ཡོངས་འཛིན་རིག་མཛོད། >ཚན་རིག >རྩིས་དངོས་རྫས། >འཕྲོ་འགྱེད།

གློག་གྱེས་འགྱེད་འཕྲོ།

གློག་གྱེས་འགྱེད་འཕྲོ་ཞེས་པ་ནི་དངོས་པོའི་མ་རྡུལ་ལམ་ཆ་རྡུལ་ཁྲོད་ཀྱི་གློག་རྡུལ་རང་མོས་རྣམ་པར་འགྱུར་དུ་འཇུག་ཐུབ་པར་བྱས་ཏེ། མ་རྡུལ་དང་ཆ་རྡུལ་འདི་དག་ལ་གློག་གྱེས་སྣང་ཚུལ་འབྱུང་དུ་འཇུག་པའི་ནུས་ཚད་ཀྱི་འགྱེད་འཕྲོ་ལ་ཟེར། རླབས་ཐག100nmལས་ཆུང་ཞིང་། དེར་འཇིག་རྟེན་འཕྲོ་ཐིག་དང་། Xའཕྲོ་ཐིག འགྱེད་འཕྲོ་རང་བཞིན་གྱི་དངོས་པོའི་འགྱེད་འཕྲོ་བཅས་འདུས། གློག་གྱེས་འགྱེད་འཕྲོའི་ཁྱད་ཆོས་ནི་རླབས་རིང་ཐུང་དང་ཟློས་ཕྱོད་མཐོ་བ། ནུས་ཚད་མཐོ་བ་བཅས་ཡིན། གློག་གྱེས་འགྱེད་འཕྲོ་ནི་མ་རྡུལ་དང་ཆ་རྡུལ་ཡང་ན་འཆིང་ཐག་རྣམ་པ་གཞན་དག་ལས(ionize)གློག་རྡུལ་གཅིག་གམ་ཁ་ཤས་ཕྱིར་གཏོང་ཐུབ། གློག་གྱེས་འགྱེད་འཕྲོ་ནི་དངོས་རྫས་གློག་གྱེས་འཕྲོ་སློང་ཐུབ་པའི་སྤྱི་མིང་ཡིན། དེའི་རིགས་ཧ་ཅང་མང་། མྱུར་བགྲོད་གློག་ལྡན་རིལ་རྡུལ་ལαརིལ་རྡུལ་དང་། βརིལ་རྡུལ། རྒྱུ་རྡུལ་བཅས་ཡོད། གློག་མེད་རིལ་རྡུལ་ལ་བར་རྡུལ་དང་། Xའཕྲོ་ཐིག γའཕྲོ་ཐིག་བཅས་ཡོད།

རིགས་དབྱེ།  

འཕྲོ་ནུས་རང་བཞིན་གྱི་ཐན།

​འཕྲོ་ནུས་རང་བཞིན་གྱི་ཐཱན་ཞེས་པ་ནི་ཐཱན་གྱི་འཕྲོ་ནུས་ལྡན་པའི་གནས་མཐུན་རྒྱུ་ལ་ཟེར་ཞིང་། ཡིག་འབྲུ“C”ལྟར་ཡང་འབྲི།

རིགས་དབྱེ།