ཁབ་ལེན་སྤྱིན་ཐག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁབ་ལེན་སྤྱིན་ཐག
སྒྲ་གཏོང་གིས་སྐད་སྒྲ་སྒྲ་ཟློས་གློག་རྒྱུན་དུ་བསྒྱུར་ནས་ཇེ་ཆེར་བཏང་རྗེས་སྒྲ་ཕབ་ལེན་མགོར་སྐྱེལ་བ་རེད། སྒྲ་ཕབ་ཁབ་ལེན་མགོ་ནི་དོན་དངོས་སུ་རྨིག་དབྱིབས་ཅན་གྱི་གློག་གི་ལྕགས་ཁབ་ལེན་ཡིན། སྣེ་གཉིས་བར་ཐག་ཧ་ཅང་ཉེ་ཞིང་། དཀྱུལ་དུ་སྲུབས་ཀ་ཞིག་མ་གཏོགས་མེད། ཁབ་ལེན་མགོ་ཧྲིལ་བོ་ལྕགས་རིགས་ཀྱི་ཕྱི་སྐོགས་ནང་དུ་བཏུམས་ཡོད།
1 སྒྲ་ཕབ།

1.png2.png


སྒྲ་གཏོང་གིས་སྐད་སྒྲ་སྒྲ་ཟློས་གློག་རྒྱུན་དུ་བསྒྱུར་ནས་ཇེ་ཆེར་བཏང་རྗེས་སྒྲ་ཕབ་ལེན་མགོར་སྐྱེལ་བ་རེད། སྒྲ་ཕབ་ཁབ་ལེན་མགོ་ནི་དོན་དངོས་སུ་རྨིག་དབྱིབས་ཅན་གྱི་གློག་གི་ལྕགས་ཁབ་ལེན་ཡིན། སྣེ་གཉིས་བར་ཐག་ཧ་ཅང་ཉེ་ཞིང་། དཀྱུལ་དུ་སྲུབས་ཀ་ཞིག་མ་གཏོགས་མེད། ཁབ་ལེན་མགོ་ཧྲིལ་བོ་ལྕགས་རིགས་ཀྱི་ཕྱི་སྐོགས་ནང་དུ་བཏུམས་ཡོད། སྒྲ་ཕབ་ཁབ་ལེན་སྤྱིན་ཐག་གི་ཐིག་གཞིའི་སྟེང་དུ་ཁབ་ལེན་ཕྱེ་མ་བྱུགས་ཡོད། དོན་དངོས་སུ་དེ་ནི་ལྕགས་ཁབ་ལེན་རང་བཞིན་གྱི་རིལ་བུ་མང་པོ་ཡིན། ཁབ་ལེན་སྤྱིན་ཐག་སྒྲ་ཕབ་ཁབ་ལེན་མགོར་གླན་ནས་བརྒྱུད་སྐབས། སྒྲ་ཟློས་གློག་རྒྱུན་གྱིས་སྒྲ་ཕབ་མགོའི་སྲུབས་ཀའི་ཁབ་ལེན་ར་བའི་དྲག་ཞན་དང་ཁ་ཕྱོགས་རྒྱུན་ཆད་མེད་པར་བསྒྱུར་བས། ཁབ་ལེན་སྤྱིན་ཐག་སྟེང་གི་ཁབ་ལེན་ཕྱེ་མའང་ཁབ་ལེན་སྣེའི་ཁ་ཕྱོགས་དང་ཁབ་ལེན་རང་བཞིན་གྱི་དྲག་ཞན་མི་འདྲ་བའི“ལྕགས་ཁབ་ལེན་ཆུང་བ”རེར་གྱུར། སྐད་སྒྲའི་བརྡ་རྟགས་ནི་འདི་ལྟར་ཁབ་ལེན་སྤྱིན་ཐག་སྟེང་དུ་ཕབ་པ་རེད།

2 གློག་སྒྲོན།

3.png


ཁྱིམ་ཚང་དུ་ཉི་འོད་གློག་སྒྲོན་སྤྱོད་བཞིན་ཡོད། གློག་སྒོ་ཟུམ་ནས་དུས་ཚོད་སྐར་ཆ་འགའ་འགོར་རྗེས་ད་གཟོད་སྒྲོན་སྦུག་ལས་འོད་འགྱེད། ཉི་འོད་གློག་སྒྲོན་བཀར་བ་ལ་དཀྲིས་སྐུད་ཀྱི་རང་ཚོར་སྣང་ཚུལ་སྤྱད་པ་རེད། ཉི་འོད་གློག་སྒྲོན་གཙོ་བོར་སྒྲོན་སྦུག་དང་། རྒྱུན་གཅུན་ཆས། འགུལ་ཚུགས་ཆས་བཅས་ལས་གྲུབ་པ་ཡིན། སྒྲོན་སྦུག་གི་སྣེ་གཉིས་སོ་སོར་སྒྲོན་སྐུད་རེ་ཡོད། སྦུ་གུའི་ནང་དུ་ཨར་སྲབ་མོ་དང་དངུལ་ཆུའི་རླངས་པ་ཉུང་ཙམ་བླུགས་ཡོད་པ་དང་། སྦུག་ལྡེབས་སུ་ཆེམ་འོད་ཕྱེ་བྱུགས་ཡོད། སྒྲོན་སྦུག་གི་བྱ་བའི་རིགས་པ་འོད་དཀར་གློག་སྒྲོན་དང་མི་འདྲ། གློག་འདྲེན་སྐབས་སྒྲོན་སྐུད་གཉིས་བར་གྱི་རླུང་གཟུགས་ལས་གཙོ་བོར་སྨུག་ཕྱིའི་ཐིག་འཕྲོ་བ་དང་། ཆེམ་འོད་ཕྱེ་ལ་སྨུག་ཕྱིའི་ཐིག་གི་འཕྲོ་འགྱེད་ཕོག་ན་ད་གཟོད་འོད་འཕྲོ་བ་མཐོང་ཐུབ། ཆེམ་འོད་ཕྱེ་ཡི་རིགས་མི་འདྲ་ན། འཕྲོས་པའི་འོད་མདོག་ཀྱང་མི་འདྲ།


བརྡ་འགྲེལ་གདོང་འཛར།

ཚན་རིག དངོས་ལུགས། ཁབ་ལེན་སྤྱིན་ཐག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-02

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།