གློག་རའི་དྲག་ཚད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གློག་རའི་དྲག་ཚད།
གློག་ར་ནང་གི་ཚེག་ག་གེ་མོའི་གློག་ཁུར་ལ་ཐེབས་པའི་གློག་རའི་ཤུགསFདང་དེའི་གློག་ཁུར་ཚདQཡི་སྡུར་ཐང་ལ་ཚེག་དེའི་གློག་རའི་དྲག་ཚད་ཟེར། རྟགསEཡི་མཚོན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
电场强度
དབྱིན་ཡིག་གི་མིང་།
The electric field intensity
1 མཚན་ཉིད།

དངོས་ལུགས་རིག་པའི་ནང་དུ་གློག་ར་ནང་གི་ཚེག་ག་གེ་མོའི་གློག་ཁུར་ལ་ཐེབས་པའི་གློག་རའི་ཤུགསFདང་དེའི་གློག་ཁུར་ཚདQཡི་སྡུར་ཐང་ལ་ཚེག་དེའི་གློག་རའི་དྲག་ཚད་ཟེར། བསྡུས་མིང་ལ་ར་བའི་དྲག་ཚད་ཟེར།

2 གློག་ར།

电场.png

གློག་ཁུར་གྱི་མཐའ་འཁོར་དུ་གློག་ར་ཟེར་བའི་དངོས་པོ་ཞིག་གནས་ཡོད། གློག་ཁུར་གློག་ར་བརྒྱུད་ནས་གློག་ཁུར་གཞན་དང་བྱེད་ནུས་བྱུང་བ་རེད།  

ལྡེམ་ཤུགས་དང་གཙུབ་བརྡར་ཤུགས་ཚང་མ་དངོས་གཟུགས་ཤིག་དངོས་གཟུགས་གཞན་ཞིག་དང་འཕྲད་པའི་གནས་ཚུལ་འོག་བྱུང་བ་ཡིན་མོན། འོན་ཀྱང་ཁོའུ་ལོམ་ཤུགས་དེ་འདྲ་ཞིག་མིན། དེར་གློག་ལྡན་དངོས་གཟུགས་ཕན་ཚུན་འཕྲད་དགོས་པའི་ངེས་པ་མེད།

3 དྲག་ཚད།

强度.png

གློག་རའི་ངོ་བོ་གལ་ཆེན་ཞིག་ནི་དེའི་ནང་གི་གློག་ཁུར་ལ་ཤུགས་ཀྱི་བྱེད་ནུས་འདོན་པ་རེད། ཤུགས་འདི་ལ་རྒྱུན་པར་གློག་རའི་ཤུགས་ཟེར། དངོས་ལུགས་རིག་པའི་ནང་དུ་གློག་ར་ནང་གི་ཚེག་ག་གེ་མོའི་གློག་ཁུར་ལ་ཐེབས་པའི་གློག་རའི་ཤུགསFདང་དེའི་གློག་ཁུར་ཚདQཡི་སྡུར་ཐང་ལ་ཚེག་དེའི་གློག་རའི་དྲག་ཚད་ཟེར་ཞིང་། བསྡུས་མིང་ལ་ར་བའི་དྲག་ཚད་ཟེར། རྟགསEཡི་མཚོན་པ་ཡིན། 

vvvvvvvv.png                                             

4 གློག་རའི་ཐིག

电场线.png

གློག་རའི་ཐིག་ནི་འདི་འདྲའི་འཁྱོག་ཐིག་འགའ་ཡིན་ཏེ། དེའི་ཐོག་གི་ཚེག་རེ་རེའི་ཕྲད་ཐིག་གི་ཁ་ཕྱོགས་ཚང་མ་ཚེག་འདིའི་གློག་རའི་དྲག་ཚད་ཀྱི་ཁ་ཕྱོགས་དང་གཅིག་མཐུན་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-07

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།