་ཡིན། ཁོང་གིས་སློབ་མའི་སྦྱང་ཚན་སོ་སོའི་སྦྱངས་འབྲས་ཀྱི་བར་དུ་འབྲེལ་བ་ངེས་ཅན་ཞིག་ཡོད་པ་ཤེས་རྟོགས་བྱུང་སྟེ། སྦྱང་ཚན་ཁག་གཅིག་གི་སྦྱངས་འབྲས་བཟང་བའི་སློབ་མ་རྣམས་ལ་སྦྱངས་ཚན་གཞན་པའི་སྦྱངས་འབྲས་ཀྱང་ཅུང་ལེགས་པོ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་མི་མངོན་པའི་ཐུན་མོང་རང་བཞིན་གྱི་རྒྱུ་རྐྱེན་ཁ་ཤས་ཡོད་མེད་དང་། ཡང་ན་སྤྱིར་བཏང་གི་རིག་སྟོབས་ཆ་རྐྱེན་ཁ་ཤས་ཀྱིས་སློབ་མའི་སློབ་སྦྱོང་གི་སྦྱངས་འབྲས་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་ཅེས་ཚོད་དཔག་བྱས། རྐྱེན་ཆ་དབྱེ་ཞིབ་ཀྱིས་འགྱུར་ཚད་མང་པོ་ཞིག་གི་ཁྲོད་ནས་སྦས་པའི་མཚོན་བྱེད་རང་བཞིན་ལྡན་པའི་རྐྱེན་ཆ་རྙེད་ཐུབ་པ་ཡིན། ངོ་བོ་གཅིག་མཚུངས་ཡིན་པའི་འགྱུར་ཚད་དེ་རྐྱེན་ཆ་གཅིག་གི་ནང་དུ་བཞག་ན། འགྱུར་ཚད་ཀྱི་གྲངས་ཀ་ཇེ་ཉུང་དུ་གཏོང་ཐུབ་པ་མ་ཟད། ད་དུང་འགྱུར་ཚད་བར་གྱི་འབྲེལ་བའི་ཚོད་དཔག་ལ་ཞིབ་བཤེར་བྱེད་ཐུབ་པ་ཡིན།
སྒོར་དབྱིབས་ནི་མདའི་ཆ་འགྲིག་རིས་དབྱིབས་ཡིན། ཚངས་ཐིག་གང་རུང་ཞིག་གི་གནས་སའི་དྲང་ཐིག་ཚང་མ་ནི་དེའི་ཆ་འགྲིག་མདའ་ཡིན།
བསྒྱུར་རྩིས་མན་ངག་ནི་ཀྲུང་གོའི་གནའ་རབས་ཀྱི་རྡེལ་རྩིས་ཁྲོད་བསྒྱུར་ཐབས་དང་བགོད་ཐབས། རང་བསྒྱུར་སོགས་རྩིས་རྒྱག་བྱེད་ཀྱི་རྩ་བའི་རྩིས་རྒྱག་ལུགས་སུ་བཀོལ་ཏེ་ད་ལྟའི་བར་ལོ་ངོ་སྟོང་ཕྲག་གཉིས་ལྷག་གི་ལོ་རྒྱུས་ལྡན་པ་ཡིན།
ཚབ་རྩིས་རིག་པ་ནི་གྲངས་རིག་ཁྲོད་ཆེས་གལ་འགངས་ཆེ་ལ། རྨང་གཞིར་གྱུར་བའི་ཤེས་བྱ་ཞིག་ཡིན་ཞིང་། དེ་ནི་མིའི་རིགས་ཀྱི་འཚོ་བ་དང་། ཐོན་སྐྱེད། ལག་རྩལ། ཚན་རིག གྲངས་རིག་རང་སྟེང་གི་དགོས་མཁོ་ལ་བསྟེན་ནས་བྱུང་བ་དང་འཕེལ་རྒྱས་ཕྱིན་པ་ཞིག་ཡིན། དེ་ལ་དུས་ཡུན་རིང་བའི་ལོ་རྒྱུས་ལྡན་ཡོད།
《ཆིང་ཧྭ་སློབ་ཆེན་གྱི་གློག་རྡུལ་དང་ཆ་འཕྲིན་ལག་རྩལ་རབ་དང་རིམ་པའི་སློབ་དེབ། གྲངས་འཛིན་བརྡ་རྟགས་ཐག་གཅོད། རིགས་པའི་གཞུང་ལུགས་ཀྱི་རྩིས་ཐབས་དང་མངོན་འགྱུར》ཞེས་པ་ནི་ཆིང་ཧྭ་སློབ་ཆེན་དཔེ་སྐྲུན་ཁང་གིས་སྤྱི་ལོ2003ལོའི་ཟླ8པའི་ཚེས1ཉིན་པར་སྐྲུན་བྱས་པའི་དཔེ་དེབ་ཅིག་ཡིན།
ཐུན་མོང་གི་སྣེ་ཚེག་ཡོད་པའི་འཕྲོ་ཐིག་གཉིས་ལས་གྲུབ་པའི་རིས་དབྱིབས་ལ་ཟུར་ཟེར། ཐུན་མོང་གི་སྣེ་ཚེག་ནི་ཟུར་གྱི་རྩེ་ཚེག་ཡིན་ལ། འཕྲོ་ཐིག་དེ་གཉིས་ནི་ཟུར་གྱི་མཐའ་གཉིས་ཡིན། མཚོན་རྟགས་ནི"∠"ཡིན།
རང་སྒྱུར་དབྱེ་བྱའི་གྲངས་སུ་རང་སྒྱུར་ཡོངས་སུ་ཕྱེ་ཐུབ་པའི་རྐྱེན་གྲངས་སམ་རྐྱེན་ཚུལ་དང་མ་ཆ་མི་འདུས་པ་ཡིན།
ཐེངས་གཉིས་གཞི་ཚུལ་གྱི་སྣོན་འཕྲི་རྩི་སྐབས། ཐོག་མར་ཐེངས་གཉིས་གཞི་ཚུལ་དེ་ཆེས་བསྡུས་ཐེངས་གཉིས་གཞི་ཚུལ་དུ་ཕབ་པ་དང་། དེ་ནས་རང་སྒྱུར་དབྱེ་བྱའི་གྲངས་མཚུངས་པའི་ཐེངས་གཉིས་གཞི་ཚུལ་དག་མཉམ་སྒྲིལ་བྱེད་དགོས།