མ་རྡུལ་ཉིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མ་རྡུལ་ཉིང་།
ར་ཟེར་ཧྥོར་གྱིས་ཕྱོགས་སོ་སོར་ཐོར་འཕྲོ་བྱས་པའིαརིལ་རྡུལ་གྱི་གྲངས་ཀ་སྡོམ་རྩིས་ཞིབ་ཅིང་དག་པ་བྱས། རྨང་གཞི་དེའི་སྟེང་དུ་མ་རྡུལ་གྱི་ཉིང་དབྱིབས་ཆགས་ཚུལ་གྱི་དཔེ་དབྱིབས་བཏོན་པ་སྟེ། མ་རྡུལ་གྱི་ལྟེ་བར་ཉིང་ཧ་ཅང་ཆུང་བ་ཞིག་ཡོད། དེ་ལ་མ་རྡུལ་ཉིང་ཟེར། མ་རྡུལ་གྱི་གློག་ཁུར་ཕོ་ཡོད་ཚད་དང་སྤུས་ཚད་ཡོད་ཚད་ཕལ་ཆེ་བ་མ་རྡུལ་ཉིང་གི་ནང་དུ་འདུས་པ་དང་། མོ་གློག་ལྡན་པའི་གློག་རྡུལ་དེ་ཉིང་ཕྱིའི་བར་སྟོང་དུ་འགུལ་སྐྱོད་བྱེད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
原子核
ཕྱི་ཡིག་གི་མིང་།
atomic nucleus
མིང་གཞན།
ཉིང་།
1 གཞི་རྩའི་གནས་ཚུལ།

是是是.png

མ་རྡུལ་ཉིང(atomic nucleus)བསྡུས་ན་ཉིང་ཟེར། མ་རྡུལ་གྱི་ལྟེ་བར་ཉིང་ཧ་ཅང་ཆུང་བ་ཞིག་ཡོད། དེ་ལ་མ་རྡུལ་ཉིང་ཟེར། མ་རྡུལ་གྱི་གློག་ཁུར་ཕོ་ཡོད་ཚད་དང་སྤུས་ཚད་ཡོད་ཚད་ཕལ་ཆེ་བ་མ་རྡུལ་ཉིང་གི་ནང་དུ་འདུས་པ་དང་། མོ་གློག་ལྡན་པའི་གློག་རྡུལ་དེ་ཉིང་ཕྱིའི་བར་སྟོང་དུ་འགུལ་སྐྱོད་བྱེད་པ་རེད། མ་རྡུལ་ཚངས་ཐིག་གི་གྲངས་ཚད་རིམ་པ(དོན་དངོས་སུ་གློག་རྡུལ་འགུལ་སྐྱོད་བྱེད་པའི་ཁོངས་ཀྱི་གྲངས་ཚད་རིམ་པ་ཡིན)ནི10-10mཡིན་ཞིང་། མ་རྡུལ་ཉིང་གི་ཚངས་ཐིག་གི་གྲངས་ཚད་རིམ་པ་ནི10-15mཡིན་པས། དེ་གཉིས་ཀྱི་བར་ཁྱད་ལྡབ་ཁྲི་ཚོ་བཅུ་ཡིན།

2 གྲུབ་ཆ། 

点点滴滴.png

ར་ཟེར་ཧྥོར་གྱིས་ཕྱོགས་སོ་སོར་ཐོར་འཕྲོ་བྱས་པའིརིལ་རྡུལ་གྱི་གྲངས་ཀ་སྡོམ་རྩིས་ཞིབ་ཅིང་དག་པ་བྱས། རྨང་གཞི་དེའི་སྟེང་དུ་མ་རྡུལ་གྱི་ཉིང་དབྱིབས་ཆགས་ཚུལ་གྱི་དཔེ་དབྱིབས་བཏོན་པ་སྟེ། མ་རྡུལ་གྱི་ལྟེ་བར་ཉིང་ཧ་ཅང་ཆུང་བ་ཞིག་ཡོད། དེ་ལ་མ་རྡུལ་ཉིང་ཟེར། མ་རྡུལ་གྱི་གློག་ཁུར་ཕོ་ཡོད་ཚད་དང་སྤུས་ཚད་ཡོད་ཚད་ཕལ་ཆེ་བ་མ་རྡུལ་ཉིང་གི་ནང་དུ་འདུས་པ་དང་། མོ་གློག་ལྡན་པའི་གློག་རྡུལ་དེ་ཉིང་ཕྱིའི་བར་སྟོང་དུ་འགུལ་སྐྱོད་བྱེད་པ་རེད།

3 མ་རྡུལ་ནུས་རིམ།

的躲躲藏藏.png

1.མ་རྡུལ་ནི་མུ་འབྲེལ་མིན་པའི་ནུས་ཚད་རྣམ་པ་རབ་དང་རིམ་པ་ཁོ་ནའི་ཁྲོད་དུ་གནས་པ་དང་། རྣམ་པ་རེ་རེའི་ཁྲོད་དུ་མ་རྡུལ་གྱི་ནུས་ཚད་གྲངས་ཐང་ཚང་མ་གཏན་ཁེལ་ཡིན། ནུས་ཚད་གྲངས་ཐང་འདི་དག་ལ་ནུས་རིམ་ཟེར།

2.མ་རྡུལ་ནི་ནུས་རིམ་ཞིག་ནས་ནུས་རིམ་གཞན་ཞིག་ཏུ་མཆོང་སྤོ་བྱེད་ཐུབ། མ་རྡུལ་ནུས་རིམ་མཐོན་པོ་ལས་ནུས་རིམ་དམའ་མོར་མཆོང་སྤོ་བྱེད་སྐབས་འོད་རྡུལ་ཞིག་གཏོང་བ་དང་། འོད་རྡུལ་ཞིག་སྡུད་ལེན་བྱེད་པའམ་ཡང་ན་ཐབས་ལམ་གཞན་པ་བརྒྱུད་ནས་ནུས་ཚད་ཐོབ་སྐབས། ནུས་རིམ་དམའ་མོ་ནས་ནུས་རིམ་མཐོན་པོར་མཆོང་སྤོ་བྱེད་པ་ཡིན།

སྤྱིར་བཏང་གི་རྣམ་པའི་འོག་ཏུ། མ་རྡུལ་ནི་ཆེས་དམའ་བའི་ནུས་རིམ་དུ་གནས། སྐབས་འདིར་མ་རྡུལ་གྱི་རྣམ་པ་ལ་རྨང་རྣམ་ཟེར། དངོས་གཟུགས་ནང་གི་མ་རྡུལ་ཁ་ཤས་ཀྱིས་ཕན་ཚུན་གདོང་གཏུག་བྱེད་པའམ་ཡང་ན་ཚུར་འཕྲོ་འོད་རྡུལ་ནས་ནུས་ཚད་སྡུད་ལེན་བྱས་ཏེ། རྨང་རྣམ་ནས་ནུས་རིམ་ཅུང་མཐོན་པོར་མཆོང་སྤོ་བྱེད་ཐུབ། སྐབས་འདིར་མ་རྡུལ་གྱི་རྣམ་པ་ལ་སྐུལ་སྤེལ་རྣམ་པ་ཟེར།

4 གྲུབ་ཚུལ།

སྤུས་རྡུལ་དང་མ་ནིང་རྡུལ་གྱི་སྤྱི་མིང་ལ་ཉིང་རྡུལ་ཟེར། མ་ནིང་རྡུལ་ལ་གློག་མི་ལྡན། མ་རྡུལ་ཉིང་ལ་ལྡན་པའི་གློག་ཁུར་དེ་ཉིང་ནང་གི་སྤུས་རྡུལ་ལ་ལྡན་པའི་གློག་ཁུར་གྱི་སྤྱི་བསྡོམས་དང་མཚུངས། མ་རྡུལ་ཉིང་ལྡན་པའི་གློག་ཁུར་ཚང་མ་སྤུས་རྡུལ་གློག་ཁུར་གྱི་ཧྲིལ་གྲངས་ལྡབ་ཡིན་པས། རྒྱུན་པར་ཧྲིལ་གྲངས་བཀོལ་ནས་མ་རྡུལ་ཉིང་གི་གློག་ཁུར་ཚད་མཚོན་པ་དང་། Zཡིས་མཚོན་ཞིང་། མ་རྡུལ་ཉིང་གི་གློག་ཁུར་གྲགས་ཟེར། མ་རྡུལ་ཉིང་གི་སྤུས་ཚད་དེ་ཉིང་ནང་གི་སྤུས་རྡུལ་དང་མ་ནིང་རྡུལ་གྱི་སྤུས་ཚད་ཀྱི་སྤྱི་བསྡོམས་དང་མཚུངས་ཤིང་། མ་ནིང་རྡུལ་དང་སྤུས་རྡུལ་གྱི་སྤུས་ཚད་ཕལ་ཆེར་འདྲ་མཚུངས་ཡིན་པས། མ་རྡུལ་ཉིང་གི་སྤུས་ཚད་དེ་ཉིང་རྡུལ་སྤུས་ཚད་ཀྱི་ཧྲིལ་གྲངས་ལྡབ་དང་ཉེ་མཚུངས་ཡིན། རྒྱུན་པར་ཧྲིལ་གྲངས་བཀོལ་ནས་མ་རྡུལ་ཉིང་གི་སྤུས་ཚད་མཚོན་པ་དང་། Aཡིས་མཚོན་ཞིང་། མ་རྡུལ་ཉིང་གི་སྤུས་ཚད་གྲངས་ཟེར།


བརྡ་འགྲེལ་གདོང་འཛར།

ཚན་རིག དངོས་ལུགས། མ་རྡུལ་ཉིང་།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-07

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།