གློག་སྟོབས་ཁྱད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གློག་སྟོབས་ཁྱད།
གློག་ཁུར་གློག་རའི་ནང་དུ་སྤོར་འགུལ་བྱེད་སྐབས། གློག་རའི་ཤུགས་ཀྱིས་རྩོལ་བ་འདོན་པ་ཡིན། གློག་ཁུར་གཅིག་ཚེག་གཅིག་ནས་སྤོར་འགུལ་བྱས་ཏེ་ཚེག་གཞན་ཞིག་ཏུ་སླེབ་སྐབས། གློག་རའི་ཤུགས་ཀྱིས་རྩོལ་བ་བཏོན་པ་ཇི་ལྟར་མང་ན། ཚེག་འདི་གཉིས་བར་གྱི་གློག་སྟོབས་ཁྱད་དེ་ལྟར་ཆེ་བ་ཡིན། རྒྱུན་བཀོལ་འཇལ་བྱེད་ལ་ཝོལ་ཐི(V)དང་བསྡུས་ན་ཝོལ་ཟེར། ཧའོ་ཧྥུ(mV) ཝོལ་ཧྥུ(μv) སྟོང་ཝོལ(kV)སོགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
电压
མིང་གཞན།
电势差或电位差
དབྱིན་ཡིག་གི་མིང་།
voltage
འཇལ་བྱེད།
ཝོལ་ཐི(V)
1 གློག་སྟོབས་ཁྱད།

的的.png

ལྗིད་ཤུགས་ཀྱི་བྱེད་ནུས་འོག་ཏུ་དངོས་གཟུགས་མཐོ་ས་ནས་དམའ་སར་སྤོར་འགུལ་བྱེད་སྐབས། ལྗིད་ཤུགས་ཀྱིས་རྩོལ་བ་འདོན་པ་ཡིན། དངོས་གཟུགས་གཅིག་ལ་མཚོན་ན། མཐོ་ཚད་ཀྱི་བར་ཁྱད་ཇི་ལྟར་ཆེ་ན། ལྗིད་ཤུགས་ཀྱིས་རྩོལ་བ་བཏོན་པ་དེ་ལྟར་མང་། དེ་དང་འདྲ་བར་གློག་ཁུར་གློག་རའི་ནང་དུ་སྤོར་འགུལ་བྱེད་སྐབས། གློག་རའི་ཤུགས་ཀྱིས་རྩོལ་བ་འདོན་པ་ཡིན། གློག་ཁུར་གཅིག་ཚེག་གཅིག་ནས་སྤོར་འགུལ་བྱས་ཏེ་ཚེག་གཞན་ཞིག་ཏུ་སླེབ་སྐབས། གློག་རའི་ཤུགས་ཀྱིས་རྩོལ་བ་བཏོན་པ་ཇི་ལྟར་མང་ན། ཚེག་འདི་གཉིས་བར་གྱི་གློག་སྟོབས་ཁྱད་དེ་ལྟར་ཆེ་བ་ཡིན།

གློག་རའི་གློག་ཁུརQནང་དུ་ཚེག་གཅིག་ནས་སྤོར་འགུལ་བྱས་ཏེ་ཚེག་གཞན་ཞིག་ཏུ་སླེབ་སྐབས། གློག་རའི་ཤུགས་ཀྱིས་བཏོན་པའི་རྩོལ་བWདང་གློག་ཁུརQཡི་སྡུར་ཐང་ལ་ཚེག་འདི་གཉིས་ཀྱི་གློག་སྟོབས་ཁྱད་ཟེར། གློག་གནོན་ཡང་ཟེར། མཚོན་རྟགསUཡིས་མཚོན་པ་སྟེ།         

2 གློག་སྟོབས།

1大地飞歌.png

ང་ཚོས་དུས་རྒྱུན་དུ“ཁང་བའི་ནང་གི་དཔྱང་སྒྲོན་གྱི་མཐོ་ཚད2mཡིན”ཞེས་བརྗོད་པ་ནི་ཁང་བའི་ས་ངོས་ཟུར་ལྟའི་སྙོམས་ངོས་སུ་བལྟས་ནས་བཤད་པ་ཡིན། ས་ངོས་ཀྱི་མཐོ་ཚད་ཐིག་ལེ་ཡིན་ན། དཔྱང་སྒྲོན་དང་ས་ངོས་ཀྱི་མཐོ་ཚད་ཁྱད་ནི་དཔྱང་སྒྲོན་གྱི་མཐོ་ཚད་ཡིན། དེ་དང་འདྲ་བར་གློག་རའི་ནང་དུའང་ཟུར་ལྟའི་ཚེག་ཅིག་བདམས་ཏེ། ཚེག་འདིའི་གློག་སྟོབས་ཐིག་ལེ་རུ་བལྟས་ཆོག འདི་ལྟར་བྱས་ན་གློག་སྟོབས་ཁྱད་ཀྱིས་གློག་ར་ནང་གི་ཚེག་སོ་སོའི་གློག་སྟོབས་ལ་མཚན་ཉིད་བཞག་ཆོག

3 རྩིས་རྒྱག

གལ་ཏེ་གློག་ར་ནང་གི་ཚེག་ག་གེ་མོ་གཉིས་ཀྱི་བར་དུ་གློག་ཁུར་ཚད5×10-8Cཡིན་པའི་ཚེག་གློག་ཁུར་སྤོར་འགུལ་བྱེད་པ་དང་། གློག་རའི་ཤུགས་ཀྱིས་རྩོལ་བ6×10-3Jབཏོན་ན། ཚེག་འདི་གཉིས་བར་གྱི་གློག་སྟོབས་ཁྱད་ནི།

འགྲོལ་བ། གློག་སྟོབས་ཁྱད་ཀྱི་མཚན་ཉིད་ལྟར་ན། ཚེག་འདི་གཉིས་བར་གྱི་གློག་སྟོབས་ཁྱད་ནི།


动物.png

བརྡ་འགྲེལ་གདོང་འཛར།

ཚན་རིག དངོས་ལུགས། གློག་སྟོབས་ཁྱད།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-02

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།