གློག་རླབས་ཁྱབ་སྤེལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གློག་རླབས་ཁྱབ་སྤེལ།
རླབས་ཐག་མི་འདྲ་བའི་གློག་ཁབ་ལེན་རླབས་ལ་ཁྱབ་སྤེལ་གྱི་ཁྱད་གཤིས་མི་འདྲ་བ་ལྡན། རྒྱུན་པར་སྐུད་མེད་གློག་རླབས་ཁྱབ་སྤེལ་བྱེད་ཚུལ་ལ་རིགས་གསུམ་ཡོད་པ་སྟེ། ས་རླབས་དང་། གནམ་རླབས། དྲང་ཐིག་ལྟར་ཁྱབ་སྤེལ་བྱེད་པའི་རླབས་བཅས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
电波传播
1 ས་རླབས།

撒.png

སའི་གོ་ལའི་ཕྱི་ངོས་ཉེ་འགྲམ་གྱི་བར་སྟོང་ནས་ཁྱབ་སྤེལ་བྱེད་པའི་སྐུད་མེད་གློག་རླབས་ལ་ས་རླབས་ཟེར། ས་ངོས་ན་མཐོ་དམའ་མི་མཉམ་པའི་རི་ལྡེབས་དང་ཁང་བ་སོགས་གེགས་དངོས་ཡོད། རླབས་ཀྱི་སྐོར་འཕྲོའི་ཁྱད་གཤིས་ལྟར་ན། རླབས་ཐག་གེགས་དངོས་ཀྱི་ཚད་གཞི་ལས་ཆེ་བའམ་ཡང་ན་འདྲ་མཚུངས་ཡིན་དུས། རླབས་ད་གཟོད་མངོན་གསལ་གྱིས་གེགས་དངོས་གཡོལ་ཐུབ། སྤྱིར་ས་ངོས་སྟེང་གི་གེགས་དངོས་དེ་འདྲ་ཆེ་རྒྱུ་མེད་པས། རླབས་རིང་དེ་དག་ལས་བདེ་ལེགས་ངང་གཡོལ་ཐུབ་པ་དང་། རླབས་འབྲིང་དང་རླབས་ཐུང་ཡང་བདེ་ལེགས་ངང་གཡོལ་ཐུབ། རླབས་ཐུང་དང་ཕྲ་རླབས་ཀྱི་རླབས་ཐག་ཐུང་དྲགས་པས་གེགས་དངོས་གཡོལ་བའི་ནུས་པ་ཧ་ཅང་ཞན་པ་རེད། སའི་གོ་ལ་ནི་འདྲེན་གཟུགས་ལེགས་པོ་ཞིག་ཡིན། སའི་གོ་ལའི་ཕྱི་ངོས་སུ་ས་རླབས་ཁྱབ་སྤེལ་བྱེད་པའི་རྐྱེན་གྱིས་ལྟོས་འབྱུང་གློག་རྒྱུན་འབྱུང་སྲིད། དེའི་ཕྱིར་ས་རླབས་ཁྱབ་སྤེལ་བྱེད་པའི་གོ་རིམ་ཁྲོད་དུ་ནུས་ཚད་ཟད་གྲོན་བྱེད་པ་རེད། ཟློས་ཕྱོད་ཇི་ལྟར་མཐོ་ན། ནུས་ཚད་ཟད་གྲོན་བྱས་པ་དེ་ལྟར་མང་། དེ་བས་སྐོར་འཕྲོའམ་ཡང་ན་ནུས་ཚད་ཟད་གྲོན་གང་གི་ཐད་ནས་བལྟས་ནའང་། རླབས་རིང་དང་། རླབས་འབྲིང་། རླབས་ཐུང་འབྲིང་བཅས་སའི་གོ་ལའི་ཕྱི་ངོས་དེད་ནས་རྒྱང་ཐག་ཅུང་རིང་བའི་སར་ཁྱབ་སྤེལ་བྱེད་ཐུབ་མོད། རླབས་ཐུང་དང་ཕྲ་རླབས་ཁྱབ་སྤེལ་བྱེད་མི་ཐུབ།

2 གནམ་རླབས།

天.png

གློག་གྱེས་བང་རིམ་གྱི་ལྡོག་འཕྲོ་ལ་བརྟེན་ནས་ཁྱབ་སྤེལ་བྱེད་པའི་སྐུད་མེད་གློག་རླབས་ལ་གནམ་རླབས་ཟེར། རླུང་ཁམས་ཆེན་པོའི་བང་རིམ་མཐུག་པོས་སའིགོ་ལ་བསྐོར་ཡོད། ས་ངོས་ནས་མཁའ་དབྱིངས་ཀྱི་སྟོང་སྨི50ནས་སྟོང་སྨི་བརྒྱ་ཕྲག་འགའི་བར་གྱི་རླུང་ཁམས་ཆེན་པོའི་ནང་གི་རླུང་གཟུགས་ཆ་རྡུལ་ཁ་ཤས་ལ་ཉི་འོད་ཕོག་པས་གློག་རྡུལ་ཤོར་ནས་གློག་གྱེས་བྱུང་བ་སྟེ། ཕོ་གློག་ལྡན་པའི་གྱེས་རྡུལ་དང་རང་དབང་གློག་རྡུལ་བྱུང་བ་རེད། རླུང་ཁམས་ཆེན་པོའི་བང་རིམ་འདི་ལ་གློག་གྱེས་བང་རིམ་ཟེར།

3 དྲང་ཐིག་ཁྱབ་སྤེལ།

ཕྲ་རླབས་ས་རླབས་ཀྱི་རྣམ་པ་ལྟར་ཁྱབ་སྤེལ་བྱེད་མི་ཐུབ་ལ། གློག་གྱེས་བང་རིམ་གྱི་ལྡོག་འཕྲོར་བརྟེན་ནས་གནམ་རླབས་ཀྱི་རྣམ་པ་ལྟར་ཁྱབ་སྤེལ་ཡང་བྱེད་མི་ཐུབ། དེ་དག་མཐོང་ཐུབ་འོད་དང་འདྲ་བར་དྲང་ཐིག་ལྟར་ཁྱབ་སྤེལ་བྱེད་པ་ཡིན། དྲང་ཐིག་ལྟར་ཁྱབ་སྤེལ་བྱེད་པའི་སྐུད་མེད་གློག་རླབས་འདི་རིགས་ལ་བར་སྟོང་རླབས་སམ་ཡང་ན་མཐོང་རླབས་ཟེར། སའི་གོ་ལའི་ཕྱི་ངོས་ནི་ཟླུམ་དབྱིབས་ཤིག་ཡིན་པ་དང་། ཕྲ་རླབས་དྲང་ཐིག་ལྟར་ཁྱབ་སྤེལ་བྱེད་པ་རེད། ཁྱབ་སྤེལ་བྱེད་པའི་བར་ཐག་ཇེ་རིང་དུ་གཏོང་ཆེད། འཕྲོ་གཏོང་གནམ་སྐུད་དང་སྡུད་ལེན་གནམ་སྐུད་ཚང་མ་ཧ་ཅང་མཐོན་པོར་བཙུགས་ཡོད། ཡིན་ནའང་སྟོང་སྨི་བཅུ་ཕྲག་འགར་མ་གཏོགས་བསླེབ་མི་ཐུབ། རྒྱང་རིང་དུ་བརྡ་འཕྲིན་སྐྱེལ་སྐབས་བར་སྦྲེལ་ས་ཚིགས་འཛུགས་དགོས། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-07

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།