ཡོངས་འཛིན་རིག་མཛོད། >ཚན་རིག >རྩིས་དངོས་རྫས།

སྤེལ་འགྱུར་གློག་རྒྱུན།

གློག་རྒྱུན་འཇལ་ཆས་དང་གློག་ཞུ་ཆུང་བ་ཕྲེང་འབྲེལ་བྱས་ནས་གློག་འདོན་འཕྲུལ་འཁོར་གྱི་སྣེ་གཉིས་སུ་སྦྲེལ་ཏེ། གློག་འདོན་འཕྲུལ་འཁོར་གྱི་ཡུ་བ་བསྐོར་ན། ཁབ་ལེན་སྣེ་གཉིས་བར་གྱི་དཀྲིས་སྐུད་ཀྱང་དེ་དང་བསྟུན་ནས་འཁོར་འགུལ་བྱེད་པ་རེད། རྒྱ་ཡིག་གི་མིང་། 交变电流 ཕྱི་ཡིག་གི་མིང་། alternating current སྤེལ་འགྱུར། གློག་རྒྱུན་འཇལ་ཆས་དང་གློག་ཞུ་ཆུང་བ་ཕྲེང་འབྲེལ་བྱས་ནས་གློག་འདོན་འཕྲུལ་འཁོར་གྱི་སྣེ་གཉིས་སུ་སྦྲེལ་ཏེ། གློག་འདོན་འཕྲུལ་འཁོར་གྱི་ཡུ་བ་བསྐོར་ན། ཁབ་ལེན་སྣེ་གཉིས་བར་གྱི་དཀྲིས་སྐུད་ཀྱང་དེ་དང་བསྟུན་ནས་འཁོར་འགུལ་བྱེད་པ་རེད།

རིགས་དབྱེ།   ཚན་རིགརྩིས་དངོས་རྫས།

འོད།

ལྡོག་འཕྲོའི་འོད་ཐིག་དང་། ཚུར་འཕྲོའི་འོད་ཐིག་མཚམས་ངོས་ཀྱི་གཏན་ཐིག་བཅས་ངོས་སྙོམས་གཅིག་གི་སྟེང་དུ་གནས་ཤིང་། ལྡོག་འཕྲོའི་འོད་ཐིག་དང་ཚུར་འཕྲོའི་འོད་ཐིག་སོ་སོ་གཏན་ཐིག་གི་ལོགས་གཉིས་སུ་གནས། ལྡོག་འཕྲོའི་ཟུར་ཚུར་འཕྲོའི་ཟུར་དང་འདྲ་མཚུངས་ཡིན། རྒྱ་ཡིག་གི་མིང་། 光 ཕྱི་ཡིག་གི་མིང་། light ལྡོག་འཕྲོ། ཉི་འོད་ཀྱིས་ཆུའི་ནང་གི་ཉ་དང་ཆུ་རྩྭ་གསལ་བོར་གཏོང་ཐུབ་པ་དང་། དུས་མཚུངས་སུ་ང་ཚོས་ཀྱང་ཆུ་ངོས་ནས་ཚ་ཟེར་ཆེ་བའི་ཉི་མའི་གཟུགས་བརྙན་མཐོང་ཐུབ། འདི་ལས་ཉི་འོད་མཁའ་རླུང་ནས་ཆུ་ངོས་སུ་འཕྲོ་སྐབས། འོད་ཁ་ཤས་ཆུའི་ནང་དུ་འཕྲོ་བ་དང་།

རིགས་དབྱེ།   ཚན་རིགརྩིས་དངོས་རྫས།

གློག་གནོན་སྒྱུར་ཆས།

དངོས་བཀོལ་ཁྲོད་དུ་རྒྱུན་པར་སྤེལ་འགྱུར་གློག་རྒྱུན་གྱི་གློག་གནོན་བསྒྱུར་དགོས། གློག་འདོན་འཕྲུལ་འཁོར་ཆེ་གྲས་ཀྱིས་བཏོན་པའི་སྤེལ་རྒྱུག་གི་གློག་གནོན་ནི་ཝོལ་ཁྲི་ཕྲག་འགའ་ཡིན། འོན་ཀྱང་རྒྱང་ཐག་རིང་སར་གློག་འདྲེན་པར་ཝོལ་ཁྲི་ཚོ་བཅུ་ཕྲག་འགའི་གློག་གནོན་དགོས། གློག་སྤྱོད་སྒྲིག་ཆས་སྣ་ཚོགས་ལ་མཁོ་བའི་གློག་གནོན་ཡང་འདྲ་མཚུངས་མིན། གློག་སྒྲོན་དང་། གློག་ཐབ་སོགས་ཁྱིམ་སྤྱོད་གློག་ཆས་ལ་ཝོལ220Vཅན་གྱི་གློག་གནོན་དགོས་པ་དང་། འཁོར་སྟེགས་ཐོག་གི་འོད་འགྱེད་གློག་སྒྲོན་ལ36Vཅན་གྱི་བདེ་འཇགས་གློག་གནོན་དགོས། སྤྱིར་བཏང་གི་ཕྱེད་འདྲེན་གཟུགས་སྡུད་ཕབ་འཕྲུལ་འཁོར་གྱི་གློག་ཁུངས་གློག་གནོན10Vལས་མི་བརྒལ། བརྙན་འཕྲིན་འཕྲུལ་འཁོར་གྱི་བརྙན་སྦུག་ལ10000Vཡན་གྱི་གློག་གནོན་མཐོན་པོ་དགོས། གློག་གནོན་སྒྱུར་ཆས་འདི་རིགས་ལ་གནོན་འཕར་གློག་གནོན་སྒྱུར་ཆས་ཟེར།

རིགས་དབྱེ།   ཚན་རིགརྩིས་དངོས་རྫས།

དངོས་པོ་ཆགས་གཞི།

སྤུས་རྡུལ་དང་མ་ནིང་རྡུལ་གྱིས་མ་རྡུལ་ཉིང་གྲུབ་པ་དང་མ་རྡུལ་ཉིང་དང་གློག་རྡུལ་གྱིས་མ་རྡུལ་གྲུབ། གློག་རྡུལ་དང་། སྤུས་རྡུལ། མ་ནིང་རྡུལ་བཅས་ནི་དངོས་པོ་འགྲུབ་བྱེད་ཀྱི་ཆེས་གཞི་རྩའི་རིལ་རྡུལ་ཡིན། རྒྱ་ཡིག་གི་མིང་། 物质的构成 སྨྱན་བར་རྡུལ། སྨྱན་བར་རྡུལ་ནི་ཕན་ཚུན་བར་དུ་བྱེད་ནུས་སྣ་ཚོགས་བརྒྱུད་སྤྲོད་བྱེད་པའི་རིལ་རྡུལ་ཏེ། དཔེར་ན། འོད་རྡུལ་དང་སྤྱིན་རྡུལ་ལྟ་བུ། འོད་རྡུལ་ནི་གློག་ཁབ་ལེན་གྱི་ཕན་ཚུན་བྱེད་ནུས་བརྒྱུད་སྤྲོད་བྱེད་པའི་རིལ་རྡུལ་ཡིན་པ་དང་།

རིགས་དབྱེ།   ཚན་རིགརྩིས་དངོས་རྫས།

འཕྲུལ་ཆས་རླབས།

འཕྲེད་མདའ(χམདའ)དང་གཞུང་མདའ(yམདའ)བཀོད་ན། འཕྲེད་རླབས་འདིའི་དཔེ་རིས་ཤིག་ཐོབ་པ་ཡིན། སྤུས་གནས་སོ་སོའི་དོ་མཉམ་གནས་ཚང་མχམདའ་ཐིག་སྟེང་དུ་གནས་པ་དང་། འཁྱོག་ཐིག་སྟེང་གི་གནས་སོ་སོའི་གཞུང་གནས་ཚད་ཀྱིས་དུས་མཚམས་གཅིག་གི་སྤུས་གནས་སོ་སོའི་དོ་མཉམ་གནས་སྤོ་མཚོན་པ་ཡིན། སྤུས་གནས་འདར་འགུལ་བྱེད་པའི་ཁ་ཕྱོགས་དེ་རླབས་ཁྱབ་སྤེལ་བྱེད་པའི་ཁ་ཕྱོགས་དང་དྲང་འཕྱང་དུ་གནས། རླབས་འདི་ལྟ་བུ་ལ་འཕྲེད་རླབས་ཟེར། རྒྱ་ཡིག་གི་མིང་། 机械波 ཕྱི་ཡིག་གི་མིང་། mechanical wave རླབས། རླབས་གླེང་ན། ཚང་མས་ཆུ་རླབས་ཡིད་ལ་འཆར་ངེས།

རིགས་དབྱེ།   ཚན་རིགརྩིས་དངོས་རྫས།

འོད་གློག་ནུས་སྣང་།

དངོས་གཟུགས་ལས་གློག་རྡུལ་འཕྲོ་གཏོང་བྱེད་པའི་སྣང་ཚུལ་ལ་འོད་གློག་ནུས་སྣང་ཟེར་བ་དང་། ཕྱིར་འཕྲོ་གཏོང་བྱས་པའི་གློག་རྡུལ་ལ་འོད་གློག་རྡུལ་ཟེར། ནུས་ཚད་ཆ་ཤས་རེ་རེhνདང་མཚུངས་པར་སྙམ། དེའི་ནང་གིνནི་རྩིབས་འཕྲོའི་གློག་ཁབ་ལེན་རླབས་ཀྱི་ཟློས་ཕྱོད་ཡིན་པ་དང་། hནི་རྒྱུན་ཚད་ཅིག་ཡིན་ཏེ་ཕི་ལན་ཁི་རྒྱུན་ཚད་ཟེར། རྒྱ་ཡིག་གི་མིང་། 光电效应 ཕྱི་ཡིག་གི་མིང་། Photoelectriceffect འོད་གློག ཕྱིས་ནས་འོད་ཆེམ་ཆེམ་བྱེད་པའི་ཏི་ཚ་ལེབ་མོ་ཞིག་གློག་བརྟག་ཆས་སུ་སྦྲེལ་ཏེ། ཏི་ཚ་ལེབ་མོའི་སྟེང་དུ་གཞུ་འོད་བཀར་ན། གློག་བརྟག་ཆས་ཀྱི་སྟོན་ཁབ་ཁ་ཕྱེ་སྟེ་ཏི་ཚ་ལེབ་མོ་ལ་གློག་ལྡན་པ་མཚོན།

རིགས་དབྱེ།   ཚན་རིགརྩིས་དངོས་རྫས།

གློག་ཁབ་ལེན།

སྟོང་སངས་སུ་གློག་ཁབ་ལེན་རླབས་ཀྱི་ཁྱབ་སྤེལ་འགྲོས་ཚད་འོད་ཀྱི་འགྲོས་ཚད་དང་མཚུངས་ཤིང་། ཧ་ལམC=3.0×108m∕Sཡིན། གློག་ཁུར་ལས་གློག་ར་འབྱུང་ཐུབ་པ་མ་ཟད། འགྱུར་བཞིན་པའི་ཁབ་ལེན་ར་བ་ལས་ཀྱང་གློག་ར་འབྱུང་ཐུབ། གློག་རྒྱུན་ལས་ཁབ་ལེན་ར་བ་འབྱུང་ཐུབ་མ་ཟད། འགྱུར་བཞིན་པའི་གློག་ར་ལས་ཀྱང་ཁབ་ལེན་ར་བ་འབྱུང་ཐུབ། རྒྱ་ཡིག་གི་མིང་། 电磁场 དབྱིན་ཡིག་གི་མིང་། electromagnetic field ཁྱད་ཆོས། གློག་ཁུར་ལས་གློག་ར་འབྱུང་ཐུབ་པ། མཚན་ཉིད། འགྱུར་བཞིན་པའི་ཁབ་ལེན་ར་བ་ལས་གློག་ར་འབྱུང་བ་དང་། འགྱུར་བཞིན་པའི་གློག་ར་ལས་ཁབ་ལེན་ར་བ་འབྱུང་བ་འདི་ནི་མར་ཁེ་སི་ཝེལ་རིགས་པའི་གཞུང་ལུགས་ཀྱི་སྲོག་ཤིང་ཆེན་པོ་གཉིས་ཡིན། རིགས་པའི་གཞུང་ལུགས་འདི་ལྟར་ན། འགྱུར་བཞིན་པའི་གློག་ར་དང་འགྱུར་བཞིན་པའི་ཁབ་ལེན་ར་བ་ནི་ཕན་ཚུན་འབྲེལ་བ་

རིགས་དབྱེ།   ཚན་རིགརྩིས་དངོས་རྫས།

རླབས་ཐག

འདར་འགུལ་བྱེད་རིམ་ཁྲོད་ཀྱི་གནས་སྤོ་ནམ་ཡང་འདྲ་མཚུངས་ཡིན་པའི་སྤུས་གནས་བར་གྱི་བར་ཐག་ལ་རླབས་ཐག་ཟེར། རླབས་ཐག་ལ་རྒྱུན་དུ་གསལ་བྱེད་ཡི་གེλཡིས་མཚོན་པ་ཡིན། རླབས་ཀྱི་འགྲོས་ཚད་རྒྱུན་དུ་གསལ་བྱེད་ཡི་གེυཡི་མཚོན་པ་ཡིན། ཟློས་ཕྱོད་ཀྱིས་འཇལ་བྱེད་དུས་ཚོད་ནང་དུ་བརྒྱུད་པའི་ལངས་འཇགས་ཀྱི་ཐེངས་གྲངས་མཚོན་ཞིང་། ལངས་འཇགས་ཆ་ཚང་རེ་རེའི་རིང་ཚད་ཀྱང་རླབས་ཐག་དང་མཚུངས་པའི་རྐྱེན་གྱིས། རླབས་ཐག་དང་ཟློས་ཕྱོད་ཀྱི་བསྒྱུར་ཐོབ་རླབས་ཀྱི་འགྲོས་ཚད་དང་མཚུངས། υ=λf རྒྱ་ཡིག་གི་མིང་། 波长 ཕྱི་ཡིག་གི་མིང་། Wavelength མཚན་ཉིད། ཕན་ཚན་ཉེ་ཞིང་། འདར་འགུལ་བྱེད་རིམ་ཁྲོད་ཀྱི་གནས་སྤོ་ནམ་ཡང་འདྲ་མཚུངས་ཡིན་པའི་སྤུས་གནས་བར་གྱི་བར་ཐག་ལ་རླབས་ཐག་ཟེར། གློག་ཁབ་ལེན་རླབས་ཀྱི་འགྲོས་ཚད་སྤྱི་འགྲོས་ནི། 

རིགས་དབྱེ།   ཚན་རིགརྩིས་དངོས་རྫས།

གློག་དང་སྡུད།

སྡུད་ཁབ་ཅིག་སྡུད་གཟུགས་ཀྱི་ཉེ་སར་ཁྱེར་ན། དེ་ཡོ་འཁོར་བྱེད་སྲིད། དེར་བལྟས་ན། སྡུད་གཟུགས་ཀྱི་མཐའ་སྐོར་དུ་དངོས་པོ་ཞིག་གནས་ཡོད་ལ། དེས་སྡུད་ཁབ་ཡོ་འཁོར་བྱེད་དུ་འཇུག་ཐུབ། དངོས་པོ་དེ་རིགས་མཐོང་མི་ཐུབ་ལ་རེག་ཏུའང་མེད། ང་ཚོས་དེར་སྡུད་ར(magnetic field)ཟེར། རྒྱ་ཡིག་གི་མིང་། 电与磁 གོ་དོན། གལ་ཏེ་སྡུད་ཁབ་ཅིག་སྡུད་གཟུགས་ཀྱི་ཉེ་སར་ཁྱེར་ན། དེ་ཡོ་འཁོར་བྱེད་སྲིད། དེར་བལྟས་ན། སྡུད་གཟུགས་ཀྱི་མཐའ་སྐོར་དུ་དངོས་པོ་ཞིག་གནས་ཡོད་ལ། དེས་སྡུད་ཁབ་ཡོ་འཁོར་བྱེད་དུ་འཇུག་ཐུབ་པ་ཤེས་ཐུབ།

རིགས་དབྱེ།   ཚན་རིགརྩིས་དངོས་རྫས།

སྤྱི་ཆིང་།

དེ་ནི་རྒྱ་ཁྱོན་རྩི་བའི་འཇལ་ཚད་སྡེ་ཚན་ཞིག་ཡིན། རྒྱ་ཡིག་གི་མིང་། 公顷 ཕྱི་ཡིག་གི་མིང་། hectare མཚོན་རྟགས། hm2 ངོ་སྤྲོད། དེ་ནི་རྒྱ་ཁྱོན་རྩི་བའི་འཇལ་ཚད་སྡེ་ཚན་ཞིག་ཡིན། དེའི་དོན་ནི་སྤྱི་ཆིང་ཡིན། སྤྱིར་བཏང་གི་སའི་རྒྱ་ཁྱོན་རྩི་ཚད་ཅིག་ཡིན། དཔེར་ན། ས་ཁུལ་ག་གེ་མོའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ག་ཚོད་ཡོད་པ་དང་། ཡང་ན་འདེབས་འཛུགས་ར་བའི་རྒྱ་ཁྱོན་ལ་སྤྱི་ཆིང་ག་ཚོད་ཡོད་པ་སོགས། སྤྱི་ཆིང་གཅིག་ཡོད་པའི་སའི་རྒྱ་ཁྱོན་ནི་ཕལ་ཆེར་རྐང་རྩེད་སྤོ་ལོ་ར་བའི་ཆེ་ཆུང་ཡོད་པ་ཡིན། འབྲེལ་ཡོད་འཇལ་ཚད་བར་གྱི་ཕབ་རྩིས། hm2 ནི་སྤྱི་ཆིང་གི་དོན་ཡིན། སྤྱིར་བཏང་གི་སའི་རྒྱ་ཁྱོན་རྩིས་རྒྱག་ཚུལ་ཞིག་ཡིན།

རིགས་དབྱེ།   ཚན་རིགརྩིས་དངོས་རྫས།

ཕི་ཁའོ་ཧྥ་ར།

ཕི་ཁའོ་ཧྥ་རཱ་ནི་གློག་ཤོང་ཆེ་ཆུང་གི་འཇལ་ཚད་ཅིག་ཡིན། རྒྱ་ཡིག་གི་མིང་། 皮法 ཕྱི་ཡིག་གི་མིང་། picofarads མཚོན་རྟགས། pF ངོ་སྤྲོད། ཕི་ཁའོ་ཧྥ་རཱ་ནི་གློག་ཤོང་ཆེ་ཆུང་གི་འཇལ་ཚད་ཅིག་ཡིན། དབྱིན་ཡིག་གི་མཚོན་རྟགས་ནི pF ཡིན་ལ། རྒྱ་ཡིག་གི་ཕི་ཧྥ་ཟེར། གློག་གསོག་སྣོད་ཆས་མང་ཤོས་ཀྱི་ཆེ་ཆུང་ནི 0.1 ནས 0.01μF ཡས་མས་ཡིན། ཕབ་རྩིས། གློག་ཤོང་འཇལ་ཚད་ཀྱི་གོང་འདྲིལ་ལུགས་ནི་སྟོང་ཡིན། འཇལ་ཚད་ཀྱི་འབྲེལ་བ་ནི་གཤམ་གསལ་ལྟར། ཧྥ་ལཱ (F) 1 = ཧའོ་ཧྥ (mF) 1000 ཧའོ་ཧྥ (mF)1 = ཝེ་ཧྥ (μF) 1000 ཝེ་ཧྥ (μF)1 = ནཱ་ཧྥ (nF) 1000 ནཱ་ཧྥ 1 = ཕི་ཧྥ (pF) 1000

རིགས་དབྱེ།   ཚན་རིགརྩིས་དངོས་རྫས།

ཅའོ་ཨེར།

ཅའོ་ཨེར་ནི་ཚད་འཇལ་བྱེད་ཀྱི་འཇལ་ཚད་ཅིག་རེད། དྲོད་ཚད་ཀྱི་སྤྱི་ལུགས་འཇལ་ཚད་ཡིན། བསྡུས་མིང་ནི་ཅའོ་ཡིན། རྒྱ་ཡིག་གི་མིང་། 焦耳 ཕྱི་ཡིག་གི་མིང་། Joule མཚོན་རྟགས། J ངོ་སྤྲོད། ཅའོ་ཨེར་ནི་ཚད་འཇལ་བྱེད་ཀྱི་འཇལ་ཚད་ཅིག་རེད། དྲོད་ཚད་ཀྱི་སྤྱི་ལུགས་འཇལ་ཚད་ཡིན། བསྡུས་མིང་ནི་ཅའོ་ཡིན། མཚོན་རྟགས་ནི J ཡིན། དེ་ནི་དབྱིན་ཇིའི་མིང་དུ་གྲགས་པའི་དངོས་ལུགས་རིག་པ་བ་ཀྲན་མུའུ་སི · ཕུའུ་ལེ་སི་ཁུ་ཐི ·  ཅའོ་ཨེར་རྗེས་དྲན་ཆེད་དེ་ལྟར་མིང་བཏགས་པ་རེད། ཕབ་རྩིས། ཅའོ་ཨེར་དང་ཁཱ་ལུའུ་ལེ་བར་གྱི་ཕབ་རྩིས་ཚུལ། སྟོང་ཁཱ (KCAL) 1= 4.184 སྟོང་ཅའོ་ཨེར(KJ) སྟོང་ཅའོ

རིགས་དབྱེ།   ཚན་རིགརྩིས་དངོས་རྫས།

མོ་ཨེར།

མོ་ཨེར་ནི་དངོས་པོའི་ཚད་ཀྱི་འཇལ་ཚད་ཅིག་ཡིན། མིང་བརྡ་རྙིང་བ་ལ་ཁེ་རྡུལ་ལམ་ཁེའི་མ་རྡུལ་འབོད། དེ་ནི་རྒྱལ་སྤྱིའི་འཇལ་ཚད་ལུགས་ལས་འཇལ་ཚད་བདུན་གྱི་གྲས་ཡིན། རྒྱ་ཡིག་གི་མིང་། 摩尔 ཕྱི་ཡིག་གི་མིང་། Moore བསྡུས་འབྲི། mol ངོ་སྤྲོད། མོ་ཨེར་ནི་དངོས་པོའི་ཚད་ཀྱི་འཇལ་ཚད་ཅིག་ཡིན། མིང་བརྡ་རྙིང་བ་ལ་ཁེ་རྡུལ་ལམ་ཁེའི་མ་རྡུལ་ཡིན། དེ་ནི་རྒྱལ་སྤྱིའི་འཇལ་ཚད་ལུགས་ལས་འཇལ་ཚད་བདུན་གྱི་གྲས་ཡིན་ཏེ། དངོས་པོའི་ཚད་དེ་མཚོན་པ་ཡིན། molནི་མཚོན་རྟགས་ཡིན། མོ་ཨེར་རེར་དངོས་པོ་གང་རུང་ལ་འདུས་ཡོད་པའི་ཨ་ཧྥུའུ་ཅཱ་ཏི་ལའོ་བརྟག་གྲངས(ཕལ་ཆེར 6.02×10^23)ཀྱི་རྡུལ་ཕྲན་ཡོད་པ་ཡིན། མོ་ཨེར་བཀོལ་སྤྱོད་བྱེད་བཞིན་པའི་སྐབས་གཞི་རྩའི་རྡུལ་ཕྲན་ངེས་པར་ཏུ་གསལ་སྟོན་བྱེད་དགོས་ཏེ། རྡུལ་ཕྲན་དང་མ་རྡུལ།

རིགས་དབྱེ།   ཚན་རིགརྩིས་དངོས་རྫས།

ཧེར་ཚི།

ཧུ་ཚི་ནི་རྒྱལ་སྤྱིའི་འཇལ་ཚད་སྡེ་ཚན་ལུགས་ནང་འགུལ་ཚད་མཚོན་པའི་འཇལ་ཚད་ཡིན། རྒྱ་ཡིག་གི་མིང་། 赫兹 ཕྱི་ཡིག་གི་མིང་། Hertz མཚོན་རྟགས། Hz ངོ་སྤྲོད། ཧུ་ཚི་ནི་རྒྱལ་སྤྱིའི་འཇལ་ཚད་སྡེ་ཚན་ལུགས་ནང་འགུལ་ཚད་མཚོན་པའི་འཇལ་ཚད་ཡིན། དེ་ནི་སྐར་ཆ་རེ་ནང་གི་དུས་འཁོར་རང་བཞིན་གྱི་འགྱུར་ལྡོག་བསྐྱར་ཟློས་གྲངས་ཚད་ལ་རྩིས་རྒྱག་པ་ཡིན། ཧུ་ཚི་མིང་ནི་འཇར་མན་གྱི་དངོས་ལུགས་རིག་པ་བ་ཧའེ་དབྱིན་ལི་ཞི · ལུའོ་ཏའོ་ཧྥུའུ · ཧུ་ཚི་ལས་ཐོན་པ་ཡིན། མཚོན་རྟགས་ནི Hz ཡིན། 1Hz = 1/s ནི་འཇལ་ཚད་སྡེ་ཚན་གྱི་དུས་ཚོད་ནང་བྱུང་བའི་འདར་བའི་གྲངས་ཚད་དེ། འཇལ་ཚད་ནི་ཧུ་ཚི་ཡིན(ཧུ་ཚི 1=1ཐེངས/སྐར་ཆ) ཕབ་རྩིས། སྟོང་ཧུ 1 (kHz 103 Hz) =1 000 Hz ཀྲའོ་ཧུ 1

རིགས་དབྱེ།   ཚན་རིགརྩིས་དངོས་རྫས།

ཧའོ་སྐར་ཆ།

ཧའོ་སྐར་ཆ་ནི་ཅུང་ཆུང་བའི་དུས་ཚོད་འཇལ་ཚད་སྡེ་ཚན་ཞིག་ཡིན། རྒྱ་ཡིག་གི་མིང་། 毫秒 ཕྱི་ཡིག་གི་མིང་། millisecond མཚོན་རྟགས། ms ངོ་སྤྲོད། ཧའོ་སྐར་ཆ་ནི་ཅུང་ཆུང་བའི་དུས་ཚོད་འཇལ་ཚད་སྡེ་ཚན་ཞིག་ཡིན། དེ་ནི་སྐར་ཆ་གཅིག་གི་སྟོང་ཆའི་གཅིག་ཡིན། འཇལ་ཚད་ཕབ་རྩིས། སྐར་ཆ་གཅིག་ནི་ཧའོ་སྐར་ཆ1000ཡིན། མཚུངས་རྟགས་ཀྱི10 ཡི་རང་བསྒྱུར་ཐེངས12ཕི་སྐར་ཆ་ཡིན། ཧའོ་སྐར་ཆ0.000 000 001 = ཕི་སྐར་ཆ 1 ཧའོ་སྐར་ཆ 0.000 001 = ནཱ་སྐར་ཆ1ཧའོ་སྐར་ཆ 0.001 = ཝེ་སྐར་ཆ1ཡིན། ཧའོ་སྐར་ཆ1000 = སྐར་ཆ1

རིགས་དབྱེ།   ཚན་རིགརྩིས་དངོས་རྫས།

སྟོང་ཧྥུའུ།

སྟོང་ཧྥུའུ་ཨན་ནི་གློག་གི་རྩོལ་ཚད་འཇལ་ཚད་ཅིག་ཡིན། རྒྱ་ཡིག་གི་མིང་། 千伏安 ཕྱི་ཡིག་གི་མིང་། kilovolt-ampere མཚོན་རྟགས། kVA ངོ་སྤྲོད། ཧྥུའུ་ཨན་ནི་སྤྱིའི་རྩོལ་ཚད་ཀྱི་འཇལ་ཚད་ཡིན། ཝ་ནི་ནུས་ལྡན་རྩོལ་ཚད་ཀྱི་འཇལ་ཚད་ཡིན། སྤྱིའི་རྩོལ་ཚད་དེ་ལས་ཆོད་ལ་བསྒྱུར་ན་ནི་ནུས་ལྡན་རྩོལ་ཚད་ཡིན། སྟོང་ཧྥུའུ་ཨན་ལས་རྩོལ་ཚད་དེ་གཙོ་བོ་ཡིན། དེའི་ནང་དུ་ནུས་པ་ཡོད་པའི་རྩོལ་ཚད་དང་ནུས་པ་མེད་པའི་རྩོལ་ཚད་གཉིས་ཡོད་པ་རེད། སྟོང་ཝ་ནི་ནུས་པ་ཡོད་པའི་རྩོལ་ཚད་ཡིན། སྟོང་ཧྥུའུ་ནི་རྩོལ་ཚད་གཙོར་འཛིན་པ་དང་། དེའི་དོན་ནི་སྒྲིག་ཆས(གློག་གནོན་སྒྱུར་ཆས)ཤོང་ཚད་སྟོན་པ་ཡིན། འབྲེལ་ཡོད་འཇལ་ཚད། འཇལ་ཚད་ནི་ཧྥུའུ་ཨན་ཏེ(VA)དང་སྟོང་ཧྥུའུ་ཨན(kVA)དང་ཀྲའོ་ཧྥུའུ་ཨན(MVA)སོགས་ཡིན།

རིགས་དབྱེ།   ཚན་རིགརྩིས་དངོས་རྫས།

སྟོང་ཁེ།

སྟོང་ཁེ་ནི་ཚད་འཇལ་བྱེད་ཀྱི་འཇལ་ཚད་སྡེ་ཚན་ཞིག་ཡིན། རྒྱ་ཡིག་གི་མིང་། 千克 ཕྱི་ཡིག་གི་མིང་། kilogram མཚོན་རྟགས། kg ངོ་སྤྲོད། སྟོང་ཁེ་ནི་རྒྱལ་སྤྱིའི་འཇལ་ཚད་ལུགས་ཀྱི་ནང་གི་གཞལ་ཚད་དང་སྤུས་ཚད་ཀྱི་གཞི་རྩའི་འཇལ་ཚད་ཅིག་ཡིན། དེ་མ་ཟད་སྟོང་ཁེ་ནི་དུས་རྒྱུན་འཚོ་བའི་ནང་རྒྱུན་སྤྱོད་ཆེ་བའི་འཇལ་ཚད་ཅིག་ཀྱང་ཡིན། སྟོང་ཁེ་གཅིག་གི་མཚན་ཉིད་ནི་རྒྱལ་སྤྱིའི་སྟོང་ཁེ་སྔ་ཆས་ཀྱི་ལྗིད་ཚད་དེ། ཕལ་ཆེར་ཆུ་ཧྲེང་གཅིག་གི་ལྗིད་ཚད་འདྲ་མཚུངས་ཡིན། འཇལ་ཚད་ཕབ་རྩིས། སྟོང་ཁེ1 = ཏུན 0.001 སྟོང་ཁེ1 = ཁེ 1,000 སྟོང་ཁེ1 = ཧའོ་ཁེ 1,000,000 སྟོང་ཁེ1 = ཝེ་ཁེ 1,000,000,000 སྟོང་ཁེ1= རྒྱ་མ 2 སྟོང་ཁེ1= སྲང 20

རིགས་དབྱེ།   ཚན་རིགརྩིས་དངོས་རྫས།

ཧའོ་ཧྲིན།

ཧའོ་ཧྲིན་ནི་ཤོང་ཚད་འཇལ་ཚད་ཀྱི་སྡེ་ཚན་ཞིག་ཡིན། རྒྱ་ཡིག་གི་མིང་། 毫升 ཕྱི་ཡིག་གི་མིང་། Milliliter མཚོན་རྟགས། mL ངོ་སྤྲོད། ཧའོ་ཧྲིན་ནི་ཤོང་ཚད་འཇལ་ཚད་ཀྱི་སྡེ་ཚན་ཞིག་ཡིན། ཤོང་ཚད་འཇལ་ཚད་སྡེ་ཚན་གྱི་སྡེ་ཚན་གཙོ་བོ་ནི་ཧྲིན(L)ཡིན། སྨི་གྲུ་བཞི་མ་ལྷམ་མའི་ངོ་ཡ་ཡིན། ཕབ་རྩིས། ཧྲིན 1 = 1000mL = སྨི་གྲུ་བཞི་མ་ལྷམ་མ1000 = ཧྥུན་སྨི་རྒྱ་དཔང་གྲུ་བཞི་མ 1 ཡིན། ཧའོ་ཧྲིན 1 =ཞི་ཞི (cc) 1 ཡིན། ཧའོ་ཧྲིན 1 ཅན་གཤེར་གཟུགས་ཆུ  = སྨི་གྲུ་བཞི་མ་ལྷམ་མ1གཤེར་གཟུགས་ཀྱི་ཆུ། ཧའོ་ཧྲིན1 ཅན་གྱི་གཤེར་གཟུགས་ཆུ་དེ་ཧྲེ་ཧྲི་ཏུའུ 4 སྐབས་སུ་ལྗིད་ཚད་ནི་ཁེ1ཡིན། ཧའོ་ཧྲིན1= སྨི་གྲུ་བཞི་མ་ལྷམ་མ1ཡིན།

རིགས་དབྱེ།   ཚན་རིགརྩིས་དངོས་རྫས།

ཨོ་མུ།

བསྡུས་འབྲི་ལ་ཨོ་དང་། མཚོན་རྟགས་ནིΩཡིན། ཡང་མིང་གཞན་ལOཟེར། དེ་ནི་ཀེ་རི་སིའི་གསལ་བྱེད་ཨང་ཉེར་བཞི་པ་ཡིན་ལ། ཆེས་མཐའ་མ་དེའང་ཡིན། ཨོ་མུ་ནི་རྒྱལ་སྤྱིའི་གློག་གེགས་འཇལ་ཚད་སྡེ་ཚན་ཡིན། རྒྱ་ཡིག་གི་མིང་། 欧姆 ཕྱི་ཡིག་གི་མིང་། Ωμέγα མཚོན་རྟགས། Ω ངོ་སྤྲོད། བསྡུས་འབྲི་ལ་ཨོ་དང་། མཚོན་རྟགས་ནི Ω ཡིན། ཡང་མིང་གཞན་ལ O ཟེར། དེ་ནི་ཀེ་རི་སིའི་གསལ་བྱེད་ཨང་ཉེར་བཞི་པ་ཡིན་ལ། ཆེས་མཐའ་མ་དེའང་ཡིན།  ཨོ་མུའུ་ནི་རྒྱལ་སྤྱིའི་གློག་གེགས་འཇལ་ཚད་སྡེ་ཚན་ཡིན། དེ་ནི་མཚུངས་རྟགས་ཀྱི 109CGSM

རིགས་དབྱེ།   ཚན་རིགརྩིས་དངོས་རྫས།

ཧྥུའུ་ཐི།

ཧྥུའུ་ཐི་ནི་རྒྱལ་སྤྱིའི་འཇལ་ཚད་ལུགས་ཀྱི་ནང་ནས་གློག་གནོན་གྱི་གཞི་རྩའི་འཇལ་ཚད་མཚོན་པ་རེད། རྒྱ་ཡིག་གི་མིང་། 伏特 ཕྱི་ཡིག་གི་མིང་། volt མཚོན་རྟགས། v ངོ་སྤྲོད། ཧྥུའུ་ཐི་ནི་རྒྱལ་སྤྱིའི་འཇལ་ཚད་ལུགས་ཀྱི་ནང་ནས་གློག་གནོན་གྱི་གཞི་རྩའི་འཇལ་ཚད་མཚོན་པ་རེད། བསྡུས་ན་ཧྥུའུ་ཡིན། མཚོན་རྟགས་ནིVཡིན། དེ་ནི་དབྱི་ཏ་ལིའི་དངོས་ལུགས་རིག་པ་བ་ཡཱ་ལི་ཧྲན་ཏཱ་ཏི་ལའོཧྥུའུ་ཐི་ཡི་མིང་ལྟར་བཏགས་པ་རེད། ཁོས་ཧྥུའུ་ཐི་གློག་སྨན་གསར་གཏོད་བྱས་པ་དང་། དེ་ནི་མིའི་རིགས་ཀྱི་འཕེལ་རྒྱས་ལ་བྱས་རྗེས་ཆེན་པོ་བཞག་པ་རེད།

རིགས་དབྱེ།   ཚན་རིགརྩིས་དངོས་རྫས།

ཕྲ་སྦུག

ཤེལ་ལེབ་གཙང་མ་ཞིག་གི་སྟེང་དུ་དངུལ་ཆུ་ཐིགས་པ་ཞིག་བཏིག་ན། དེ་ཕར་འདྲིལ་ཚུར་འདྲིལ་བྱས་ནས་ཤེལ་ལེབ་སྟེང་དུ་འབྱར་མི་འདུག ཤེལ་ལེབ་གཙང་མ་ཞིག་དངུལ་ཆུའི་ནང་དུ་སྦངས་ནས་ཕྱིར་བླངས་ན་ཤེལ་ལེབ་སྟེང་དུའང་དངུལ་ཆུ་འབྱར་མེད། གཤེར་གཟུགས་སྲ་གཟུགས་ཀྱི་ཕྱི་ངོས་སུ་མི་འབྱར་བའི་སྣང་ཚུལ་འདི་རིགས་ལ་མི་འདལ་བ་ཟེར། ནང་གི་ཚངས་ཐིག་མི་འདྲ་བའི་ཤེལ་སྦུག་ཕྲ་མོ་འགའ་ཆུའི་ནང་དུ་བཙུགས་ན་སྦུ་གུའི་ནང་གི་ཆུ་ངོས་དེ་ཤོང་ཆས་ནང་གི་ཆུ་ངོས་ལས་མཐོ་བ་དང་། སྦུ་གུའི་ནང་གི་ཚངས་ཐིག་ཇི་ལྟར་ཆུང་ན།

རིགས་དབྱེ།   ཚན་རིགརྩིས་དངོས་རྫས།

གེགས་མེད།

གེགས་མེད་ནི་གློག་རྡུལ་རིག་པའི་ཐད་སྤྱོད་པ་ཆེས་མངོན་སུམ་ཡིན་ལ། ཆེས་ཡིད་འཕྲོག་པ་ཞིག་ཀྱང་ཡིན། དཔེར་ན་བགེགས་སྐྱོན་ལྡན་པའི་གནམ་གཤིས་སྔོན་བརྡ་གཏོང་བ་སོགས་བྱ་གཞི་ཆེ་གྲས་ལྟ་བུ་ལ། རྩིས་འཁོར་གྱི་གསོག་ཉར་ཤོང་ཚད་ཆེ་བ་དང་། རྩིས་རྒྱག་འགྲོས་ཚད་མགྱོགས་དགོས་བ། གློག་འདོན་འཕྲུལ་འཁོར་དང་། གློག་སྒུལ་འཕྲུལ་འཁོར་ནང་ཁུལ་གྱི་རྒྱུན་གཏམ་འདྲེན་སྐུད་ཀྱིས་བཟོས་པའི་དཀྲིས་སྐུད་དེ་གློག་རྒྱུན་གྱི་ཚ་བའི་ནུས་སྣང་གི་དབང་གིས་གློག་རྒྱུན་དེ་འདྲ་ཆེ་མི་རུང་། དེའི་ཕྱིར་དེར་བྱུང་བའི་ཆེས་ཆེ་བའི་ཁབ་ལེན་ར་བར་ཚོད་འཛིན་ཐེབས་པ་སོགས་བསྟན།

རིགས་དབྱེ།   ཚན་རིགརྩིས་དངོས་རྫས།

གྲག་ཚད།

སྒྲ་ལ་སྒྲ་གདངས་ཀྱི་ཁྱད་པར་ཡོད་པ་དང་དངོས་ལུགས་རིག་པའི་ཁྲོད་དུ་འདར་རྒྱ(amplitude)བཀོལ་ནས་དངོས་གཟུགས་འདར་འགུལ་བྱེད་པའི་ཁོད་རྒྱ་ཞིབ་བརྗོད་བྱེད་པ། སྒྲ་འབྱིན་དངོས་གཟུགས་ཀྱི་རྒྱུ་ཆ་མི་འདྲ་བ་སོགས་བསྟན། རྒྱ་ཡིག་གི་མིང་། 响度 ཕྱི་ཡིག་གི་མིང་། loudness;volume གོ་དོན། སྒྲ་ལ་སྒྲ་གདངས་ཀྱི་ཁྱད་པར་ཡོད་ལ། དྲག་ཞན་གྱི་ཁྱད་པར་ཡང་ཡོད། དངོས་ལུགས་རིག་པའི་ཁྲོད་དུ། སྒྲའི་དྲག་ཞན་ལ་གྲག་ཚད(loudness)ཟེར། གྲག་ཚད། དངོས་ལུགས་རིག་པའི་ཁྲོད་དུ་འདར་རྒྱ(amplitude)བཀོལ་ནས་དངོས་གཟུགས་འདར་འགུལ་བྱེད་པའི་ཁོད་རྒྱ་ཞིབ་བརྗོད་བྱེད་པ་ཡིན། དངོས་གཟུགས་ཀྱི་འདར་རྒྱ་ཇི་ལྟར་ཆེ་ན། སྒྲའི་གྲག་ཚད་དེ་ལྟར་ཆེ།

རིགས་དབྱེ།   ཚན་རིགརྩིས་དངོས་རྫས།

གློག་རྩོལ་ཕྱོད་འཇལ་ཚུལ།

གློག་རྩོལ་ཕྱོད་ཚད་འཇལ་བྱེད་ནི་ཆེད་སྤྱོད་ཀྱི་རྩོལ་ཕྱོད་དཔྱད་ཆས་བཀོལ་ཆོག མཚོན་རྟགས་ཀྱི་དོན་སྙིང་དང་འཇལ་བྱེད། བརྩི་སྟངས་སོགས། རྒྱ་ཡིག་གི་མིང་། 电功率的测量 འཇལ་ཚུལ། གློག་རྩོལ་ཕྱོད་ཚད་འཇལ་བྱེད་ནི་ཆེད་སྤྱོད་ཀྱི་རྩོལ་ཕྱོད་དཔྱད་ཆས་བཀོལ་ཆོག ཡིན་ཡང་ཆེད་ལས་མིན་པའི་དངོས་བཤེར་ཁྲོད་དུ། རྒྱུན་པར་གློག་རྒྱུན་དང་གློག་གནོམ་ཚད་འཇལ་བྱས་ཏེ་གཞན་བརྒྱུད་ཀྱི་སྒོ་ནས་གློག་སྤྱོད་ཆས་ཀྱི་གློག་རྩོལ་ཕྱོད་ཤེས་པ་ཡིན། གཞུང་ལུགས་ཀྱི་དབྱེ་ ཞིབ་ལས་བདེན་དཔང་བྱས་པ་ལྟར་ན། གློག་རྩོལ་ཕྱོད p དང་གློག་རྒྱུནIགློག་གནོནUབར་གྱི་འབྲེལ་བ་ནི།                           མཚོན་རྟགས་ཀྱི་དོན་སྙིང་དང་འཇལ་བྱེད། I—གློག་རྒྱུན—ཨམ་ཕེར(A) U—གློག་གནོན—ཝོལ་ཐི(V) P—རྩོལ་ཕྱོད—ཝ་ཐི(W) འབྲེལ་བ

རིགས་དབྱེ།   ཚན་རིགརྩིས་དངོས་རྫས།

མིག་དང་མིག་ཤེལ།

མིག་གིས་གཟི་མའི་གཟུགས་ལ་བརྟེན་ནས་བདར་རྣམ་གཟུགས་ཀྱི་རྣམ་པ་བསྒྱུར་བ། རྒྱང་སྒྲིབ་མིག་གིས་ཉེ་སའི་དངོས་གཟུགས་གསལ་བོར་མཐོང་ཐུབ་པ་ལས། རྒྱང་རིང་གི་དངོས་གཟུགས་གསལ་བོར་མཐོང་མི་ཐུབ་པ། ཉེ་སྒྲིབ་མིག་གིས་ཐག་རིང་གི་དངོས་གཟུགས་གསལ་བོར་མཐོང་ཐུབ་ཚུལ་སོགས། རྒྱ་ཡིག་གི་མིང་། 眼睛和眼镜 མིག མིག་འབྲས་ནི་པར་ཆས་ཤིག་དང་འདྲ། བདར་རྣམ་གཟུགས་དང་མིག་སྐྱིའི་ཐུན་མོང་གི་བྱེད་ནུས་ནི་འབུར་ཤེལ་ཞིག་དང་མཚུངས། དེས་དངོས་གཟུགས་ནས་འཕྲོས་པའི་འོད་མཐོང་བྱེད་དྲ་རྒྱའི་སྟེང་དུ་སྣོལ་འདུས་བྱས་ཏེ་དངོས་གཟུགས་ཀྱི་བརྙན་གྲུབ་པ་རེད།

རིགས་དབྱེ།   ཚན་རིགརྩིས་དངོས་རྫས།

གློག་གཏོང་།

སའི་གོ་ལ་ནི་འདྲེན་གཟུགས་ལེགས་པོ་ཞིག་ཡིན། དེ་ཧ་ཅང་ཆེ་བའི་རྐྱེན་གྱིས་གློག་ཁུར་འབོར་ཆེན་སྡུད་ལེན་བྱེད་ཐུབ་པར་མ་ཟད་སའི་གོ་ལའི་གློག་སྟོབས་བསྒྱུར་བ་མངོན་གསལ་མིན། འདི་ནི་རྒྱ་མཚོ་ཆེན་པོ་ནང་གི་ཆུ་ཕྱིར་འདྲེན་པའམ་ཡང་ན་ནང་དུ་ཆུ་བཏང་ན་རྒྱ་མཚོའི་ངོས་ཀྱི་མཐོ་ཚད་འགྱུར་བ་མངོན་གསལ་མིན་པ་ལྟ་བུ་ཡིན་པ། རྒྱུན་ལྡན་གྱི་གནས་ཚུལ་འོག་ཏུ་མཁའ་རླུང་གིས་གློག་མི་འདྲེན། ཡིན་ནའང་གལ་ཏེ་གློག་ར་ཧ་ཅང་དྲག་ན། རླུང་གཟུགས་ཆ་རྡུལ་ནང་གི་གློག་ཁུར་ཕོ་མོར་ཁ་ཕྱོགས་ལྡོག་པའི་གློག་རའི་ཤུགས་དྲག་པོ་ཐེབས་ནས“གཤགས”སྲིད་པ་སོགས་བསྟན། རྒྱ་ཡིག་གི་མིང་། 放电 ས་སྦྲེལ།

རིགས་དབྱེ།   ཚན་རིགརྩིས་དངོས་རྫས།

ངེས་ལུགས།

གློག་ལམ་ཞིག་བརྒྱུད་པའི་ཁབ་ལེན་བརྒྱུད་རྒྱུད་ཚད་ལ་འགྱུར་ལྡོག་བྱུང་ཚེ། གློག་ལམ་ནང་དུ་ལྟོས་འབྱུང་གློག་རྒྱུན་འབྱུང་སྲིད། འདྲེན་གཟུགས་འགུལ་སྐྱོད་བྱེད་པའི་ཁ་ཕྱོགས་བཅས་ཀྱི་བར་དུ་བློར་འཛིན་སླ་བའི་འབྲེལ་བ་ཞིག་ཡོད་པ་སོགས་བསྟན། རྒྱ་ཡིག་གི་མིང་། 定则 གློག་རྒྱུན། གློག་ལམ་ཞིག་བརྒྱུད་པའི་ཁབ་ལེན་བརྒྱུད་ཚད་ལ་འགྱུར་ལྡོག་བྱུང་ཚེ། གློག་ལམ་ནང་དུ་ལྟོས་འབྱུང་གློག་རྒྱུན་འབྱུང་སྲིད། ཧྥ་ར་ཏས་གློག་ཁབ་ལེན་ལྟོས་འབྱུང་གཏན་སྲོལ་ལ་བརྟེན་ན།

རིགས་དབྱེ།   ཚན་རིགརྩིས་དངོས་རྫས།

འོད་ཀྱི་དཀྱོག་འཕྲོ།

འོད་བར་རྫས་རིགས་ཤིག་ནས་རིགས་གཞན་ཞིག་ཏུ་གསེག་འཕྲོ་བྱེད་སྐབས། ཁྱབ་མཆེད་ཁ་ཕྱོགས་ལ་ཡོ་འཁྱོག་འབྱུང་བ་རེད། སྣང་ཚུལ་འདི་རིགས་ལ་འོད་ཀྱི་དཀྱོག་འཕྲོ(refraction)ཟེར་བ། རྒྱ་ཡིག་གི་མིང་། 光的折射 ཕྱི་ཡིག་གི་མིང་། The refraction of light གོ་དོན། 1.འོད་བར་རྫས་རིགས་ཤིག་ནས་རིགས་གཞན་ཞིག་ཏུ་གསེག་འཕྲོ་བྱེད་སྐབས། ཁྱབ་མཆེད་ཁ་ཕྱོགས་ལ་ཡོ་འཁྱོག་འབྱུང་བ་རེད། སྣང་ཚུལ་འདི་རིགས་ལ་འོད་ཀྱི་དཀྱོག་འཕྲོ(refraction)ཟེར།

རིགས་དབྱེ།   ཚན་རིགརྩིས་དངོས་རྫས།

ཉིའུ་ཏུན་གཏན་སྲོལ་གསུམ་པ།

དངོས་གཟུགས་གཉིས་བར་གྱི་བྱེད་ནུས་ཤུགས་དང་ལྡོག་པའི་བྱེད་ནུས་ཤུགས་ནི་ནམ་ཡང་ཆེ་ཆུང་མཚུངས་ལ། ཁ་ཕྱོགས་ལྡོག་པ་དང་། དྲང་ཐིག་གཅིག་གི་སྟེང་དུ་བྱེད་ནུས་འདོན་པ་དང་ཤུགས་ཐེབས་དངོས་གཟུགས་དང་ཤུགས་འདོན་དངོས་གཟུགས་ཤིག་ཡོད་ངེས། ལྡེམ་རྩིབ་ལ་ལག་པའི་འཐེན་ཤུགས་ཐེབས་པ་དང་མཉམ་དུ་དབྱིབས་འགྱུར་བྱུང་བ། དངོས་གཟུགས་གཉིས་བར་གྱི་བྱེད་ནུས་ཤུགས་དང་ལྡོག་པའི་བྱེད་ནུས་ཤུགས་ནི་ནམ་ཡང་ཆེ་ཆུང་མཚུངས་བ་སོགས་བསྟན། རྒྱ་ཡིག་གི་མིང་། 牛顿第三定律 ཕྱི་ཡིག་གི་མིང་།

རིགས་དབྱེ།   ཚན་རིགརྩིས་དངོས་རྫས།

མཉམ་འདར།

དངོས་གཟུགས་གཞན་སྐུལ་འདར་འགུལ་བྱེད་པའི་ཟློས་ཕྱོད་དེ་དངོས་གཟུགས་ཀྱི་སྔར་ཡོད་ཟློས་ཕྱོད་དང་འབྲེལ་བ་མེད་མོད། འོན་ཀྱང་སྐུལ་སྒུལ་ཤུགས་ཀྱི་ཟློས་ཕྱོད་དེ་མ་ལག་གི་སྔར་ཡོད་ཟློས་ཕྱོད་དང་ཉེ་བའམ་ཡང་ན་སྔར་ཡོད་ཟློས་ཕྱོད་དང་ཁྱད་པར་ཧ་ཅང་ཆེ་སྐབས། འདར་འགུལ་གྱི་གནས་ཚུལ་ཡེ་ནས་མི་འདྲ་བ་རེད། རྒྱ་ཡིག་གི་མིང་། 共振 ཕྱི་ཡིག་གི་མིང་། resonance མཉམ་འདར། དངོས་གཟུགས་གཞན་སྐུལ་འདར་འགུལ་བྱེད་པའི་ཟློས་ཕྱོད་དེ་དངོས་གཟུགས་ཀྱི་སྔར་ཡོད་ཟློས་ཕྱོད་དང་འབྲེལ་བ་མེད་མོད། འོན་ཀྱང་སྐུལ་སྒུལ་ཤུགས་ཀྱི་ཟློས་ཕྱོད་དེ་མ་ལག་གི་སྔར་ཡོད་ཟློས་ཕྱོད་དང་ཉེ་བའམ་ཡང་ན་སྔར་ཡོད་ཟློས་ཕྱོད་དང་ཁྱད་པར་ཧ་ཅང་ཆེ་སྐབས། འདར་འགུལ་གྱི་གནས་ཚུལ་ཡེ་ནས་མི་འདྲ་བ་རེད།

རིགས་དབྱེ།   ཚན་རིགརྩིས་དངོས་རྫས།